Skip to main content Skip to search
06 Jul 2018
3 min 37 sec
Video Overview
Creators: 
Karma Yezer

Aum Kinley of Ueserkha Village sings a zhungdra about the traditional Bhutanese musical instrument, the dramnyen (traditional guitar) which is made up of wooden planks structured into a box like appearance. It has a leather cover and seven strings, and usually is covered with decorative paintings. The instrument is also regarded as a religious piece, thus, it can be kept on the altar. This kind of song is performed mainly during musical shows as the song talks about the musical instruments of Bhutan. It can also be performed in other occasions, gatherings and ceremonies. 

༉  སྤུ་ན་ཁ་རྫོང་ཁག་ དཀར་སྦི་ས་གཡུས་གསར་ཁ་ལས་ཀུན་ལེགས་ཀྱིས་ གཞུང་སྒྲའི་གླུ་གཞས་ སྒྲོམ་མཆོད་བདག་གིས་མི་མཆོད་ཟེར་མི་འདི་འཐེན་ཏེ་འདུག འབྲུག་གི་གཞུང་སྒྲའི་སླ་ལས་ གླུ་གཞས་འདི་ གནམ་མེད་ས་མེད་ཡོངས་གྲགས་ཅན་ཅིག་ཨིནམ་ལས་ ཚེས་བཅུ་དང་དུས་སྟོན་ དེ་ལས་ ལོ་མཆོད་བཏང་ས་ལས་ཕར་ རྒས་ཤོས་ཚུ་གིས་གླུ་གཞས་འདི་ འཁྲུལ་བའི་ཉམས་དང་བཅསཔ་སྦེ་ འཁྲུལ་ལྷང་ལྷང་སྦེ་འཐེན་སྲོལ་ཡོད། སྤྱིར་བཏང་ གླུ་གཞས་འདིའི་མིང་འདི་ སྒྲོམ་མཆོད་བདག་གིས་མི་མཆོད་ཟེར་ དར་ཁྱབ་སོང་ཡོད་རུང་ དོན་གྱི་གོ་བ་དང་འཁྲིལ་བའི་སྐབས་ དོན་དག་འཐད་ཏོག་ཏོ་ཅིག་མེདཔ་ལས་ ད་རེས་ནངས་པའི་མཁས་རིག་ཅན་གྱི་ཞིབ་འཚོལ་དང་འཁྲིལཝ་ད་ སྒྲ་མཆོད་བདག་གིས་མི་མཆོད་ཟེར་ འོང་ནི་ཨིནམ་སྦེ་བཤདཔ་ཨིན་མས། དེ་ཡང་ སྒྲའི་མཆོད་པ་ང་གིས་ཕུལ་གེ་ཟེར་བའི་དོན་ལུ་གོ་དགོཔ་ལས་ སྒྲ་ཟུར་ཉམས་ཏེ་ སྒྲོམ་མཆོད་བདག་གིས་མི་མཆོད་ཟེར་ ཡར་སོངཔ་མེན་ན་ ཟེར་བའི་དོགས་པ་ཆགསཔ་ཨིན་མས། ཨིན་རུང་ གླུ་གཞས་བརྩམས་པ་པོ་གིས་ དོན་དག་ག་ཅི་ལུ་གཞི་བཞག་སྟེ་བརྩམས་བརྩམས་ཨིན་ནའི་ཁུངས་ཐུག་ས་ཅིག་མིན་འདུག

Transcript search
No results found for this search
0 of 0
  • ཀུན་ལེགས་/ Kunley:
    སྒྲོམ་ཅུང་(སྒྲ་མཆོད་)བདག་གིས་རྨ་བྱ(མ་མཆོད)། །སྒྲོམ་ཅུང་(སྒྲ་མཆོད་)བདག་གིས་མཆོད་ཟེརཝ་ད། །ཡ་སྟེང་ཕྱོགས་ལ་འབུལ་ལོ། །
  • ཀུན་ལེགས་/ Kunley:
    སྟེང་གི་ལྷ་དང་ལྷ་མོ། །སྒྲ་སྙན་ཕ་མ་ཞུ་སོང་། །ཡ་སྒྲ་སྙན་ཕ་མ་ཞུ་སོང་།། །།