Skip to main content Skip to search
15 Dec 2011
3 min 14 sec
Rating
0
No votes yet
Video Overview
Creators: 
Unknown

A doctor discusses the factory room in which pills are initially dried.

Show More

  • འདིའི་རིལ་བུ་སྐམ་གསེད་བྱེད་ས་རེད།
  • ཨིན་ཨིན། རིལ་བུ་སྐམ་གསེད་ལ་ཆ་བཞག་ན་སྔུན་མ་༼སྔོན་མ་༽བོད་ཀྱི་གསོ་བ་རིག་པ་སྲོལ་རྒྱུན་གྱི་ཆ་བཞག་ན་སྨན་རིལ་བུ་བཟོས་ཚར་པ་དེ་ག་གྲིབ་སྐམ་བཏང་གི་ཡོག་རེད།
  • བསིལ་གྲིབ་འོག་ལ་ཉི་མ་མ་ཡིན་པ་བསིལ་གྲིབ་འོག་ལ་སྐམ་བྱས་བཞག་བཞག་གི་ཡོག་རེད།
  • བསིལ་གྲིབ་འོག་ལ་སྐམ་ཡས་དེའི་རྒྱུ་མཚན་ག་རེ་ཡོག་རེད་ཟེར་ན།
  • སྨན་གྱི་དཱ་བོད་སྨན་ནང་ལོགས་ལ་ཁ་ཅིག་ཆ་བཞག་ན་བོད་རང་གི་རི་ཁུལ་ནས་ཐོན་པའི་སྔོ་སྨན་ཡོག་རེད་པཱ།
  • སྔོ་སྨན་ཡོག་རེད། དེ་ག་ནང་བཞིན་འབྲས་བུའི་སྨན་ཡོག་རེད།
  • དེ་ག་ནང་བཞིན་གྱི་རྡོ་སྨན། དེ་ག་ནང་བཞིན་སྐྱེ་དངོས་ཀྱི་འབྲས་བུ་དང་ལོ་མ་མེ་ཏོག་དང་དེ་གས་ཡོག་རེད་པཱ།
  • དེ་གས་ཆ་བཞག་ན་སྐྱེ་དངོས་ཁ་ཅིག་ལ་སོ་སོ་རང་བཞིན་གྱི་གསོན་ཤུགས་ཆེན་པོ་ཞེ་དྲག་ཡོག་རེད།
  • ཚ་བ་ཆེན་པོ་ཡིན་ནའི༼ཡོད་ནའང་༽་ཁོའི་ངོ་བོ་འགྱུར་གྱི་མ་རེད།
  • སྔོ་སྨན་ཁ་ཤས་ལ་ཆ་བཞག་ན་ཁོ་ཆུང་ཆུང་འདི་ག་ཙམ་ལས་མེད་དུས་ཁོ་དྲོད་ཚད་ངེས་ཅན་གཅིག་ལ་སླེབས་དུས་ཁོའོ་ནང་ལོགས་ཀྱི་ངོ་བོ་དེ་གས་འགྱུར་འགྲོ་གྱི་ཡོག་རེད།
  • ནུས་པ་དེ་འགྱུར་བྱས་དཔེར་ཆ་བཞག་ན།དང་པོ་ཁ་ཏིག་ཡིན་པ་ཡིན་ན། དྲོད་ཚད་ངེས་ཅན་གཅིག་ཁ་ལ་བཞག་བྱས་ཁ་ལ་མྱངས་དུས་བྲོ་བ་དེ་འགྱུར་འགྲོ་གྱི་ཡོག་རེད།
