Video Overview
Choden from Trongsa District sings “The Majestic Beam Above” (Yar Lekpe Dingri), a spiritual zhungdra song that is popular primarily in the Gangteng and Trongsa regions. According to oral tradition, the song was composed by an incarnation of Gangteng Trülku, Tendzin Lekpe Döndrup (1645-1726), to facilitate the lifting of a huge and heavy roof beam at the occasion of the construction of Gangteng Temple. Though the song originated in the Gangteng Temple region, it is commonly sung in the Trongsa region, which shares a border with Gangteng.
ཆོས་སྒྲོན་གྱིས་འཐེན་མི་ གཞུང་སྒྲའི་གླུ་གཞས་ ཡར་ལེགས་པའི་གདིང་རི་འདི་ སྒང་སྟེང་དང་ ཀྲོང་གསར་ལུང་ཕྱོགས་ནང་ལུ་ ཡོངས་གྲགས་ཅན་ཅིག་ཨིན་རུང་ ས་གནས་གཞན་ཚུ་ནང་ ཡོངས་གྲགས་མེདཔ་ཨིན་མས། གླུ་གཞས་འདི་ སྒང་སྟེང་ལྷ་ཁང་བཞེངས་པའི་སྐབས་ ཁྱིམ་ཐོག་གུ་ལུ་ ལྗིད་ཅན་གྱི་གདངམ་བཀལཝ་ད་ ཕན་ཐོགས་ནིའི་དོན་ལུ་ སྒང་སྟེང་སྤྲུལ་སྐུ་ བསྟན་འཛིན་ལེགས་པའི་དོན་གྲུབ་མཆོག་གིས་ རྣམ་སྤྲུལ་གྱི་སྦེ་རྩམ་ཅིག་ཟེར་ཨིན་མས། གླུ་གཞས་འདི་ སྒང་སྟེང་ལས་འབྱུང་ཡོད་རུང་ ཀྲོང་གསར་དང་ སྒང་སྟེང་གཉིས་ ས་མཚམས་རྩ་བ་འབད་ནི་འདི་གིས་ སྤྱིར་བཏང་ལུ་ གླུ་གཞས་འདི་ ཀྲོང་གསར་རྫོང་ཁག་ནང་ལུ་ འཐེན་དོ་ཡོདཔ་ཨིན་མས།
- ཆོས་སྒྲོན་ Chodenཡར་གྱི་ལེགས་པའི་ལྡིང་རི་ནང་ལ། །
- ཆོས་སྒྲོན་ Chodenལྷུན་གྲུབ་ཆགས་པའི་ལྡིང་རི་ནང་། །
- ཆོས་སྒྲོན་ Chodenམཚན་ལྡན་བླ་མའི་མཇལ་ཁ་ནང་ལ། །
- ཆོས་སྒྲོན་ Chodenབྱིན་རླབས་སྲུང་སྐུད་ཡོད་ཟེར་ཡོད། །
- ཆོས་སྒྲོན་ Chodenདཀར་སངས་གསེར་གྱི་ཟངས་བུམ་ནང་། །
- ཆོས་སྒྲོན་ Chodenཡི་དམ་མཁའ་འགྲོ་ཕེབས་སེ་ཕེབ་ལ། །
- ཆོས་སྒྲོན་ Chodenཡི་དམ་མཁའ་འགྲོ་ཕེབས་སེ་ཕེབ།། །།