Video Overview
A doctor discusses the factory room in which pills are shaped and sorted.
- ཀཨིན། འདིའི་གཙོ་བོ་དེ་བོད་སྨན་གྱི་ཕྱི་མ་རྒྱུད་ཀྱི་ཐང་ཕྱེ་རིལ་བུ་ལྡེ་གུ་ཡན་ལག་ལྔའི་ནང་ནས་རིལ་བུ་བཟོ་ས་རེད།
- ཀརིལ་བུ་བཟོ་ཡས་དེ་གཙོ་བོ་ག་རེ་རེད་ཟེར་ན། མང་ཆེ་སྔོན་མ་རྒྱུད་ཀྱི་ནང་བསྟན་པའི་རིལ་བུ་དང་། དེ་ག་ནང་བཞིན་རྒྱུད་ནང་བསྟན་པའི་ཕྱེ་མ་ཁ་ཅིག་ད་བཞག་༼ད་ལྟ་༽རིལ་བུ་བཟོ་གྱི་ཡོག་རེད།
- ཀརིལ་བུ་བཟོ་ཡས་རྒྱུ་མཚན་ག་རེ་རེད་ཟེར་ན། གཙོ་བོ་དེ་ག་རེ་ཟེར་ན་བོད་སྨན་དེ་ཉར་ཚགས་བྱེད་དུས་ཉར་ཚགས་བྱེད་བདེ་པོ་རེད་པཱ།
- ཀཨེ་ནི་ཕར་ཚུར་དབོར་འདྲེན། གྲོང་གསེབ་དང་ཞིང་ཁུལ་དབོར་འདྲེན་བྱེད་དུས་དབོར་འདྲེན་བྱེད་བདེ་པོ། ཉར་ཚགས་བྱེད་བདེ་པོ། དེ་ག་ནང་བཞིན་བེད་སྤྱོད་བཏང་དུས་བེད་སྤྱོད་བཏང་བདེ་པོ། ལས་ཀ་དང་ཞིང་ལས་བྱེད་དུས་འཁྱེར་བདེ་པོ།
- ཀདེ་འདྲས་བྱས་བྱས་རིལ་བུ་གཙོ་བོ་བཟོ་གི་ཡོག་རེད།
- ཀགཙོ་བོ་དཱ་ཨིན། སྔོན་མ་ཆ་བཞག་ན་རིལ་བུ་ལག་པས་བཟོ་བཞག་གི་ཡོག་རེད།
- ཀདཱ་ད་བཞག་༼ད་ལྟ་༽ག་ལེ་ག་ལེར་འཕེལ་རྒྱས་བཏང་བྱས་རིལ་བུ་ཁོག་མའི་ནང་ལ་ཡའི་ཁོག་མའི་ནང་ལ་འདི་འདྲས་ཟེ།
- ཀཆུང་ཆུང་ནས་ག་ལེ་ག་ལེར་ཆེན་པོ་བཟོས། ཨེ་ནི་ཆེན་པོ་བཟོས་ནས་དེ་ནས་ཆེ་ཆུང་འདི་ནས་བསྒྲིག ཆེ་ཆུང་རིམ་པ་བྱས་བྱས་ཚགས་བརྒྱབ་བྱས་ཚད་དང་ལོན་པ་དེ་གས་༼ཚོ་༽གཞི་ནས་སྐམ་གསེད་བྱས།
- ཀཚད་དང་མ་ལོན་པ་དེ་གས་༼ཚོ་༽ཡང་བསྐྱར་གྱིས་བཟོ་སྐྱོར་བརྒྱབ། བཟོ་སྐྱོར་བརྒྱབ།
- ཀརིལ་བུ་བཟོ་ཡས་དེ་སྨན། བོད་སྨན་བཟོ་ཡས་ཀྱི་བརྒྱུད་རིམ་ནང་ཆ་བཞག་ན་། རིལ་བུ་བཟོ་ཡས་དེ་ད་འགག་གནད་ཆེ་ཤོས་གཅིག་རེད།
- ཀལག་རྩལ་ནང་ནས་ཆ་བཞག་ན། འགག་གནད་ཆེ་ཤོས་གཅིག་རེད།
- ཀདཱ་གཙོ་བོ་སྨན་གྱི། སྨན་གྱི་རྒྱུ་ཆ་དང་། དེ་ག་ནང་བཞིན་སྨན་གྱི་རྒྱུ་ཆ་འདེམས་སྒྲུག་བྱེད་ཡས་དང་ལས་སྣོན་བྱེད་ཡས་དང་།
- ཀདུག་སེལ་བྱེད་ཡས་དེ་གས་ཕར་ཕུད་པའི་སྨན་གྱི་བཟོ་ལྟ་དེ་བཟོ་ཡས་ནང་ལ་ཆ་བཞག་ན་རིལ་བ་བཟོ་ཡས་དེ་འགག་གནད་ཆེ་ཤོས་དེ་འདྲས་གཅིག་གནས་བསྡད་ཡོག་རེད།
- ཀརིལ་བུ་ཏོག་ཙམ་གཅིག་དེའི་ནང་ལ་བླུག་གནང་བྱས་བཏང་གནང་དང་འདིའི། ཐོང་ཐོང་༼རྒྱ་སྐད༽ཁ་ཤས་གཅིག་བསྒྲིགས་གནང་བྱས། འདི་ཕར་སྡུད།
- ཀའདི་གཞན་དག་གཅིག་ལ་ཕར་བསྐྱལ་བཞག་ཞོགས།
- ཀཐོང་ཐོང་༼རྒྱ་སྐད༽ཁ་ཤས་སྔོན་ནས་འདིའི་འོག་དེར་གཟེད་དཱ། གཟེད་བྱས་ཡེ་ནས་༼ཡ་གུ་ནས༽མར་རིལ་བུ་གཅིག་བཏང་དང་།
- ཀའོང་། ཐོང་ཐོང་༼རྒྱ་སྐད་དེ་དོན་ནི་ཟོམ་ཡིན།༽དེ་སྟེང་དུ་སྦྱོར།
- ཀའོང་། འདིའི་འདིའི།
- ཀལོག་བཀར་རེད་པས།
- ཀལོག་བཀར་རེད།