05 Jan 2016
1 min 45 sec
Video Overview
Creators:
Tibetan & Himalayan Library, Dudul Dorjee
This is a video of Tsethar Bum from Yonru Village in Chentsa singing a song called "A Magpie Rests on the Black Tent." This song is part of a collection of folk songs from the Rebgong cultural area.
འདི་ནི་སྤྱིར་བཏང་གི་ཨ་མདོ་རེབ་གོང་ས་ཁུལ་གྱི་རྟེན་འབྲེལ་མཚོན་པའི་དམངས་གླུ་ཞིག་ཡིན།
གླུ་འདིའི་ནང་དུ་སྐྱ་ཀ་ཆོན་མགོར་བབས་པ་རྟེན་འབྲེལ་བཟང་པོ་ཡིན་པ་ཤུགས་ཀྱིས་བསྟན་ཏེ། སྐྱ་ཀའི་མདོག་ཁྲ་ཁྲ་ཡིན་པ་གཡུ་བྱུར་དང་འདྲ་བ་དང་། སྐྱ་ཀ་ཡོང་ན་འགྲུལ་བ་ཡོང་བའི་རྟགས་དང་། འགྲུལ་བ་ཚོང་བ་ཡོང་ན་གཡུ་བྱུར་ཡང་འབྱུང་བའི་དོན་ཞིག་སྟོན་ཡོད་དམ་སྙམ།
- ཡེེ་་་་་་་་་་་་་་་་ཡ་རེ་་་་་་་་་་་་་ངས་ཡ་རེ་ལེན། །
- སྦྲ་མཐིང་སྨུག་ཆོན་མགོར༼་་་་་་་ཡེ༽སྐྱ་ཀ་བབས། །
- བྱ་སྐྱ་ཀ་ཟེར་ན༼་་་་་་་་ཡེ༽བྱ་རྙིང་རེད། །
- མདོག་ཁྲ་ཁྲ་ཡིན་ནོ༼་་་་་་་་ཡེ༽གཡུ་བྱུར་རེད། །
- འདི་གཡུ་བྱུར་འདོགས་ནོ༼་་་་་་ཡེ༽མ་སྲི་རེད། །
- ངས་གླུ་ཤེས་ཁུལ་བྱེད་ལ༼་་་་་་ཡེ༽དགོད་ཁ་སློངས། །