18 Jul 2013
24 min 12 sec
Video Overview
Creators:
Unknown
A man makes a pack saddle and then ties it on a yak in Tsekhok, Qinghai Province.
- Tsekhok
- བཤད་མཁན་དང་པོ།བར་ནས་རེ་རེ་འཇོག་དགོས་སམ།
- རེ་རེའི་བར་ནས་གཉིས་རེ་བཞག
- གཅིག་གཉིས་གསུམ་བཞི་ལྔ་དྲུག
- འདི་འདྲ་ཞིག་རེད།
- ད་ཆོག་གི།
- དམ་པོར་བཏུམ་ནས་ཞོག་དང་།
- ངས་ཁྱོད་ལ་ཁབ་སྐུད་ཁྱེར་ཡོང་།
- ལྟོས་དང་།
- ཁབ་སྐུད་ཀྱིས་བཙེམ་ནས།
- ཁབ་ཅིག་གིས་བཙེམ་ནས་དེ་ལྟར་བྱས་ན།
- དེ་ལྟར་བྱས་ན་ཆོག
- གཅིག་ལོངས་དང་།
- འདི་འདྲ་ཞིག་བྱས་ནས་གཅིག་ལོངས་དང་།
- འདི་ལྟར་བྱས་ནས་གྲུ་ག་ནང་གོར་གོར་བྱོས།
- འདི་གཉིས་བཙེམ་དགོས་པ་རེད་དམ།
- འདི་ནས་ཕར་ནང་ཚུར་ནང་ལ་བླངས་ནས་བཙེམ་དགོས།
- ཨ་ཡེ་གསུམ་པོ་མ་གཏོགས་མེད་ཀི།
- ད་མེད་ན་ཆོག་གི
- ཨོ་ཡ།
- ཟུར་ནས་བླངས་ན་དེ་ན་འབུད་ས་ཡོད།
- ཚུར་ལ་འཐེན་དང་།
- རེད།
- དེ་ལྟར་མགོ་ཡི་དེ་བཙེམ་དགོས།
- མགོ་གཞན་དེ་བཙེམ་དགོས།
- དེའི་འཕྲོར་ཁྱོད་རང་ལ་བསལ།
- འདི་འདྲ་དམངས་སྲོལ་ཡིན་པ་ཁོ་ཐག་རེད།
- གནའ་ཡི་དེ་འདྲའི་གནའ་རྫས།
- ཨོ་ལེད།
- དམངས་སྲོལ་ཟེར་ན་མི་དམངས་ཀྱི་ཡུལ་སྲོལ་གོམས་འདྲིས།
- དེ་ཡིན་པ་རེད།
- མགོ་ཕར་ཕྱོགས་བཙེམ་ཚར་བ་ཡིན་ནམ།
- ཕར་ཕྱོགས་བཙེམ་མེད།
- ད་དུང་བཙེམ་མེད།
- བཙེམ་འདུག
- བཙེམ་ཡོད།
- ཕྱིང་ལེབ་མ་བརྒྱབ་གོང་དུ་ཧྭ་ཐིག་དྲང་དགོས་པ་རེད།
- ཧྭ་ཐིག་ཅིག་འདྲ་དང་།
- ཧྭ་ཐིག་དྲང་བ་རེད།
- དྲང་འདུག
- དེ་ཉིས་བརྩེགས་བྱོས་དང་།
- འདི་ལ་དེ་ཡག་པ་འདྲ།
- ཆོག་པ་རེད།
- ཉིས་བརྩེགས་བྱེད་དགོས།
- རླུང་གཡུག་ནས།
- དེ་དང་པོ་ཨེ་རེད། རེད།
- འོག་གན་ནས་བཞག་ན་ཨེ་ཆོག
- ཆོག་པ་རེད།
- འདིའི་སྐུད་ཕྲུག་བསལ་དགོས།
- ང་ལ་བྱིན་དང་སྐུད་ཕྲུག་ངས་བསལ།
- འདིར་ཁྱེར་ཤོག་དང་།
- ཨ་རྒྱ་་་དེ་འགྲིག་མི་འདུག
- གང་།
- འདི་རལ་འདུག
- རལ་འདུག་པས་མི་འགྲིག་གི།
- འདིས་མི་འདང་གི།
- དེ་འདྲ་ཞིག་ཡིན་ནམ།
