Video Overview
Seldon prepares alcohol known as ara using home distillation. A cylindrical pot is filled with fermented mash, and a tripod is placed over it. On top of the tripod is placed a smaller pot with a little amount of water to collect condensed drops of alcohol coming from the mash. A damp cloth is placed between it and anothe cold water pot to cover the gap between them. After that, the small container inside the cylindrical pot has to be checked to see whether or not it is full, and to test the taste of the alcohol. Finally, Seldon explains that the fire should never be high otherwise it would overcook the mash. In that case, the mash would overflow into the container inside the cylindrical pot, ruining the ara.
གློག་བརྙན་འདི་ནང་ གཞལམ་སྒང་རྫོང་ཁག་ བཀག་སྟོང་གཡུས་ཚན་ལས་ ཨམ་སྲུ་ཅིག་གིས་ གཡུས་ཁའི་ལུགས་སྲོལ་སྦེ་ ཨ་རག་བཀལཝ་ཨིན་པས། འདི་ཡང་ རྫམ་རྒྱ་རྫི་བཟུམ་ཅིག་ནང་ ཆང་གི་ སྦངམ་བཀང་ཞིནམ་ལས་ རྐང་གསུམ་ཅིག་གུ་བཀལ་ རྐང་གསུམ་གུ་བཀལ་མི་ རྫམ་འདི་ནང་ རྫམ་ཆུང་ཀུ་ཅིག་གི་ གཤམ་མར་ཆུ་ཨ་ཙི་ཅིག་ འདེགས་བཞག་མི་ནང་བཙུགས་མས། འདི་ཡང་ ཤུལ་ལས་ཟངས་གཞོང་གུ་ལས་ ཆང་འཛག་མི་འདི་་ ཆང་གི་ཐིག་པ་འདི་ འཛུལ་སྡོད་ནི་དོན་ལུ་ཨིན་པས། རྫམ་རྒྱ་རྫི་བཟུམ་འདིའི་ཁ་ལས་ཕར་ ཟངས་གཞོང་ནང་ ཆུ་འཁོལམ་བཀང་ཞིནམ་ལས་ རས་ཀྱི་དཀྱི་སྟེ་ རྫམ་དང་ ཟངས་གཞོང་དང་ རྫམ་གྱི་ཁ་གི་སྦུག་གི་ ས་སྟོང་འདི་བསྲུབས་ཞིནམ་ལས་ རླངསམ་འདི་ ཕྱི་ཁར་མ་བཏང་པར་བཞག་དགོ་མས། ཨམ་འདི་གིས་ བཤད་མི་ནང་ ཟངས་གཞོང་ནང་གི་ ཆུ་འདི་ཚཝ་ཅིག་ ད་རུང་ ཆུ་འཁོལམ་བླུག་སྟེ་ ཚར་གསུམ་བཞི་དེ་ཅིག་གི་ སོར་ཡི་ར་ རྫམ་གི་ནང་ན་གི་ རྫམ་ཆུང་ཀུ་འདི་ཡང་ནང་ ཆང་གང་ག་མ་གང་དང་ ཆང་གི་བྲོཝ་ག་དེ་སྦེ་འདུག་ག་ འཕྲལ་འཕྲལ་སྐབས་ར་ བལྟ་རྟོགས་འབད་དགོ་ཟེར་ཨིན་པས། ད་རུང་ མོ་གིས་ སླབ་མི་ནང་ རྫམ་གྱི་འོག་ལས་ མེ་གནམ་མེད་ས་མེད་ མ་དྲགས་སྦེ་བཞག་དགོཔ་ད་ འདི་ཡང་ ག་ཅི་སྦེ་ཟེར་བ་ཅིན་ སྦངམ་འདི་ འཚོ་ཐལ་སྟེ་ སྦང་འདི་ ཆང་ཡོད་པའི་ རྫམ་ཆུང་ཀུ་ནང་འཛུལ་འོང་ཟེར་ས།
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukའདི་ལུ་འབད་བ་ཅིན་ ག་ཅི་སླབ་སྨོ?What is this call?
- གསལ་སྒྲོན་ Seldonཨ?What?
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukད་ལྟོ་བཙུགས་མི་འདི་ལུ?The one you are putting just now.
