Skip to main content Skip to search
24 Oct 2017
4 min 3 sec
Video Overview
Creators: 
Rinchen Dorji

57-year-old Tenzin, from Dogar Gewog, Paro Dzongkhag, demonstrates how to prepare tea on a traditional stove.  He cooks his meals on this stove, made out of rammed mud. The fire needs to be blown inside this stove to cook. Only a few villagers use this traditional stove now, as it has mainly been replaced by modern cooking materials such as rice cookers, curry cookers, water boilers and gas stoves. He says that modern stoves are more hygienic and easier to use than the traditional one. Since the traditional stove consumes firewood, it requires extra work for them to collect firewood and resin.

སྤ་རོ་རྫོང་ཁག་ རྡོ་སྒར་རྒེད་འོག་ནང་ དུས་རྒྱུན་དུ་ ས་གི་བརྡུང་བའི་ རང་ལུགས་ཀྱི་ཐབ་གུ་ བཞེས་སྒོ་འབད་བཟའ་མི་ བསྟན་འཛིན་གྱིས་ རང་ལུགས་ཀྱི་ཐབ་གུ་ ཇ་ག་དེ་སྦེ་ བསྐོལ་དགོཔ་ཨིན་ན་སྐོར་ལས་ དཔེ་སྟོན་འབདཝ་ཨིན་པས། རང་ལུགས་ཀྱི་ཐབ་གུ་ བཞེས་སྒོ་མགྱོགས་པ་ཚུད་ནིའི་དོན་ལུ་ མེ་ལེགས་ཤོམ་སྦེ་ བཙུགས་དགོཔ་ཨིནམ་ད་ ད་རེས་ནངས་པ་ གཡུས་མི་དག་པ་རེ་གི་མ་གཏོགས་ ཐབ་འདི་ལག་ལན་འཐབ་མི་མེདཔ་ད་ འདི་ཡང་ གཙོ་བོ་ར་ དེང་སང་གློག་རིག་གི་ ཐབ་ཆས་ཚུ་ སྟབས་བདེ་ཏོག་ཏོ་སྦེ་ཐོན་མི་ལུ་བརྟེན་ཨིན་པས། བསྟན་འཛིན་གྱིས་འབད་བ་ཅིན་ དེང་སང་གི་ཐབ་ཆས་ཚུ་ གཙང་སྦྲ་ལྡནམ་མ་ཚད་ ལག་ལན་འཐབ་ནི་ཡང་ འཇམ་ཏོང་ཏོ་ཡོདཔ་མ་ཚད་ རང་ལུགས་ཀྱི་ཐབ་བཟུམ་སྦེ་ ཐབ་ཤིང་ལག་ལན་འཐབ་མིན་མ་དགོ་པར་ གཅིག་འཇམ་པས་ཟེར་མས།  

Transcript search
No results found for this search
0 of 0
  • ལྷམ་བསྟན་འཛིན་ Lham Tenzin
    ད་ ང་ཇ་ཅིག་བསྐོལ་བྱིན་གེ་ ཨ་་་་ འཁྱུ་མི་དགོ་པས་ ང་པཀ་ག་(སྤུས་ཙ་འབད་)འཁྱུ་བཞག་བ་ ཁ་ཙ་ལས། ཆུ་རྫོགས་ད་ ག་ཏེ་ལས་ལེན་སྨོ? གཟར་ཁ་ལས་བཟེད་དགོ་ལགས། ཀྲེང་ཀི་(ཆུ་མཛོད་)ནང་ལས།
  • ལྷམ་བསྟན་འཛིན་ Lham Tenzin
    ད་འ་ནཱི་ཇ་བསྐོལ་ཤེ
  • མཁའ་འགྲོ་ Khandu
    ཇ་བསྐོལ་ནི་ཨིན་ན? འདི།
  • ལྷམ་བསྟན་འཛིན་ Lham Tenzin
    ཨིན་ལགས།
  • ལྷམ་བསྟན་འཛིན་ Lham Tenzin
    དེ་ལས་ཏེ།
  • མཁའ་འགྲོ་ Khandu
    ཁྱོད་འདི་ཇ་བསྲུ་ཇ་འཐུང་དོ་མངར་ཇ་འཐུང་དོ་ཏེ་ ཨོ་ཇ་འཐུངམ་སྨོ?