  • དེ་ག་ནང་བཞིན་དྲོད་ཚད་ཆེན་པོའི་འོག་ལ་བཞག་བཞག་པ་ཡིན་ན། ཉི་མ་ཉི་མ། ཉི་མ་ནས་ཐད་ཀར་འདུག་ཟེ་བཀྲམ་བཞག་ན་སྨན་གྱི་ནུས་པ་དེ་འགྱུར་འགྲོ་གྱི་ཡོག་རེད།
  • དེ་ག་ནང་བཞིན་རིལ་བུ་བཟོས་ཚར་ནས་གྲིབ་སྐམ་བཏང་གི་ཡོག་རེད།
  • དཱ་དེང་སང་ཆ་བཞག་ན་གྲིབ་སྐམ་བཏང་པ་ཡིན་ན་གཅིག་ནས་སྨན་གྱི་གཙང་སྦྲའི་ཆ་རྐྱེན་ལོན་གྱི་ཡོག་མ་རེད། 
  • དེ་བྱེད་དུས་ང་ཚོས་དཱ། འཕྲུལ་འཁོར། འཕྲུལ་འཁོར་དང་གློག་བེད་སྤྱོད་བྱས་བྱས་འདུག་ཟེ་སྐམ་གསེད་བྱེད་ཀྱི་ཡོག་རེད།
  • འདིའི་བརྒྱུད་རིམ་དེའི་ནང་ལ་ཆ་བཞག་ན་ཨང་དང་པོ་དེ་གཙང་སྦྲའི་གནས་ཚུལ། གཙང་སྦྲའི་ཆ་རྐྱེན་ལོན་པ་གཅིག་དང་། གཙོ་ཆེ་ཤོས་ང་ཚོས་ག་རེ་བསམ་བློ་བཏང་གི་ཡོག་རེད་ཟེར་ན།
  • ཚ་བ་དེ་འདྲས་གཅིག་ལ་འཕྲུལ་འཁོར་དེ་འདྲས་གཅིག་བེད་སྤྱོད། དེང་སྐབས། 
  • དེང་སྐབས་ཀྱི་ཚན་རིག་གི་འཕྲུལ་འཁོར་དེ་བེད་སྤྱོད་བྱས་བྱས་བོད་སྨན་གྱི་ངོ་བོ་དེ་འགྱུར་བ་མི་འགྲོ་བ།
  • དེ་ང་ཚོས་བསམ་བློ་བཏང་ཡས་ཀྱི་ཆ་རྐྱེན་ཨང་དང་པོ་བཞག་བྱས་འཕྲུལ་འཁོར་དེ་གས་བེད་སྤྱོད་བཏང་།
  • དང་པོ་ཨང་གྲངས་མཐོ་ལོས་ག་ཚོད་བཏང་དགོས་རས་།༼རེད་དམ་༽དེའི་གཞུག་གུའི་ག་ཚོད་བཏང་དགོས་རས།༼རེད་དམ་༽
  • དེའི་ནང་ལོགས་ནས། རིལ་བུའི་དེའི་ནང་ལ་ཆ་བཞག་ན་བཞའ་ཚན་བརྒྱ་ཆ་སུམ་ཅུ་ནས་བརྒྱ་ཆ་བཞི་བཅུ་བར་ལ་ཡོག་རེད།
  • བཞའ་ཚན་ཆེ་ཆུང་། བཞའ་ཚན་དེ་ག་ཚོད་བར་དུ་སྐམ་དགོས་རས་༼རེད་དམ་༽ཟེར་ན་བརྒྱ་ཆ་དགུའི་ནང་ལ་ཚོད་དཔག་བྱེད་དགོས་ཀྱི་ཡོག་རེད། དཱ།
  • བརྒྱ་ཆ་དགུའི་ནང་ལོགས་ལ་ཡཱ། བརྒྱ་ཆ་སུམ་ཅུ་ནས་བཞི་བཅུ་ནས་མར་བཅག་བྱས་བརྒྱ་ཆ་དགུའི་ནང་ལ་ལོན་དགོས་རེད།  
  • དེ་ལོན་པ་ཡིན་ན་སྐམ་ཡས་ཀྱི་ཚད་གཞི་དེ་ལོན་པ་རེད།
  • ཨེ་ནི།འཕྲུལ་འཁོར་འདིའི་ནང་ལ་བླུགས་ཀྱི་ཡོག་རེད།