- གསལ་སྒྲོན་ Seldonམར་རྐང་སྟེགས། རྐང་སྟེགས་ཟེར་ སླབ་ཨིན་འདི་ལུ་འབད་བ་ཅིན།Lower foothold. This is called lower foothold.
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukའེང་་་།yes.....
- གསལ་སྒྲོན་ Seldon(སའི་རྫམ་བཞག་ས་ལགས། Place to keep earthern pot.
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukའེང་་་།Yes.
- གསལ་སྒྲོན་ Seldonཨ་ནཱི་ སའི་རྫམ་བཞག་ས།To keep this earthern pot.
- གསལ་སྒྲོན་ Seldonདེ་ལས་ ཨ་ནཱི་བཀལ་ནི་ཨིན།Then to put on this.
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukཨ་ནཱི་ ད་ལྟོ་དཀྱི་མི་འདི་ ག་ཅིའི་དོན་ལུ་སྨོ་ལགས?The one you are wrapping just now is for what?
- གསལ་སྒྲོན་ Seldonཨ་ནཱི་ ཕྱི་ལས་རླུང་མི་ཐལ་ནི།To protect wind from outside.
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukརླུང་མི་ཐལ་ནིའི་དོན་ལུ?Not to get air inside?
- གསལ་སྒྲོན་ Seldonརླུང་མ་ཐལ་བར་ ཨ་རག་འཐོན་འགྱོ་མ་བཅུག་ནིའི་དོན་ལུ།Not to get allow wind from outside and to protect wine from evaporating.
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukལགས་སོ།Laso.(okay-in honorphic term).
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukཆུ་ཐེངས་ག་དེམ་ཅིག་བཏང་དགོ་ག་ལགས? ག་དེམ་ཅིག་ ཆུ་ག་དེམ་ཅིག?How many time you have to pour water? How much, how much water?
- གསལ་སྒྲོན་ Seldonཆུ་ཐེངས་གསུམ་གསུམ་ལགས་། དེ་ལས་བྲོཝ་ཡོད་པ་ཅིན་ བཞི་བཞི་རེ་རྐྱབ་འོང་།Three times of water. If if have more taste then we have to pour four times.
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukའེང་་་།Yes.
- གསལ་སྒྲོན་ Seldonཆུ་ཐེངས་གསུམ་གསུམ་རྐྱབ་འོང་། བཞི་བཞི་ལྔ་ལྔ་འདི་ ག་དེམ་ཅིག་སྦེ་ མར་བྲོཝ་ཡོད་པ་ཅིན་ ད་རུང་ དབོག་ཞིནམ་ལས་ འདི་གུ་ཆུ་བླུགས་ཏེ་ར་བསྐོལ་འོང་།Three times of water should be poured. In case if it have a less teste then water should be poured for four or five times.
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukའེང་་་།Yes..
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukཆུ་ཐེངས་མངམ་སྦེ་བཏང་པ་ཅིན་ ཨ་རག་ཡང་མངམ་སྦེ་ཐོན་ནི་ཨིན་ན་ལགས?Pouring more quantity of water will produce more amount of wine?
- གསལ་སྒྲོན་ Seldonཆུ་ཐེངས་མངམ་སྦེ་བཏང་པ་ཅིན་ ཨ་རག་མངམ་སྦེ་འཐོན་འོང་ སྦངམ་ལེགས་མི་དང་ མ་ལེགས་མི་ལྟ་ཡི་ལྟ་ཡི་འཐོན་འོང་།Pouring more times of water will produce more amount of wine but it depends on effectiveness of fermented grains.
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk(མེ་)ཤུགས་སྦེ་བཏང་མ་བཏུབ་མི་འདི་ག་ཅི་སྨོ? Why fire should not put up with more power?
- གསལ་སྒྲོན་ Seldonཤུགས་བཏངམ་ད་ མར་ལས་(སྦངམ་)ཞལ་འཐོན་འོང་།Putting up of fire with power will boil fermented grain vigeriously.
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukའེང་་་།Yes.
