Skip to main content Skip to search
17 Aug 2018
7 min
Video Overview
Creators: 
Yeshi Wangchuk
Transcript search
No results found for this search
0 of 0
  • ཧར་ཀ་བཱ་དུར་ Harka Bdr
    གུན་ཆ་གི་ལཱ་འབདཝ་ད་ལུ་འདི་ ཧེ་མ་ར་ ཧིང་སངས་ས་བཟོ་དགོ དེ་ལས་གུ་རམ་བཟོ་ནིའི་དུས་ཚོད་རནམ་ད་ལུ་ ར་ཏོ་ཁ་ལས་བཏོག་སྟེ་ དེ་ལས་མགུ་ཏོ་ཡང་བཏོག་བཏང་དགོ
  • ཧར་ཀ་བཱ་དུར་ Harka Bdr
    དེ་ལས་ལེགས་ཤོམ་འབད་ པགས་ཀོ་ཀྲེག་བཏང་དགོ དེ་ལས་ཐུང་ཀུ་འབད་བཏོག་སྟེ་ ཙེའུ་ནང་བླུག་དགོ་ ཏེ་ཙེའུ་གཉིས་དང་བཞི་ག་ཡོདཔ།
  • ཧར་ཀ་བཱ་དུར་ Harka Bdr
    དེ་ལས་མི་གཅིག་ཀོ་ལ་གི་གདོང་ཁར་སྡོད་ དེ་ལས་མི་གཉིས་ཀྱིས་བསྒྱིར་དགོ དེ་ལས་གུན་ཆ་འདི་འཐུ་ཡི་རང་བླུག་དགོ ཏེ་དེ་ལས་མར་ལུ་ཀ་ལ་བཞག་སྟེ་ དེ་ལས་ འདི་གི་ཐོག་ཁ་ལུ་བཙག་ནི་གི་དོན་ལུ་ ཇ་བཙག་བཞག་དགོ
  • ཧར་ཀ་བཱ་དུར་ Harka Bdr
    དེ་ལས་ གུན་ཆ་ཆུ་འདི་བཙག་སྟེ་ཧིང་ཧི་སངས་ས་བཟོ་དགོ་ དེ་ལས་ཀ་ལ་གངམ་ད་བཏོན་ཏེ་ དེ་ལས་དེ་སྦེ་རང་འབད་དགོ ཏེ་བསྒྱིར་ནི་འདི་མི་གཉིས་དགོ་ ཏེ་བླུག་ནི་འདི་གཅིག་གིས་རང་བཏུབ་ དེ་ལས་གུན་ཆ་ཆུ་འདི་ཀེ་ཇི་བཞི་བཅུ་དེ་ཅིག་བཟོ་དགོ
  • ཧར་ཀ་བཱ་དུར་ Harka Bdr
    དེ་ལས་ཆུ་བཟོ་སྟེ་གིས་སྦེ་ མེ་སྦོམ་འབད་འཕུ་སྟེ་བཙོ་དགོ དེ་ལས་མང་ཧི་དང་ཁྲིལ་ཏེ་དུས་ཡུན་ཆུ་ཚོད་བདུན་དེ་ཅིག་འགོར་འོང་། དེ་ལས་ཚོ་ག་མ་ཚོ་བལྟ་དགོ
  • ཧར་ཀ་བཱ་དུར་ Harka Bdr
    དབོག་ནི་གི་དོན་ལུ་གཟར་རུ་གཅིག་ཡང་འབག་ཤོག་ དེ་ལས་ཚོཝ་ཅིག་ བཏོན་ཏེ་ཕོརཔ་ནང་བླུག་དགོ་ ཏེ་ཕོརཔ་འདི་མར་ཁུ་གི་འབད་ཕྱག་དགོ་ དེ་ལས་ཕོརཔ་ནང་བླུགས་ཅི་རང་བཞག་དགོ
  • ཧར་ཀ་བཱ་དུར་ Harka Bdr
    དེ་ལས་ཆུ་ཚོད་གསུམ་ཕོརཔ་ནང་བླུགས་བཞག་ཞིན་ན་ལས་ ཁོམ་འགྱོ་བའི་བསྒང་ལས་ ས་ཀྲག་ཀྲ་འབད་ ས་ཁར་བླུགས་རུང་ཡང་མི་ཆག། །།