Video Overview
བཀྲ་ཤིས་སྒང་བྱོན་མཁར་ལས་ རྡོ་རྗེ་ཕུན་ཚོགས་ཀྱིས་ རང་ལུགས་ཐོག་ལས་སྤོས་བཟོཝ་ཨིནམ་ད་ སྤོས་བཟོ་ནི་གི་རྒྱུ་དེ་ ཤུགཔ་ཤིང་གི་ཧིང་ལྕགས་ཀྱི་འབད་བཟོཝ་ཨིན་པས། དེ་ཡང་ ཆུ་འཁོར་མ་ཎི་བཟུམ་སྦེ་བཟོ་ཞིན་ན་ ཆུ་གིས་འབད་ ཆུ་འཁོར་མ་ཎི་བཟུམ་དེ་འགྱིརཝ་ད་ལུ་ ཤུགཔ་ཤིང་གི་ཧིང་ལྕགས་དེ་ འདི་གིས་འབད་ཡར་མར་འཐེནམ་ད་ལུ་ ཤུགཔ་ཤིང་གི་ཧིང་ལྕགས་དེ་ རྡོ་གུ་བསྒྲལ་ཏེ་ཕྱེ་བཟོ་བཏངམ་ཨིན་པས། དེ་ལས་སྐམ་བཅུག་སྟེ་ རང་འཐག་གུ་ཐགས་ དེ་ལས་ བ་ལུ་སུ་ལུ་གི་ཕྱེ་དང་བསླ་བསྲེ་རྐྱབ་སྟེ་ གཏོརམ་ཕྱེ་བསྣས་དོ་བཟུམ་སྦེ་ར་བསྣས་ཞིནམ་ལས་ ད་རུང་ཚར་གཅིག་ ལྷིའུ་ནང་བཙུགས་ཏེ་བརྡུངས་ མཉེན་ཏོང་ཏོ་བཟོ་ཞིནམ་ད་ པུ་ཏ་བཟོ་དོ་བཟུམ་སྦེ་ར་བཟོ་སྦེ་ འདྲན་འདྲ་སྦེ་བཏོག་སྟེ་ཨེན་ཏ་ཐོག་ཁར་སྐམ་བཅུག་ཞིནམ་ལས་ སྤོས་ཆག་པ་སྦེ་བཟོཝ་ཨིན་པས། རང་ལུགས་ཀྱི་སྤོས་བཟོཝ་ད་ ལཱ་ཁག་ཅིག་ཨིན་རུང་ ད་རེས་ནངས་པའི་འཕྲུལ་ཆ་བཟུམ་སྦེ་ ཟད་འགྲོ་སྦོམ་མ་འགྱོ་བའི་རང་ལུགས་ཀྱི་འཕྲུལ་ཆ་གིས་འབད་ འཇམ་ཏོང་ཏོ་སྦེ་བཟོ་ནི་འདུག།
- Sakteng