Video Overview
This song sung by Pema of Namgyelgang village of Dagana Gewog is a local song usually performed while cultivating maize. As the people sow the maize seeds, the song is sung in the hopes of appeasing local dieites to protect the plants and render timely rain. This short song says that the male deity at the right and female deity at the left, providing their protection. According to Pema, this song is less commonly performed these days as young people lose interest.
དར་དཀར་ན་རྫོང་ཁག་ རྣམ་རྒྱལ་གླིང་གཡུས་ཚན་ལས་ པདྨ་གིས་འཐེན་མི་གླུ་གཞས་འདི་ གེ་ཟ་བསྡུ་བའི་སྐབས་སུ་འཐེནསྲོལ་ཡོད་པའི་ གླུ་གཞས་ཅིག་ཨིནམ་ད་ མི་ཚུ་གིས་ གེ་ཟ་ས་ཁར་བཏབ་པའི་སྐབས་སུ་ ལོ་ཐོག་ལོག་ལེགཤ་ཤོམ་སྦེ་ བསྡུ་ཚུགས་ནི་གི་དོན་ལུ་ ཆར་ཆུ་དུས་སུ་འབབ་བཅུག་ཟེར་ གཡུས་ལྷ་ལུ་གསོལ་བཏབ་སྟེ་ གླུ་གཞས་འདི་འཐེནམ་ཨིན་པས། གླུ་གཞས་འདི་ནང་་ གཡས་ཁ་ཐུག་ལུ་བཞུགས་པའི་ ཕོ་ལྷ་དང་ གཡོན་ཕྱོགས་ལུ་བཞུགས་མི་ མོ་ལྷ་ལུ་ ཆར་ཆུ་དུས་ལུ་འབབ་སྟེ་ ལོ་ཐོག་ལེགས་ནི་ལུ་ སྐྱབས་མཛད་དགོ་ཟེར་ཞུཝ་ཨིན་པས། ཏེ་པདྨ་དང་འཁྲིལ་བ་ཅིན་ ན་གཞོན་ཚུ་གིས་ སོན་བཏབ་པའི་སྐབས་ གླུ་གཞས་འཐེན་ནི་མེདཔ་ལས་བརྟེན་ སྡེ་ཚན་ནང་ མི་རྒས་ཤོས་ཚུ་གིས་ སྤྲོ་བ་བསྐྱེད་དེ་འཐེན་ན་མ་གཏོགས་ ད་རེས་ནངས་པ་ སོན་བཏབ་པའི་སྐབས་ གླུ་གཞས་འདི་འཐེན་ས་མི་མཐོང་པས་ཟེར་ཨིན་པས།
- པདྨ་ Pemaཕོ་ལ་ཆེན་པོ་གཡས་ལས་བཞུགས། །ཕོ་ལྷ་ཕོ།Great father sits at the right
- པདྨ་ Pemaམོ་ལ་ཆེན་པོ་གཡོན་ལས་བཞུགས། །ཕོ་ལྷ་ཕོ།Great mother sits at the left
- པདྨ་ Pemaརྩ་བོ་སྤུས་ཀྱིས་དབའེ་ཟ་མ་བཅུག །ཕོ་ལྷ་ཕོ།may the roots be not harmed by pests
- པདྨ་ Pemaཡ་ལོ་ཕྱུགས་རྟག་ཏུ་དབའེ་ལེགས་དགོ་ལོ། །ཕོ་ལྷ་ཕོ།let's have a bumper harvest
- པདྨ་ Pemaཡ་ཆར་ཆུ་དུས་ལུ་དབའེ་འབབ་དགོ་ལོ། །ཕོ་ལྷ་ཕོ། བཀའ་དྲིན་ཆེ།། །།let the rainfal on time