- གསལ་སྒྲོན་ Seldonཞལ་འོང་སྟེ་སྦངམ་གིས་ཡར་(ཕིད་)བདའ་ཟུན་འོང་། མེ་འགོར་ལས་སྦེ་ འགོར་ལས་སྦེ་བཏངམ་དྲག་པས།Boil vigeriously and reach to pot. It is better to put up fire slowly.
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukའེང་་་།Yes.
- གསལ་སྒྲོན་ Seldonའཁོལ་ནུག་མེན་ན་ད།Now it is boiled no?
- ཞིབ་འཚོལ་ལས་རོགས་རྡོ་རྗེ་ཉི་མ་ Research Assistant Dorji Nimaཆུ་ཐེངས་ག་དེམ་ཅིག་སོང་ཡི་གོ་ཨ་མ?How many times of water is poured, mother?
- གསལ་སྒྲོན་ Seldonཨ་ནཱི་གི་གཉིས་འགྱོ་ནི་ ད་ཅི་གཅིག་དབོག་ཅི་སྦ།This one will be twice, Poured once just while ago.
- ཞིབ་འཚོལ་ལས་རོགས་རྡོ་རྗེ་ཉི་མ་ Research Assistant Dorji Nimaའེང་་་།Yes.
- ཞིབ་འཚོལ་ལས་རོགས་རྡོ་རྗེ་ཉི་མ་ Research Assistant Dorji Nimaགཞན་འབད་བ་ཅིན་ཆུ་ཐེངས་ (སྦངམ་)ལ་ལུ་ཅིག་གིས་འདི་ཧ་ལམ་ཅིག་འབད་ཚུགས་མེན་ན?For some people they pour more times of water to get wine ready?
- གསལ་སྒྲོན་ Seldonའབད་ཚུགས། ཨ་ནཱི་སྦངམ་གི་བྲོཝ་ལྟ་ཡི་ལྟ་ཡི་བླུགས་ནི་ཆུ་ལོག་སྟེ།It can. Water will be poured by testing the fermented grain.
- ཞིབ་འཚོལ་ལས་རོགས་རྡོ་རྗེ་ཉི་མ་ Research Assistant Dorji Nimaའེང་་་ བྲོཝ་ལྟ་ཡི་ལྟ་ཡི་ཡ?okay... By testing its test?
- གསལ་སྒྲོན་ Seldonཨིན།Yes.
- གསལ་སྒྲོན་ Seldonཆུ་ཐེངས་གཉིས་ལུ་བྲོཝ་ལྟ་ནི་ད།After pouring two times of water will see the test.
- ཞིབ་འཚོལ་ལས་རོགས་རྡོ་རྗེ་ཉི་མ་ Research Assistant Dorji Nimaབྲོཝ་ལྟ་ནི་ཟེར་ཡ?Going to see the taste?
- གསལ་སྒྲོན་ Seldonཨིན་བྲོཝ་ལྟ་ནི་སྦེ།Yes, wanna see the taste.
- གསལ་སྒྲོན་ Seldonཡ་ཚཝ་མས་སྨ་རེད།its burning!!
- གསལ་སྒྲོན་ Seldonམཆོད་མཆོད་་་།Chhey.....chhey....(offering to local deities and spirits).
- གསལ་སྒྲོན་ Seldonའའུ་་་གནམ་མེད་ས་མེད་འདུག་བྲོཝ་ག་དེ་སྦེ་འབད་ན?Ohh... it is very tastey what shall i do?
- ཞིབ་འཚོལ་ལས་རོགས་རྡོ་རྗེ་ཉི་མ་ Research Assistant Dorji Nimaད་རུང་(ཆུ་)བླུགས་དགོ་ནི་འདྲས་མེན་ན་ཨ་མ?Have to pour water again i guess.
- གསལ་སྒྲོན་ Seldonབླུགས་དགོ་ནི་མས།Have to pour.
- ཞིབ་འཚོལ་ལས་རོགས་རྡོ་རྗེ་ཉི་མ་ Research Assistant Dorji Nimaའེང་་་།Yes.
- གསལ་སྒྲོན་ Seldonལྟ་མ་ཨ་རག་བྲོཝ་ལྟ་བའི་ལོ་ཟེར་ ཆང་གིས་དྲངས་ཡང་དྲང་ནི་མས་ད།By testing the taste of wine there is chances that i may get drunk.
