Skip to main content Skip to search
26 Dec 2014
5 min 33 sec
Video Overview
Creators: 
Duptho

Kencho Dorji from Rangjung in Trashigang Dzongkhag presents in this video a cattle herder's local bamboo magic trick. As he performs the trick, he narrates how he learned it as a child from older cattle herders in his home area. He tells how the older herders would create bamboo puzzles that they use as a “test” for the youth in the area. Those who failed to solve the puzzle had to take the livestock out to pasture, and the winners were exempt from the duty.

 

༉  བཀྲ་ཤིས་སྒང་རང་བྱུང་ལུ་འབད་ དཀོན་མཆོག་རྡོ་རྗེ་གིས་སྟོན་མི་འདི་ མི་རིག་པ་ཅན་ཚུ་གིས་ གཞན་མི་ཚུ་ལུ་མིག་འཁྲུལ་འབད་སྟོན་སྟོནམ་ཨིན་མས། ཁོ་ར་ཧེ་མ་ཆུང་ཀུ་བསྒང་ལུ་ སྦོམ་ཆ་ཁྱབ་ཀྱིས་དེ་སྦེ་སྟོན་སྟོནམ་རྐྱངམ་ཅིག་མ་གཏོགས་ ཁུངས་བཀལ་བརྟགས་དཔྱད་ཚུ་ག་ནི་ཡང་འབད་འབདཝ་མེདཔ་ཨིན་རུང་ རྩེད་ཐངས་དེ་ དེ་སྦེ་ཨིན་ཟེར་ རྒྱུ་དེ་ཡང་སྤག་ཤིང་གིས་འབད་བཟོ་བཟོཝ་ཨིན་པས།

Transcript search
No results found for this search
0 of 0
  • དཀོན་མཆོག་རྡོ་རྗེ / Kencho Dorji
    ད་ཨ་ནི་འདི་ རྦ་སྨྱུག་གིས་བཟོ་མས་ ཨ་ནི་ཡང་ བཟོ་ནི་འདི། དེ་འབདཝ་ད་ལུ་ ཧེ་མ་ང་བཅས་ ནོར་འཚོ་སྡོདཔ་ད་ ཨ་ནི་འབད་སྡོདཔ་ད་ རོགས་མི་ རིག་པ་སྡོད་སྡོདཔ་མས། མི་སྦོམ་ཚུ་གིས་ ཨ་ནི་བཟུམ་ཅིག་བཟོ་སྟེ་ རྦ་སྨྱུག་གིས་ སྟེ་ ཁྱོད་ཀྱི་ཕྱེ་ཤེས་ག་ཟེར་ སྟེ་མ་ཤེས་པ་ཅིན་ ནོར་བདའ་བ་འགྱོ་དགོ་ཟེར་ ག་ཅི་ལོ་ཟེར། སྟེ་ཁོང་ཚུ་གིས་བཟོ་སྟེ་བྱིན་དེས།
  • དཀོན་མཆོག་རྡོ་རྗེ / Kencho Dorji
    ད་ང་གིས་བཟོ་ལྟ་གེ་མས། ཨ་ནི་ག་ཅི་བཟུམ་ཅིག་ ཨིན་ན་ཅིག ཁྱོད་ཚུ་གིས་ མ་གཟིགས་པས་བ། ཨ་ནི་བཟོ་ཐངས་འདི་ རྦ་སྨྱུག་ཨིན་མ་པ། རྦ་སྨྱུག་ ད་ལྟོ་ནཱ་ ང་བཅས་ར་ནཱ་ རྦ་སྨྱུག་རློནམ་མེདཔ་ལས་ རྦ་སྨྱུག་སྐམ་གྱིས་བཟོ་ནི། སྟེ་ ཨིན་ནི་འདི་ རྦ་སྨྱུག་རློནམ་ཡོད་པ་ཅིན་ ལེགས་ཤོམ་འགྱོ་ནི་ཡོད།
  • དཀོན་མཆོག་རྡོ་རྗེ / Kencho Dorji
