Video Overview
རྩི་རང་འགྲམ་ཕུག་ལས་ ཉི་མ་ལྷ་མོ་གིས་མཛརཝ་རྔོཝ་ད་ལུ་ ཕབ་བཟུང་འབད་འབདཝ་ཨིན་མས། མཛརཝ་རྔོཝ་ད་ལུ་ ཧེ་མ་ར་ ཆུམ་ཆུ་འཁྱུ་སྦེ་ ཆུ་བཙག་གཏང་དགོཔ་ཨིན་པས། ཆུ་ལེགས་ཤོམ་འབད་བཙག་མ་བཏང་པ་ཅིན་ མཛརཝ་ལེགས་ཤོམ་མི་འོང་ ཟེར་ཨིན་པས། ཆུ་བཙག་བཏང་ཞིནམ་ལས་ ཐོག་ཁ་ལས་མར་ཁུ་ཨ་ཙི་ཅིག་བླུགས་སྦེ་ ལེགས་ཤོམ་འབད་སྦྱོར་ཞིན་ན་ དེ་ལས་ འཕྲངམ་འཕྲང་ས་རང་ སླ་ང་གུ་བླུགས་ཏེ་རྔོཝ་ཨིན་པས། དེ་སྦེ་ མཛརཝ་རྔོ་ཞིན་ན་ རང་གི་ཁྱིམ་ནང་ལུ་ ཇ་ཙམ་འབད་ལག་ལེན་འཐབ་ནི་དང་ ཚོང་སྒྱུར་འཐབ་སྟེ་མ་དངུལ་ཡང་བཟོ་ཚུགས་དོ་ཡོདཔ་ཨིན།
This video shows how Puffed Roasted Rice (Zaw), a traditional Bhutanese snack, is prepared. The rice is soaked overnight in hot or cold water. After draining the water, the soft, soggy rice is fried with a small quantity of oil or butter in a huge wok (lang-nga). The rice will be puffed and crispy. Puffed Roasted Rice is a very popular snack in Bhutan, and also an important source of income for some families.
- Tsirang
- ཉི་མ་ལྷ་མོ Nima Lhamoཏེ་ཆུ་མར་འཛག་འགྱོ་འོང་པ་ཏེ་ དེ་ལས་ ཡར་ལས་མར་ འ་ནཱེ་སྦེ་བླུགཔ་ད་ ཏེ་ཆུ་ཡོད་པ་ཅིན་ འཛརཝ་ལེགས་ཤོམ་མི་འགྱོ།So, the water will drain off, when filled from above like this. If the water remains, the puffed rice will not come out good.
- ཉི་མ་ལྷ་མོ Nima Lhamoཆུ་ཁོདམ་བླུག་མི་བཏུབ། ཆུ་ཚ་ཏོམ་གིས་སྦེ་བཤལ་དགོ། ཁོདམ་བླུག་པ་ཅིག་འཛརཝ་ལེགས་ཤོམ་མི་འགྱོ།We can not pour cold water. It has to be swilled out with hot water. If the cold water is used, the puffed rice will not come out good.
- ཉི་མ་ལྷ་མོ Nima Lhamoདེ་ལས་ སྒྱེས་དགོ་ལགཔ་འཁྱུ་སྦེ་ འ་ནཱེ་སྦེ་ གཙང་ཏོག་ཏོ་སྦེ།Then it (soaked rice) has to be mixed (with oil), with clean hands (after washing it), like this.
- ཉི་མ་ལྷ་མོ Nima Lhamoད་ལྟོ་ འ་ནཱེ་ཅིག་སྦེ་ སྒྱེས་བཞག་དགོ། དེ་ལས་ལྟ་མ་ འ་ནཱི་རྫོགས་སྦེ་ ད་རུང་ མར་འོག་ལས་ མར་ཁུ་རྫོགས་ས་ལྷོད་པ་ད་ ད་རུང་ མར་ཁུ་བླུག་ ད་རུང་ འ་ནཱེ་སྦེ་སྒྱེས་བཞག་དགོ།For now, this amount of mixture should be kept ready. Afterwards, once this is done, when the oil has run out, more oil has to be added, and mixed (with soaked rice) again, like this.
- ཉི་མ་ལྷ་མོ Nima Lhamoཏེ་མར་ཧ་ལམ་ཅིག་ལྷོདཔ་ད་འདི་ དེ་ལས་ ཁ་ལས་ཀྱི་མར་ཁུ་འདི་ རྫོགས་འོང་བ་ཏེ་ དེ་ལས་ སེ་ཀེན་ནང་གཉིས་པ་ལུ་ ག་ཅི་ལོ་ གཟའ་རུ་གིས་དཀྲུགས་ནི་ཏེ་ མར་ཁུ་བླུག་སྦེ་ གཟའ་རུ་གིས་ དཀྲུགས་སྦེ་ ད་རུང་བསྔོ་ནི་ཏེ།() After some time, the oil (used in the wok?) will run out. Then, add some more oil, and stir with the ladle, and roast again.
- ཉི་མ་ལྷ་མོ Nima Lhamoཏེ་ཤིང་ལེགས་ཤོམ་ཡོད་པ་ཅིན་ སྐམ་དཀྲོག་ཀྲོ་ཡོད་འབད་བ་ཅིན་ འཛརཝ་ལེགས་ཤོམ་འགྱོ་འོང་། ཤིང་རློནམ་སྦེ་ མེ་མ་འབར་འབད་བ་ཅིན་ འཛརཝ་ཁོད་སྙོམས་ཏོག་ཏོ་སྦེ་ མི་ཚོ་པས་བ།If the firewood is perfectly dry, the puffed rice will come out good. If the firewood is wet, the fire does not burn well, the puffed rice grains will not be roasted evenly.