Video Overview
Tshering Choden and friends make Anda Tengma in Kudung Pang village in Radhi, Trashigang. Anda Tengma is a hardened sticky rice made only in this locality. Radhi is considered the rice bowl of Trashigang Dzongkhag. Rice is soaked in warm water overnight. The water is drained and mixed with oil, then it is fried in a pan, before being thrashed in the Lhue (a traditional wooden or stone mortar). Anda Tengma is common in Radhi, and is served as a snack with tea.
བཀྲིས་སྒང་རྫོང་ཁག་ ར་དྷི་རྒེད་འོག་ ཁུ་ལྡུམ་་སྤང་གཡུས་ཚན་ལས་ ཚེ་རིང་ཆོས་སྒྲོན་དང་ ཆ་རོགས་ཚུ་གིས་ ཨཱན་ཌའི་ཏེང་མ་བཟོཝ་ཨིནམ་ད་ ཨཱན་ཌའི་ཏེང་མ་འདི་ རྩི་ཅན་གྱི་ཆུམ་གྱི་སྦེ་ ར་དྷི་རྒེད་འོག་ནང་རྐྱངམ་ཅིག་བཟོ་དོ་ཡོདཔ་ད་ རྒེད་འོག་འདི་ བཀྲིས་སྒང་རྫོང་ཁག་ནང་ ཆུམ་ལེགས་ཤོམ་སྦེ་འཚོ་ས་ཅིག་ཨིན་མས། འདི་བཟོ་བའི་སྐབས་ དང་པ་ར་ཆུང་འདི་ ནུབ་གཅིག་ཆུ་ནང་སྦང་བཞག་ཞིནམ་ལས་ ཆུ་འདི་ལེགས་ཤོམ་སྦེ་བཙག་ འདི་ལས་མར་ཁུ་ནང་འགྱིར་ འདིའི་ཤུལ་ལས་ ཚར་གཅིག་མེ་གུ་དྲོད་དེ་ བརྔོ་དོ་བཟུམ་འབད་ཞིནམ་ལས་ རྡོ་དང་ཡང་ན་ ཤིང་གི་ལྷེའུ་ནང་བླུག་སྟེ་རྡུང་དགོཔ་མས། ར་དྷའི་རྒེད་འོག་ནང་ ཨཱན་ཌའི་ཏེང་མ་འདི་ ཡོངས་གྲགས་ཅན་ཅིག་ཨིནམ་ད་ འདི་ཇ་དང་གཅིག་ཁར་ཇ་རྩམ་སྦེ་བཟའཝ་མས།
- Radhi
- Trashigang
- སངས་རྒྱས་ཆོས་སྒྲོན Sangay Choden[འ་ནི་ཁོ་བཱ་ར་?]ཟེར་ འ་ནཱི་འདི་ཞག་གཅིག་ཆུ་ནང་སྦང་བཞག་སྦེ་བརྡུངས་ཞིནམ་ལས་ ཨཱན་ཌ་ཏེང་མ་ཟེར་སླབ་ཨིན།
- སངས་རྒྱས་ཆོས་སྒྲོན Sangay Chodenཏེ་ད་ལྟོ་ ང་གི་ལགཔ་ཁར་ཡོད་མི་འདི་ཧཱན་ཌ་མ་ཟེར་ཞུཝ་ཨིན་ལགས། ཧཱན་ཌ་ཏེང་མ་ཟེར་མི་འདི་ ང་བཅས་ཀྱིས་ དུས་ཚོད་ནམ་དང་ནམ་རང་ སྤྲོ་བ་བསྐྱེདཔ་སྨོ་ཟེར་བ་ཅིན་ དང་པ་རང་ང་བཅས་ར་ ཁྲུས་ལོ་གསར་ ཟླ་ཝ་བརྒྱད་པའི་ཁྲུས་འབབ་ལོ་གསར་ དེ་ལས་ང་བཅས་རའི་ལོ་གསརཔ་ཚེས་པའི་དང་པ་ལོ་གསར།
- སངས་རྒྱས་ཆོས་སྒྲོན Sangay Chodenདེ་ལས་ བཅུ་གཉིས་པ་ལོ་གསར་ ངན་པ་དགུ་འཛོམས་ཟེར་ ཏེ་ང་བཅས་ར་ལོ་གཅིག་གི་ནང་ ཏེ་ང་བཅས་ཀྱི་ལོ་གསར་ ཁྲུས་ལོ་གསར་ཟེར་ བདུན་འདུག་(བཞི་འདུག) ཏེ་འ་ནཱ་ལུ་ ཏེ་ང་བཅས་ཀྱི་ དང་ཕུ་ཨ་རྒས་ཨང་རྒས་ཀྱི་ལུགས་སྲོལ་འབད་ ཏེ་ཁྱུན་མ་ཉམས་པར་རང་ ཏེ་ང་བཅས་ཀྱི་ཁྲུས་ལོ་གསར་ལུ་ ང་བཅས་ར་ཤར་ཕྱོགསཔ་ཀྱི་ཧོང་ལས་འབད་བ་ཅིན་ འ་ནཱི་རྡིག་རྡིགསཔ་གི་རྩིས་ཨིན་ལགས།
- སངས་རྒྱས་ཆོས་སྒྲོན Sangay Chodenཏེ་འདི་གི་ནང་ལས་ཡང་ ད་ལྟོ་ང་བཅས་ཀྱིས་ ཕྱག་མཇལ་ཕྱག་རྟེན་འབད་ བླམ་རྩ་ཆེ་དྲག་ དཔོན་ཁག་སྦོམ་ཚུ་ལུ་ ང་བཅས་མི་སེར་གྱི་ཁ་ཐུགས་ལས་འབད་བ་ཅིན་ ཏེ་རང་གི་གུས་ཞབས་ཀྱི་སྒོ་ལས་འབད་དེ་ རྩི་མཐོང་དང་དག་སྣང་གི་སྒོ་ལས་འབད་དེ་ ཏེ་ང་བཅས་ཀྱིས་ ཆེ་ཆུང་ག་བཟུམ་རང་ཨིན་རུང་ད་ང་བཅས་རའི་སེམས་ཧིང་གིས་འབད་ར་ ཏེ་ཧཱན་ཌ་ཏེང་མ་ཟེར་མི་ ཏེ་ཕྱག་མཇལ་བཀལ་མི་འདི་ གཙོ་བོ་ར་ང་བཅས་ར་ལུང་པ་ལུ་འབད་བ་ཅིན་ཧིང་ལས་འབད་རང་ ནང་ན་ལས་ཧིང་བཅད་སྦེ་རང་ ཏེ་ང་བཅས་ཀྱིས་ཕར་ཕུལ་ནི་གི་མནོ་བསམ་ཡོད་པ་ཅིན་ ཏེ་ང་བཅས་ཀྱི་ཧཱན་ཌ་ཏེང་མ་ཟེར་ ཏེ་ཕར་ཕྱག་མཇལ་ཕྱག་རྟེན་རང་འབད་རུང་ དེ་སྦེ་ཕུལཝ་ཨིན་ཟེར་ ཞུ་དོ་ལགས། ལགས་སོ། བཀའ་དྲིན་ཆེ།། །།