  • ལྷམ་བསྟན་འཛིན་ Lham Tenzin
    མངར་ཇ་ར་འཐུང་དོ་ལགས། ཁྲལ་ཁྲལ་བསྲུ་ཇ་ཡང་འཐུང་ མངར་ཇ་རང་འཐུངམ་ཨིན་ལགས།
  • ལྷམ་བསྟན་འཛིན་ Lham Tenzin
    [སྒྲམ་སྒྲོམ་?]ནང་བླུག་དགོ་ལགས་[སྒྲམ་སྒྲོམ་?]ནང་མ་བླུགས་པ་ཅིན་ སྦོ་ཀྲོ་སྒོངམ་མས། ཏེ་འ་ནཱི་ཨེ་རེ་དྲེ་འབདན་ སྦོ་ཀྲོ་མི་སྒོང་མས།
  • ལྷམ་བསྟན་འཛིན་ Lham Tenzin
    འདི་བསྒང་ང་བཅས་དམག་མི་གི་ཡོད་བ་ འ་ནཱི་ཏེ་ ཆུ་ཚན་ནང་ག་འགྱོ་བ་ཅིན་ ག་རང་སྦོ་ཀྲོ་སྒོངམ་མས་བ། ཏེ་ཨེ་རེ་དྲེ་འདི་ ང་འ་ནཱི་མོག་ནང་བླུགས་སྦེ་ལགས། ཆུ་ཚན་འཁོལཝ་ད་ཇ་པ་ཏི་ཡང་༼ཇ་ཨམ༽ ཡང་མོག་ནང་བླུགས།
  • ལྷམ་བསྟན་འཛིན་ Lham Tenzin
    རྫམ་གནགཔོ་བཟོཝ་མས་ མེ་ཡར་གནམ་མེད་ས་མེད་དྲགས་རུང་ཡང་ ཆུ་ཧིང་སངས་ས་འབད་ རྫམ་འདི་ཆུ་འཁྱུ་དོ་ལགས། ས་ཕ་(ཕྱགས་བདར་)འདིན་རྐྱབ་མི་ཚུགས་པས་ཏེ།
  • ལྷམ་བསྟན་འཛིན་ Lham Tenzin
    ཆུ་ཚན་[སྒྲམ་སྒྲོམ་?]ནང་བླུག་དགོ་ ད་པ་ཏི་འདི་ཡང་ག་འགྱོ་གེ ཨམ་གར་དྲགས་འབད་གར་དགོ
  • མཁའ་འགྲོ་ Khandu
    ཨ་ཡི་སྒོ་སྒྲིག་འདི་མིང་ག་ཅི་སླབ་སྨོ་ མིང་ཡོད་ག?
  • ལྷམ་བསྟན་འཛིན་ Lham Tenzin
    འདི་ཐབ་ཚང་གི་རྒྱལ་དཀར་སླབ་མས། ཐབ་ཚང་གི་རྒྱལ་དཀར་ཟེར་སླབ་འོང་ ཕར་ལས་རོགས་དུ་པ་འཐོན་འགྱོ་ས་ཨིན་མས།
  • མཁའ་འགྲོ་ Khandu
    ཤ་བརྡལ་སུ་ཨིན་མས་སྨོ? ཤ་ཤ་སྐམ་སུ་ མེན་ན?
  • ལྷམ་བསྟན་འཛིན་ Lham Tenzin
    ག་ཏེ་ འ་ནཱ་ལས་ཕར་ཡ?