- དེར་བཅུ་གཉིས་དགོས་ན་ཁ་བཀང་བྱེད་ཀྱི་ཟོན་ཕན་ཡང་ཡོད་དགོས།
- གཉིས་གཅིག་གི་ནང་དུ་བླངས་ན་ཡང་བཟང་གི།
- ཡ་ད་་་བརྫོག་དང་།
- ཆོག་གམ།
- འདི་ནི་ཐུག་གུ་མར་བརྒྱུས་རེད།
- འདི་ཡར་བརྒྱུས་མར་བརྒྱུས་མ་བྱས་ན་གཅུས་འགྲོ་བ་རེད།
- དེ་ལེགས་སོང་།
- གཅིག་བལྟས་ནས་སྲབ་འགྱོག་བཞག་རྗེས།
- སྲབ་འགྱོག་བཞག་ནས་གཅིག་ལྟོས།
- སྲབ་འགྱོག་བླངས་ནས།
- ཡོད་རྒྱུ་མ་རེད།
- བཟོ་བཞིན་པའི་ནང་ནས།
- དེའི་འཕྲོར་ཁ་གཅོད་རྒྱག་པ།
- ཐིག་གུ་རིང་པོ་ལེན་པ་རེད་ཟེར།
- འདི་ལྟར་བྱས་པ་རེད།
- ཆོག་གམ།
- ཐལ་ཡོད་ན་ཐང་།
- ཁྱོད་ཀྱིས་འདི་ཕྱོགས་ནས་ཚུར་འཁོར་ནས་བཟུང་དང་།
- གན་ནས་བླངས་ཡོད་ན་འདོད་པ།
- འདི་ནས་བླངས་ན་འདོད་པ་དེ་འདྲ་ཡོད།
- ད་ལས་པ་རེད།
- སྔ་རི་འདི་རེད།
- སྔ་རི་མགོ་མཐོན་པོ་ཅན་འདི་རེད།
- ཕྱི་རི་ཁ་ཆེན་པོ་ཅན་དེ་རེད།
- གན་གཉེད་རེད།
- གཉེད་རེད།
- འདིའི་མིང་ལ་གཉེད་རྡོ་ཟེར་བ་རེད།
- གན་ལ་འཕངས་དང་།
- དེ་མགོ་ནས་རྔ་བར་དུ་སྟོན་དང་།
- འདི་ནི་ཀློད་རེད།
- ཀློད་གོང་རྒྱག་དུས་རིང་ཐུང་ལ་འདི་འདྲ་ཞིག་རེད།
- སྒ་འགྲུབ་སོང་བ་རེད།
- དེ་ན་འདི་སྔ་རི་རེད།
- འདི་ཕྱི་རི་རེད།
- འདི་བཏུལ་རི་རེད།
- འདི་ཡག་ཤིང་རེད།
- འདི་ཧྭ་ཐིག་རེད།
- འདི་དཔུང་རེད།
- འདི་གཉེད་རེད།
- འདི་ལ་གཉེད་རྡོ་ཟེར་བ་རེད།
- འདི་ཀློད་སྒོ་རེད།
- འདི་ཀློད་རེད།
- འདི་གོང་ཐག་རེད།
- དེ་འདྲ་ཞིག་རེད།
- འདི་ཀློད་ཡིན་ལ་འོག་ནས་ལེན་དགོས་པ་རེད།
- འདི་གོང་ཐག་ཡིན་ལ་འོག་པའི་འོག་ནས་འདི་ལྟར་ལེན་དགོས་པ་རེད།
- ཐུང་འོག་ནས་ལེན་དགོས་སམ།
- མཐོང་འོག་ནས་ལེན་དགོས་པ་རེད།
- འདི་ཕོ་བའི་འོག་ནས་ལེན་དགོས་པ་རེད།
- འདི་གཉེད་ཡིན་ལ་རྔ་མའི་འོག་ལ་བཞག་ནས་དེ་ནས་ལེན་དགོས་པ་རེད།
- དེ་འདྲ་ཞིག་རེད།
- ད་ལོ་ཡར་གྱི་ལུང་པ་ནས།
- དྲུད་ནས་མ་ཐུབ་པ་དེ་འདྲ་བྱས་པ་དེ་བསྒྱུར་ན་ཡག་རྒྱུ་རེད།
- ཧ་ཧ་ཧ།
- ཁྱོད་ཚོས་ཅང་མ་བཤད་རོགས།
- ཨོ་ཡ།
- སྒ་བསྟད་ཚར་བ་རེད།