29 May 2019
13 min 21 sec
Video Overview
Creators:
Tsering Gyel, Tibetan and Himalayan Library
This explains the use of a horse bridle.
རྟ་སྲབ་ཀྱི་བྱ་བ་གསལ་བཤད་བྱས་ཡོད།
སྲབ་ནི་རྟའི་ཁ་ལོ་བསྒྱུར་བྱེད་ཡིན་ལ། དེ་ནི་ཐོད་ཐག མགོ་ཐག ཨོག་སྒྲོག སྲབ་དཀྱོགས། གདོང་སྲབ། སྲབ་མདའ། ཁ་ལྷུ་བཅས་ཀྱིས་གྲུབ་པ་ཡིན། སྲབ་རྟའི་ཁ་ནང་དུ་བཞག་ནས་རང་ཉིད་གང་སར་འགྲོ་བསམ་ན་དེ་སར་འཐེན་དགོས་ལ་གང་སར་འཐེན་ན་རྟ་དེ་སར་འགྲོ་བ་ཡིན།
详细解说马缰的用途。
缰绳包括龙套、口衔、缰绳等部分,是用来掌控马儿前进的方向,
- བཤད་མཁན་དང་པོ།སྲབ་ཟེར་བ་ནི་རྟ་ཁ་ལོ་སྒྱུར་བྱེད་ཀྱི་ཡོ་བྱད་ཅིག་ཡིན་ལ།
- དེ་ནི་ཐོད་སྒྲོག་དང་མགོ་ཐིག
- འོག་སྒྲོག སྲབ་དཀྱོགས།
- གདོང་སྲབ། སྲབ་འདབས།
- ཁ་མར་བཅས་མང་པོ་ཞིག་གིས་གྲུབ་ཡོད།
- དེའི་ནང་གི་ཁ་མར་ཟེར་བ་ནི་ལྕགས་ཀྱིས་གྲུབ་པ་ཞིག་ཡིན་ལ།
- དེ་མིན་གཞན་དག་ཀོ་བ་དང་རྩིད་པ་གང་རུང་གིས་ལས་ཆོག
- སྲབ་ཟེར་བ་དེ་ལྟའི་ཁ་ནང་དུ་བཞག་ནས།
- རང་ཉིས་གང་སར་འགྲོ་འདོད་ན་དེ་སར་འཐེན་དགོས་ལ།
- གང་སར་འཐེན་ན་དེ་སར་འགྲོ་བའི་ཡོ་བྱད་ཅིག་ཡིན།
- གཤམ་ནས་ང་ཚོས་སྲབ་ཀྱི་ལས་ཚུལ་ལ་བལྟ།