- གསལ་སྒྲོན་ Seldon(ཆུ་ཐེངས་)གསུམ་ལུ་ཕབ་གེ། Will lower it after pouring water for three times.
- གསལ་སྒྲོན་ Seldonའཁོལ་ཞིནམ་ལས་ཤ་ར་ར་འཁོལཝ་མས།After it get boiled it is boiling continuosly.
- ཞིབ་འཚོལ་ལས་རོགས་རྡོ་རྗེ་ཉི་མ་ Research Assistant Dorji Nimaའེང་་་།Yes.
- ཞིབ་འཚོལ་ལས་རོགས་རྡོ་རྗེ་ཉི་མ་ Research Assistant Dorji Nimaད་འདི་གིས་གསུམ་འགྱོ་བའི་སྨོ?By this it will be times right?
- གསལ་སྒྲོན་ Seldonའདི་གིས་ཆུ་ཐེངས་གསུམ་འགྱོ་བའི།By this it is three times.
- ཞིབ་འཚོལ་ལས་རོགས་རྡོ་རྗེ་ཉི་མ་ Research Assistant Dorji Nimaབྲོཝ་ཨ་ནཱི་ནང་འབདཝ་ད་དྲགས་ཡ་ཨ་ཙི་ཅིག་ཟངས་ནང་འབདཝ་ད?Taste will be better in this copper conatiner?
- གསལ་སྒྲོན་ Seldonཟངས་ནང་དྲག་ལགས།It will be better in this copper container.
- ཞིབ་འཚོལ་ལས་རོགས་རྡོ་རྗེ་ཉི་མ་ Research Assistant Dorji Nimaད་ཀ་ལ་ལས་ཡ?Better than aluminium?
- གསལ་སྒྲོན་ Seldonཨིན།Yes.
- གསལ་སྒྲོན་ Seldonཀ་ལ་ནང་འབད་བ་ཅིན་དྲིམ་མནམ་མས།It is smelling if it is prepared in aluminium container.
- ཞིབ་འཚོལ་ལས་རོགས་རྡོ་རྗེ་ཉི་མ་ Research Assistant Dorji Nimaའེང་་་།Yes.
- གསལ་སྒྲོན་ Seldonཨ་ནཱི་ཁ་ཟངས་ཡང་ ཀ་ལ་འབད་ ནང་(མ་)ཡང་ཀ་ལ་འབདཝ་ད།That time being aluminium container both inside and outside.
- ཞིབ་འཚོལ་ལས་རོགས་རྡོ་རྗེ་ཉི་མ་ Research Assistant Dorji Nimaའེང་་་།Yes.
- གསལ་སྒྲོན་ Seldonད་རུང་ཕིད་(སའི་རྫམ)བཀལ་བ་ཅིན་ལེགས་ཤོམ་ཐོན་འོང་ ངེའི་ཕིད་མེདཔ་བཟོ་ནུགAgain if we put up earthern pot then it will be better but my pot is spoiled.
- གསལ་སྒྲོན་ Seldonཨཱ་་་ཨ་རག་མི་འཐུང་ཟེརནི་བྲོཝ་ལྟ་སྟེ་རང་འཐུང་དགོ་པས།Even if i don't want to drink i have to take it while tasting its taste.
- ཞིབ་འཚོལ་ལས་རོགས་རྡོ་རྗེ་ཉི་མ་ Research Assistant Dorji NimaLaughs
- གསལ་སྒྲོན་ Seldonཕར་སོང་ཁྱོད་གཉིས་ཕར།You two go there.
- ཞིབ་འཚོལ་ལས་རོགས་རྡོ་རྗེ་ཉི་མ་ Research Assistant Dorji Nimaའ་ནཱི་གི་ཚར་གསུམ་འགྱོ་བའི་སྨོ་ཨ་མ?This is three times right mother?
- གསལ་སྒྲོན་ Seldonཚར་གསུམ་འགྱོ་བའི་ད་ཕབ་ནི།Its three times now going to put it down.
- ཞིབ་འཚོལ་ལས་རོགས་རྡོ་རྗེ་ཉི་མ་ Research Assistant Dorji Nimaའེང་་་།Yes.
