Video Overview
A doctor discusses the factory room in which herbs and other medicinal materials are ground into powder.
- ཀ་
- ཀདེ་རིང་ང་ཚོའི་འདིར་ཀཎྜ་ཀ་རི་བལྟ་གི་ཡོག་རེད། ཀཎྜ་ཀ་རི།
- ཀཐོག་མར་ཤིང་ཚུར་བསྡུས་ཚར་སོང་ན་པགས་པ་བཤུས། པགས་པ་བཤུས་ཚར་སོང་ན། ཨེའི་་། འཕྲུལ་འཁོར་ནང་བཏགས།ཞིབ་ཞིབ་བཟོས།
- ཀཞིབ་ཞིབ་བཟོས་ཚར་སོང་ན་དེའི་ནང་ལོགས་གི་དེ། ཤིང་གི་ནང་ལོགས་ཀྱི་སོབ་སོབ་དེ་གས་ཕར་བད་བད་༼བྲུད་པ་༽བཏང་བྱས་དེ་ལྷགས་འཕྱར་བཏང་།
- ཀསྨན་ལ་བརྒྱབ་ཡས་གཙོ་བོ་དེ། འདི་རེད། ཤིང་འདི། ཕྱིའི་པགས་པ་བཤུས། ནང་གི་ནང་རྩི་བཏོན།
- ཀཨེ་ནི་གཞི་ནས་སྨན་ལ་བརྒྱབ་ཆོག་གི་ཡོག་རེད།
- ཀདེ་རིང་འདིའི་གད་བརྒྱབ་ཡས་དེ། དེ་ཕྱེ་མ་འཐག་ཚར་སོང་ན་ཡང་འདིའི་བཤུལ་རྗེས་༼གཞུག་མ༽འདི་ཚགས་བརྒྱབ་དགོས་རེད།
- ཀདེ་བྱེད་ཀྱི་ཡོག་རེད།
- ཀནམ་རྒྱུན་སྨན་གད་བརྒྱབ་དུས་སྨན་ཁ་ཅིག་ནང་ལ་ཐལ་ལ་༼ཐལ་རྡུལ༽མང་པོ་ཡོད་ན། ཨེ་ནི་འདི་རླུང་འཁོར་བཏང་བྱས་རླུང་བརྒྱབ་བྱས་ཐལ་ལ་༼ཐལ་རྡུལ༽དེ་གས་ཕར་མེད་པ་བཟོ་གི་ཡོག་རེད།
- ཀཨོའོ། སྨན་ཁ་ཅིག་ནང་ལོགས་ལ་དངོས་པོ་གཞན་དག་འདྲེས་ཡོད་ན་ཨེ་ནི་འདི་ཁྲི་འདིའི་སྒང་དེ་ཡཱ་ལ་སྨན་མར་བཀྲམ།
- ཀབཀྲམ་ཚར་སོང་ན་ཨེ་ནི། དེའི་དཀྱིལ་ནས་ཡང་ན་སྨན་ཕན་ཐོགས་པ་དེ་ཚུར་སྒྲུག། ཡང་ན་ཕན་མ་ཐོགས་དེ་ཚོ་ཚུར་སྒྲུག། ད་དེ་མང་ལོས་༼མང་ཉུང་༽བལྟ་རྒྱུ་རེད་པཱ།
- ཀཕན་མ་ཐོགས་པ་མང་ང་༼མང་བ༽ཡོད་ན་ཕན་ཐོགས་པ་ཚུར་སྒྲུག། ཕན་ཐོགས་པ་མང་ང་༼མང་བ༽ཡོད་ན་ཕན་མ་ཐོགས་པ་ཚུར་སྒྲུག་བྱས།ཨེ་ནི་གཙང་མ་བཟོས།
- ཀབཟོས་བྱས་བྱས་གད་ཕྱིད་བརྒྱབ་ཀྱི་ཡོག་རེད།
- ཀདེའི་ནང་ལོགས་དཱ། ཕེ་ནས་༼ཕ་གི་༽མཛོད་ཁང་ནས་མར་སླེབས་སོང་ན་དཱ། གཙོ་བོ་གད་ཕྱིད། སྨན་གྱི་དབྱེ་བ་ཕྱེ་ས་རེད། གད་ཕྱིད་བརྒྱབ།
- ཀདེ་ནས་ཨེ་ནི།གད་བརྒྱབ་ཚར་སོང་ན། ཨེ་ནི་གད་སྙིགས་རྒྱ་མ་ག་ཚོད་ཕྱིན་འདུག འདི་ཡ་༼འདི་ལ་༽་སྨན་ངོ་མ་རྒྱ་མ་ག་ཚོད་འདུག
- ཀཨེ་ནི་རྒྱ་མ་བཀྱག ཨེ་ནི་རྩིས་རྒྱག་ཡས་གནས་ཚུལ་ཨོ་འདི་ནས་གཅིག་ཡོང་གི་ཡོག་རེད།
- ཀསྨན་ཁ་ཤས་ལ་བརྒྱ་ཆ་བཞི་བཅུ་ཙམ་གད་སྙིགས་དོན་གྱི་ཡོག་པ་རེད།
- ཀསྨན་ཁ་ཤས་ལ་གད་སྙིགས་བརྒྱ་ཆ་ལྔ་བཅུ་ཙམ་དོན་གྱི་རེད།
- ཀགཙང་མ་ཡག་པོ་ཆགས་པའི་སྐབས་ལ་ཡཱ། སྤྱིར་བཏང་ཨོ་དེ་འདྲས་གཅིག་རེད།