Video Overview
This beautiful Boedra song is performed by Denkar and her friend from Talo in Punakha. The lyrics of the song highlight the impermanence of universe and mortality, necessitating leaving all belongings, including beauty and wealth, behind. The lyrics aim to convince listeners not to look at the beauty of the singer, since it is by nature impermanent; instead, the right path to follow is the Buddha dharma to attain enlightenment, by following a great spiritual master. The lyrics are composed with metaphorical elements such as snow leopards, snow peaks, the beautiful meadows of highland areas, and the stag.
སྤུན་ན་ཁ་རྫོང་ཁག་ རྟ་ལོག་གཡུས་ཚན་ལས་ སྒྲོན་དཀར་དང་ ཆ་རོགས་ཚུ་གིས་འཐེན་མི་འདི་ བོད་སྒྲའི་གླུ་གཞས་རྙིངམ་ཨིནམ་ད་ གླུ་གཞས་འདི་ནང་ ང་བཅས་རའི་ཚེ་འདི་ མི་རྟག་པའི་རང་བཞིན་འབདཝ་ལས་ རྒྱུ་ནོར་ལོངས་སྤྱོད་ལ་སོགས་པའི་དངོས་པོ་དང་ མཐའ་ན་རང་གི་ལུས་ཡང་ སྤང་དགོ་པའི་སྐོར་ལས་ སླབ་མས། ད་རུང་ གླུ་གཞས་འདི་ནང་ ང་བཅས་ར་ག་ར་ཨིནརུང་ གཉེན་གྲོགས་རེ་བཏོན་པའི་སྐབས་སུ་ དམ་པའི་ལུ་བརྩི་བཀུར་ཡོད་མི་ མཐར་ཐུག་སངས་རྒྱས་ཀྱི་འགོ་འཕང་ཐོབ་པའི་ ལམ་སྟོན་འབད་ཚུགས་པའི་ གཉེན་གྲོགས་ཅིག་འཚོལ་ནི་མ་གཏོགས་ བྱད་ངོ་རི་དང་གཟུགས་གཤིས་ལ་སོགས་ཚུ་ལུ་ ལྟ་ནི་མི་འོང་ཟེར་བའི་དོན་མས། ཚིག་འདི་ཚུ་ གངས་གཟིག་དང་གངས་ འདི་ལས་གངས་ཀྱི་སྤང་དང་ ཤཝའདི་ཚུ་ལུ་དཔེ་སྦྱརཝ་ཨིན་པས།
- Talo
- Talo
- Punakha
- སྒྲོལ་དཀར་དང་ཆ་རོགས་གངས་དཀར་སེང་གེ་གཡུ་གྲལ་(རལ་)ལ་རྒྱས་པ་ཁྱོད་ལ། །གངས་རི་དཀར་པོ་ང་ལུ་ལས་མ་ཆགས་ཤིག་ལ། །གངས་རི་དཀར་པོ་ང་ལུ་ལས་མ་ཆགས། །
- སྒྲོལ་དཀར་དང་ཆ་རོགས་ང་ལས་ལྷག་པའི་གངས་དཀར་ལ་དིའུ་རྩི་(ཏི་སི་)ཡོད་ལ། །གངས་རི་ང་ནི་ཉི་མ་ལས་བཞུ་ཉེན་ཡོང་ལ། །གངས་རི་ང་ནི་ཉི་མ་ལས་བཞུ་ཉེན། །
- སྒྲོལ་དཀར་དང་ཆ་རོགས་ཐང་དཀར་རྒྱལ་པོ་ཤོག་རྩལ་ལ་རྫོགས་པ་ཡོད་ལ། །བྲག་སྟོད་མཐོན་པོ་ང་ལུ་ལས་མ་ཆགས་ཤིག་ལ། །བྲག་སྟོད་མཐོན་པོ་ང་ལུ་ལས་མ་ཆགས། །
- སྒྲོལ་དཀར་དང་ཆ་རོགས་ང་ལས་ལྷག་པའི་རི་བོ་(རི་རྒྱལ་)ལ་ཆེན་པོ་ཡོད་ལ། །བྲག་སྟོད་ང་ཡི་མཐོ་སྟོད་ལས་མཐོ་ནི་ཡོང་ལ། །བྲག་སྟོད་ང་ཡི་མཐོ་སྟོད་ལས་མཐོ་ནི། །
- སྒྲོལ་དཀར་དང་ཆ་རོགས་ཤཝ་རྒས་རྭ་ཅུང་(ལྡུམ་རེ་?)ལ་རྒྱས་པ་ཁྱོད་ལ། །སྤང་གཤོང་མཐོན་མོ་ང་ལུ་ལས་མ་ཆགས་ཤིག་ལ། །སྤང་གཤོང་མཐོན་མོ་ང་ལུ་ལས་མ་ཆགས། །
- སྒྲོལ་དཀར་དང་ཆ་རོགས་ང་ལས་ལྷག་པའི་རྩྭ་ཆུ་ལ་ཁ་དོག་ཡོད་ལ། །སྤང་གཤོང་མཐོན་མོ་ང་ལུ་ལས་མ་ཆགས་ཤིག་ལ། །སྤང་གཤོང་མཐོན་མོ་ང་ལུ་ལས་མ་ཆགས། །
- སྒྲོལ་དཀར་དང་ཆ་རོགས་ཨ་མའི་བུ་ཆུང་ལྷ་འུ་ལ་ལྟ་བུ་ཁྱོད་ལ། །ཨ་མ་སྣང་ས་ང་ལུ་ལས་མ་ཆགས་ཤིག་ལ། །ཨ་མ་སྣང་ས་ང་ལུ་ལས་མ་ཆགས། །
- སྒྲོལ་དཀར་དང་ཆ་རོགས་ང་ལས་ལྷག་པའི་དཔོན་པོ་ལ་ཡབ་སྲས་ཡོད་ལ། །ཨ་མ་མི་རྟག་ཆོས་ལུ་ལས་འགྲོ་ནི་ཡོང་ལ། །ཨ་མ་མི་རྟག་ཆོས་ལུ་ལས་འགྲོ་ནི།། །།