- གསལ་སྒྲོན་ Seldonཕར་འབད་བཤུབ་འོང་མས་ ཕར་སོང་ཕར་སོང་།Go there u will get burnt, go there, go there.
- གསལ་སྒྲོན་ Seldonའམ་་་ད་ཕབ་ནི་མས་ ཨའོ་ཨའོ་་་།Now going to put down, awooo(expressing sadness).
- གསལ་སྒྲོན་ Seldonཁྱོད་གཉིས་ཕར་སོང་ཟེརཝ་ད་ ཨ་ལོ་འཁྱིད་སོང་ཟེརཝ་ད་ ག་ཅི་སྦེ་ཉན་མ་བཏུབ་སྨོ་ཀུན་ལེགས་དཔལ་མོ།When i say go there, when i say take the child why are you not listening? kuenley wangmo!!(female's name).
- ཞིབ་འཚོལ་ལས་རོགས་རྡོ་རྗེ་ཉི་མ་ Research Assistant Dorji Nimaཨ་མི་ནང་ན་གི་མིང་ག་ཅི་ལོ་ཨ་མ?Mother, what is the name of the one which is inside?
- གསལ་སྒྲོན་ Seldonཨ་ནཱི་བར་ཟངས།This is middle copper.
- ཞིབ་འཚོལ་ལས་རོགས་རྡོ་རྗེ་ཉི་མ་ Research Assistant Dorji Nimaཨ་ནཱི་ཡ?This one?
- གསལ་སྒྲོན་ Seldonཨིན་བར་ཟངས། laughs
- ཞིབ་འཚོལ་ལས་རོགས་རྡོ་རྗེ་ཉི་མ་ Research Assistant Dorji Nimaའེང་་་།yes.
- གསལ་སྒྲོན་ Seldonཕིད་མེད་པའི།Without pot.
- ཞིབ་འཚོལ་ལས་རོགས་རྡོ་རྗེ་ཉི་མ་ Research Assistant Dorji Nimaཨ་རག་འབད་བ་ཅིན་ བོ་ཊཱལ་(དམ་སྦྱིས)ག་དེམ་ཅིག་ཐོན་ནི་མས་གོ་ཨ་མ?How many bottles of wine does it comes mother?
- གསལ་སྒྲོན་ Seldonབོ་ཊཱལ(bottle)གཉིས་དེ་ཅིག་ལགས།Around two.
- ཞིབ་འཚོལ་ལས་རོགས་རྡོ་རྗེ་ཉི་མ་ Research Assistant Dorji Nimaའེང་་་།Okay.
- གསལ་སྒྲོན་ Seldonད་ལྟོ་སྦངམ་ཡང་ཨ་ཙི་ཅིག་རྐྱངམ་གཅིག་བསྐོལ་ཡི་ང་གིས་ལྟ་ཤིགJust now i put only little fermented grain, look.
- ཞིབ་འཚོལ་ལས་རོགས་རྡོ་རྗེ་ཉི་མ་ Research Assistant Dorji Nimaའེང་་་།Okay.
- གསལ་སྒྲོན་ Seldonའབག་ནི་མས་ ཁྱིམ་ནང་འབག་ནི་མས།You may take it, You may take it inside house.
- གསལ་སྒྲོན་ Seldonད་རུང་ངེའི་གདོང་ཁར་ ཨ་ལོ་ལྟ་ཟེརཝ་ད་ཨིན་ན?Again look a child infront of me, is it?(expressing with angry voice).
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukཕུད་ཨིན་ན་འདི?Is this a pot?
- གསལ་སྒྲོན་ Seldonཨ་ནཱི་ཕུད་ ཡར་ཨ་ནཱི་གསེར་སྐྱེམས་ཀྱི་ཆང།This wine in the pot is for brevarage offering.
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukགསེར་སྐྱེམས་ཀྱི།For brevarage offering.
- གསལ་སྒྲོན་ Seldonགསེར་སྐྱེམས་ཀྱི་ཆང་བཞག་པའི།Keeping the wine for brevarage offering.
- གསལ་སྒྲོན་ Seldonཐོན་ནུགYes, it is good.