  • མཁའ་འགྲོ་ Khandu
    ཨོང་།
  • ལྷམ་བསྟན་འཛིན་ Lham Tenzin
    འུམ་ ཨ་ནཱི་དེ་བསྒང་ ཐངམ་ལྷིའུ་ནང་བརྡུང་དགོ་མེན་ན? འ་ནཱི་རེད་དང་འ་ནཱི་སྐམ་འོང་བ་ཏེ་ འ་ནཱ་སྦི་འཁྱབ་ནང་འདེགས་སྦེ།
  • ལྷམ་བསྟན་འཛིན་ Lham Tenzin
    རེད་བྲེ་གང་ སྦི་འཁྱབ་གཅིག་གི་ནང་ གཅིག་གི་ནང་[ཁྱམས་?] ༼fox tail) འ་ནཱ་ལས་ཕར་འདེགས་སྐམ་བཅུག་ ཏེ་དྲོ་པ་དྲོ་ལཱ་འདི་ ཏེ་མར་ལྷིའུ་ནང་བརྡུང་དགོ་དོ་རུང་།
  • ལྷམ་བསྟན་འཛིན་ Lham Tenzin
    ཏེ་ཐངམ་སྐམ་སུ་མས་ ཤ་ནཱ་ལས་ཕར་མི་སྐམ་ལགས། ཤ་སྐམ་ས་ ཕུང་ཟེར་ཡོད་ རོགས་འ་ནཱི་ནང་སྐམ་འོང་ སྤ་དེན་ དུ་པ་གིས་ ཏེ་ཤ་བཟའ་མི་བཏུབ་བ།
  • ལྷམ་བསྟན་འཛིན་ Lham Tenzin
    ད་རུང་ [དུ་པ་སྐེབ་ས་ཆགས་པའི་གི་འདི་མེན་མས་ཏེ་?] ང་བཅས་ཨའི་སྡོད་པའི་བསྒང་གི་ཨིན་མས།
  • ལྷམ་བསྟན་འཛིན་ Lham Tenzin
    ཚར་གཅིག་ཨ་ནཱི་ [འཆམ་?]བཟོ་ནུག་བ་ལགས། ནཱ་ཨེན་ཏ་འ་ནཱ་བཙུགས་འོང་བ་ཏེ་ཧེ་མ་ ཨེན་ཏ་འ་ནཱ་བཙུགས་ སྤར་འཆམ་རྐྱབ་མས། བཟོ་འདི་ཡང་ ཨ་ཡར་ད་རེས་ཨཔ་ཅིག་འདུག་གོ་ཤིག? ཨ་རྒས་བྱོ་ཅུང་ ཁོ་ཨིན་ལོ།
  • ལྷམ་བསྟན་འཛིན་ Lham Tenzin
    སྔོན་མ་ཡང་ཚར་གཅིག་ ཨ་ནཱི་བྱོ་ཅུང་དང་ཨམ་སྡོད་པའི་བསྒང་གི་ བདལ་བཀོ་ ཤུལ་ལས་ཡར་ ཨ་རྒས་བྱོ་ཅུང་ཡོད་པའི་བསྒང་ ཨེན་ཏ་འདི་ནང་ལས་མར་སྤར་འཆམ་དགོ་ལོ་ སྤར་འཆམ་ འ་ནཱི་འབད་བཟོ་ནུག་ལགས། ང་བཅས་མི་ཤེས་པས་འདི་བསྒང་ལུ་འདི།
  • ལྷམ་བསྟན་འཛིན་ Lham Tenzin
    མེ་ཡང་མ་བཙུགས་ལགས་ང་ དང་ཕུ་ལུགས་སྲོལ་འབད་རང་སྡོད་ཡོད། བཏུབ་པས་ ང་རང་རྐྱངམ་ཅིག་ [སྡོད་ནི་བཏུབ་པས?] །། །།