15 Dec 2011
11 min 17 sec
Video Overview
Creators:
Unknown
A tangka painter and his apprentice make the paints used for tangka painting.
唐卡颜料都是粉末易于保存,需要上色时才对水搅好,一定要搅到没有一点颗粒为止。 画好了线描神像,开始配色。
- Lhasa
- Ü
- ལྷ་བྲི་བ། Tangka painterདཀར་རག་ཅིག་བན། འདིའི་ནང་ལོགས་དེར། གཉིས་ཅར་ནང་ལོགས་ལ་དཀར་རག་ཏིལ་ཙམ་ཏིལ་ཙམ་བན། འདིའི་ནང་།Please prepare a little white solution inside this container.
- དགེ་ཕྲུག Apprenticeལཱ་སེ།Yes.
- ལྷ་བྲི་བ། Tangka painterའདིར་དཀར་རག་ཅིག་དང་། དེར་དཀར་རག་ཅིག་བླུགས།Prepare some in this one and also in that one.
- དགེ་ཕྲུག Apprenticeལཱ་སེ།Yes.
- ལྷ་བྲི་བ། Tangka painterསྔོ་བསངས་འདིའི་ནང་ཉུང་ཙམ་བྱས། སྔོ་རྩི་དེའི་ནང་མང་ཙམ་བྱས།Add little amount in the sky-blue color and a little more in blue color.
- དགེ་ཕྲུག Apprenticeལཱ་སེ།Okay.
- ལྷ་བྲི་བ། Tangka painterབོད་ཚོན་སྐལ་བའི་ནང་ལ་བླུགས་བཞག་པ་རེད་པཱ། སྤུ་སྙིགས་བྱས་བྱས། ལྟོས་དང་།Since these Tibetan colors are kept inside these containers, they collected some hair residues. Look.
- དགེ་ཕྲུག Apprenticeལཱ་སེ།Yes.
- ལྷ་བྲི་བ། Tangka painterསྔས་མ་ནང་བཞིན། ཏིག་ཙམ་བླུགས་ཤོགLike last time, add a little bit more.
- དགེ་ཕྲུག Apprenticeལཱ་སེ།Okay.
- ལྷ་བྲི་བ། Tangka painterའགའ་ཆེན་ཞིགAdd quite a bit.
- དགེ་ཕྲུག Apprenticeལཱ་སེ།Yes.
- དགེ་ཕྲུག Apprenticeལྟ་འགྲིག་མེད་འགྲོIs it enough?
- ལྷ་བྲི་བ། Tangka painterའོ་དཱ། འགྲིག་པ་ཆ་བཞག ཉུང་གྲགས་ཤགYes. For time being, it can be considered enough. I think need a little more.
- དགེ་ཕྲུག Apprenticeཏིག་ཙམ། ཏིག་ཙམ།A little bit.
- དགེ་ཕྲུག Apprenticeབན་བཞག་གཱShould I prepare the solution?
- ལྷ་བྲི་བ། Tangka painterའོ། ལྟ་བན་ཞོགYes, prepare it.
- ལྷ་བྲི་བ། Tangka painterམཐིང་དེ་ག་པར་འདུགWhere is the azure blue?
- དགེ་ཕྲུག Apprenticeམཐིང་འདིར་ཡོད།It is here.
- ལྷ་བྲི་བ། Tangka painterའདིའི་ནང་དེ་མཚོན་སྔོ་རྩི་ཞིག་ཡོག་རེད་དཱ།There should be a blue color inside this.
- དགེ་ཕྲུག Apprenticeལཱ་སེ།Okay.
- ལྷ་བྲི་བ། Tangka painterགཅིག་ལྟ་དང་། འགྱིག་ཤོག་ཁ་གི་ཚུར་འཁྱེར་ཤོག་དང་།Have a look. Bring that plastic bag here.
- ལྷ་བྲི་བ། Tangka painterང་ཚོ་འདི་ནས་ཏིག་ཙམ་འདྲེས་བཞག་གོLet's mix a little bit from it.