    ཨ་ནི་སྦེ་འབད་དེ་ རྦ་སྨྱུག་གིས་བཟོ་སྟེ་ ཨ་ནི་འབད་བཟོ་ནི་སྟེ། གྱི་ཅུང་རྣོས་མེད་རུང་ ཉན་མི་བཏུབ། རོགས་ཧེ་མ་ མི་སྦོམ་ཚུ་གིས་ སྟེ་་ཨིན་ནི་འདི་ ཧེ་མ་རྒྱུད་ཅིག་འདི་ཡོདཔ་འོང་། ཨ་ནི་སྦེ་བཟོ་དགོ་ཟེར་བའི་ ཡོདཔ་ཨིན་པས། ང་གིས་ཡང་ གནམ་མེད་ས་མེད་ཅིག་ ཁུངས་བསྐྱལ་ཏེ་ མི་ཤེས་པས།
  • དཀོན་མཆོག་རྡོ་རྗེ / Kencho Dorji
    རོགས་ཧེ་མ་འདི་ཚུ་གི་ཡང་ ཨ་ནི་སྦེ་ཨིན་ཟེར་ཅིག་ ཁུངས་བསྐྱལ་ཏེ་ འབྱུང་ཁུངས་ཨ་ནི་འབད་ཨིན། ཨ་ནི་སྦེ་ བཟོ་བཟོཝ་ཨིན་ཟེར་ གཅིག་ཡང་མིན་འདུག ང་བཅས་ཆུང་ཀུ་སྦེ་སྡོདཔ་ད་ ཡང་ཅིན་ཁོང་ཚུ་གིས་ སླབ་སླབ་འོང་། སྟེ་ང་བཅས་ཀྱི་འདི་ གནམ་མེད་ས་མེད་ཅིག་ དཔྱད་རི་མིན་འདུག བཟོ་ཐངས་འདི་ ཨ་ནི་སྦེ་བཟོ་དོ།
  • དཀོན་མཆོག་རྡོ་རྗེ / Kencho Dorji
    སྟེ་་ཨ་ནི་རྦ་སྨྱུག་འདི་ སྲབ་ཁོད་ཁོད་བཟོ་དགོ
  • དཀོན་མཆོག་རྡོ་རྗེ / Kencho Dorji
    དེ་ལས་ ནཱ་ང་བཅས་རྦ་རློནམ་མེད་པར། ནམ་དགུན་ལུ་འབད་ནི་འདི་གི་ རྦ་སྨྱུག་སྐམ་འབད་ནི་འདི་གིས་ གཞན་ང་བཅས་ དང་ཕུག་ ནོར་རྫིཔ་འབད་སྡོདཔ་ད་ ཚལ་མ་ནང་ལུ་ཨིན་པ་ཅིན་ རྦ་སྨྱུག་འཇམ་ཏོང་ཏོ་སྦེ་མི་ རྦ་སྨྱུག་རློནམ་ ལེགས་ཤོམ་འབད་བཟོ་བཏུབ།
  • དཀོན་མཆོག་རྡོ་རྗེ / Kencho Dorji
    ཨ་ནི་འབད་བཟོ་སྟེ་ སྟེ་ཨ་ནི་ཡང་ མ་པ་བཟོ་ཐངས་གཅོག་ར་ཐད་ཟེརཝ་ད་ ཨ་ཙི་རེ་སོ་སོ་འདུག རྒྱལཔོ་རྟ་ཤོར་བཟུམ་སྦེ་ར་ཨིན་ ཨ་ནི་ཡང། རྦ་སྨྱུག་གྱངས་ཁ་གཉིས་གསུམ་དེ་ཅིག་གིས་ འེ་ངེ་ཐེ་ངེ་ལང་འོང་། གཅིག་ཨ་ནི་འབད། ཨ་ནི་འདི་ མ་འབད་དེ་ སྟེ་ཨ་ནི་འདི་ བཏབ་སྟེ་བཟོ་ནི་གིས་ཨིན་ ཨ་ནི།
  • དཀོན་མཆོག་རྡོ་རྗེ / Kencho Dorji
    ཆུང་ཀུ་སྦེ་ བཟོ་དགོ
  • དཀོན་མཆོག་རྡོ་རྗེ / Kencho Dorji
    རྦ་སྨྱུག་ལེགས་ཤོམ་སྦེ་ཡོད་པ་ཅིན་རྐྱངམ་ཅིག་ཨིན། སྐྱོན་མ་ཤེསཔ་འབད་ བཟོ་དགོ་པས་བ་ ཨ་ནི་འདི། བཏབ་དགོ་ནང་འདི་གིས། ཨ་ནི་མེན་པ་ཅིན་ སྐྱོན་ཤེསཔ་འབད་བ་ཅིན་ རོགས་ཀྱི་ཡིད་མི་ཆེས་ནི་མས།
  • དཀོན་མཆོག་རྡོ་རྗེ / Kencho Dorji
    བཙུགས་ས་འདི་ ལེགས་ཤོམ་སྦེ་བཞག་པ་ཅིན་ འཇམ་ཏོང་ཏོ་ཨིན། སྟེ་་ང་བཅས་འདི་ ང་བཅས་ཀྱི་གདོང་ཁ་འདི་ བཟོ་ནི་མིན་འདུག་ ཧེ་མ་ ཁོང་ཚུ་གི་ ང་བཅས་ཀྱི་ཤེས་འོང་ཟེར། ཟུར་ཁ་འབད་བཟོ་སྟེ་ ང་བཅས་ལུ་བྱིན་ཏེ་ ང་བཅས་བཟོ་་ཕྱེ་མ་ཤེས་པར་ དེ་ལས་ཁོང་ཚུ་གིས་ ལཱ་འབད་དགོ་སྟེ་ ང་བཅས་འདི།
  • དཀོན་མཆོག་རྡོ་རྗེ / Kencho Dorji
    སྟེ་ ཁོང་ཚུ་གིས་ ནོར་བདའ་དགོཔ་འཐོན་དེས། ནོར་བདའ་ཟེར་བ་ཅིན་ཞ ནོར་བདའ། ཁོང་གིས་ག་ཅི་སླབ་ཅིག་ འབད་དེ་ འབད་དགོཔ་འཐོན་དེས། མ་པ་བཟོ་ཐངས་འདི་ འཇམ་ཏོང་ཏོ་ཨིན།
  • དཀོན་མཆོག་རྡོ་རྗེ / Kencho Dorji
    དེ་འབདཝ་ད་ ཨ་ནི་རྦ་སྨྱུག་སྐམ་སྦེ་ནི་འདི་གིས་ རྦ་སྨྱུག་གིས་བཅག་འགྱོ་སྟེ་ ང་གིས་ཨ་ནི་ཁུངས་མེདན་ཅིག་འགྱོ་འོང་ག་ ག་ཅི་འབད་འོང་ག་མ་ཤེས་ཏེ་ ང་བཅས་གསུམ། མ་གཞི་བཟོ་ཐངས་འདི་ ཨ་ནི་སྦེ་ར་ཨིན། ཨ་ནི་འབད་བཟོ་སྟེ་ དེ་ལས་ད་རུང་ རྦ་དུང་ཅུང་ཅིག་བཟོ་དགོ་ ད་རུང་ ཨ་ནཱ་ལས།
  • དཀོན་མཆོག་རྡོ་རྗེ / Kencho Dorji
    འུམ་ དུང་ཅུང་ཅིག་བཏོག་སྟེ། སྟེ་དེ་ལས་་ ད་རྦ་སྨྱུག་སྐམ་ཏེ་ བཅག་འགྱོ་འོང་། མ་གཞི་ང་གིས་ ཁྱོད་གཉིས་ལུ་ དཔེ་བཟུམ་ཅིག་འབད་ སྟོན་ནི། ཨ་ནི་ རྦ་སྨྱུག་རློནམ་ ཨིན་པ་ཅིན་ཏེ་ ལེགས་ཤོམ་འབད་ར་བཏུབ་བ།
  • དཀོན་མཆོག་རྡོ་རྗེ / Kencho Dorji
    ད་ཨ་ནི་འདི་ ཨ་ནི་འབད་དགོ ཧེ་མ་ར། ཨ་ནི་འབད་ བཏབ་སྟེ། ཨ་ནི་ཡར་ཏ་ བཙུགས་བཞག་ནི་ ཨ་ནི་སྦེ། ཨ་ནི་དུང་ཅུང་འདི་ ཨ་ན་བཙུགས་ཏེ། དེ་ལས་ ཨིན་མས་ག
  • དཀོན་མཆོག་རྡོ་རྗེ / Kencho Dorji
    དེ་ལས་འབདན་ ད་ད་ལྟོ་ནང་ བཅག་འགྱོ་མས་བ། བཅག་མ་འགྱོ་བ་ཅིན་ ན་ཁ་ཐུག་ལུ་བཙུགས་བཞག་ནི་ དེ་ལས་ ད་རུང་ ཨ་ནི་འབད་བཏབ་ནི། དེ་ལས་ ཨ་ནི་ཡར་ཏ་བཙུགས་བཞག་སྟེ་ ཨ་ནི་སྦེ་ བཞགཔ་ད་ལུ་ དེ་ལས་ཨ་ནཱ་ སྐྱོན་མ་ཤེས་པར་འཐོན་འོང་།
  • དཀོན་མཆོག་རྡོ་རྗེ / Kencho Dorji
    ད་ལྟོ་ནཱ་སྟེ་ རྦ་སྐམ་འབད་ནི་འདི་གིས་ བཅག་འགྱོ་མས་བ། ཨ་ནི་བཟུམ་སྦེ་ བཟོ་འོང་། ཨ་ནི་འདི་ སྟེ་ཁོ་རིག་པ་གི་ཨིན་མས་བ། ཨ་ནི་བཟུམ་སྦེ་ བཟོ་སྟེ་ སྟོན་བྱིན་དེས། ང་བཅས་ཀྱི་ ཨ་ནི་ཅིག་རྐྱངམ་ཅིག་ ཁུངས་བསྐྱལ་ཏེ་ ག་སྟེ་ལས་འབྱུང་ཁུངས་ག་དེ་སྦེ་ཨིན་ན་ཟེར་ ང་བཅས་ཀྱི་དྲི་ཡང་མ་ཤེས་པས། མ་པ་བཟོ་ཐངས་ཅིག་ ང་བཅས་ཀྱི་སེམས་ཁར་བཞག་སྟེ་ ད་ལྟོ་བཟོ་སྟེ་ ད་ལྟོ་ང་གིས་ ཁྱོད་ལུ་སྟོན་སྟོནམ་རྐྱངམ་ཅིག་ཨིན། ཡ་་ཡ་་་བཀྲིན་ཆེ།