- དགེ་ཕྲུག Apprenticeལགས་སོ།Okay.
- ལྷ་བྲི་བ། Tangka painterམཚོན་འདུག་སེ་སྦང་ཚར་སོང་ན། བོད་མཚོན་དེ་ཚོར་པིང་ཞིག་བླུགས་ཁ་དེར་། ཨཱ་ནི་མངལ་བཞག་དགོས་ཀྱི་རེད།After preparing the color solution like this, put some hide-glue. And then let it sit like this.
- དགེ་ཕྲུག Apprenticeལཱ་སེ།Okay.
- ལྷ་བྲི་བ། Tangka painterཨ་ནི་ཉིན་མ་གཅིག་ཞོག་དང་ཁོ་ར་ཡང་ཞུ་གུ་དེར་འདི་བྱེད་དུས་མཚམས་ལ་ཚོས་གཞི་ཡག་པོ་ཆགས་འགྲོ་གི་རེད།Let it sit for one day, and later the color will become very nice.
- དགེ་ཕྲུག Apprenticeལཱ་སེ།Okay.
- ལྷ་བྲི་བ། Tangka painterཨིན་དཱ། ཉུང་ད། འོ་ལྟ་འགྲིག་གིLet me see. Add little more. It's good.
- ལྷ་བྲི་བ། Tangka painterའདི་སྦན་ཚར་སོང་ན་ལི་ཁྲི་ཞིག་སྦན།After preparing this solution, prepare a red-yellow.
- དགེ་ཕྲུག Apprenticeལཱ་སེ།Okay.
- ལྷ་བྲི་བ། Tangka painterའདི་སྔོ་བསངས་དེ་ཚུར་ཁེབས་གཅོད་རྒྱོབས།Put a little here on the sky blue color.
- དགེ་ཕྲུག Apprenticeལཱ་སེ།Yes.
- ལྷ་བྲི་བ། Tangka painterའོ་འདི་ཁབ་གཅོད་རྒྱོབས་ཕར།Cover this one.
- དགེ་ཕྲུག Apprenticeལཱ་སེ།Okay.
- ལྷ་བྲི་བ། Tangka painterབླུགས་གོ་དཱ།I will put some.
- ལྷ་བྲི་བ། Tangka painterའདི་མར་གཅིག་བསྡམས་དང་།Please tie the bag.
- ལྷ་བྲི་བ། Tangka painterསྔོན་མ་ཡིན་ཚོན་བོད་ཚོན་ཟེར་ཡག་དེ་གང་ག་ཀོ་བའི་ནང་བཏུམ་བྱས་བླུགས་བཞག་གི་ཡོག་རེད་ཟེར།In old days, Tibetan colors were kept inside containers made from animal hide.
- དགེ་ཕྲུག Apprenticeཨོའོ། ལཱ་སེ།Oh. Okay.
- དགེ་ཕྲུག Apprenticeལྟ་དེང་སང་གང་ག་འགྱིག་ཤོག་ནང་བླུགས་བཞག་རྒྱུ་རེད།Nowadays, everything is kept inside plastic bags.
- དགེ་ཕྲུག Apprenticeལཱ་སེ།Yes.
- དགེ་ཕྲུག Apprenticeལཱ་སེ།Yes.
- ལྷ་བྲི་བ། Tangka painterད་ལྟའི་འདི་ཚོ། མཐིང་དེ་ཚེ་གང་ག་རྩེའི་བོད་མཚོན་དེ་ཚོའི་གྲས་རེད།The azure blue and the others are Tibetan colors from Potala Palace.
- དགེ་ཕྲུག Apprenticeལེགས་སེ།Okay.
- ལྷ་བྲི་བ། Tangka painterའདི་ཚོའི་ནང་ལ་གཡུ་དང་ཨེ་འདྲས་འདྲེས་བཞག་ཡོག་རེད།They are mixed with turquoise and other precious materials.