Skip to main content Skip to search
03 Feb 2016
1 min 28 sec
Video Overview
Creators: 
Dawa Tshering, Thinley Dorji

"Tshewang Lhamo sings “Om Sangla Mani” (An Offering Song). This song is an old boedra song. During any celebrations, all the people are invited to join the dance. She did not remembered who had composed it, he learnt from elder person in the village. Today many younger stars are not interested to learn from the elder person and they are greatly influences by western pop songs and music.

"

 

ཚེ་དབང་ལྷ་མོ་གིས་ བོད་སྒྲའི་གླུ་གཞས་ ཨོཾ་ས་ལ་མ་ཎི་ཟེར་འདི་འཐེནམ་ཨིནམ་ད་ བོད་སྒྲའི་གླུ་གཞས་རྙིངམ་འདི་ རྐྱབ་པའི་སྐབས་སུ་ མི་ག་དེ་མང་མང་གིས་ ཞབས་བྲོའི་གྱལ་ཁར་འཛུལ་ཏེ་རྐྱབ་ཨིན། མོ་གིས་ཞབས་བྲོ་བརྩམས་མི་འདི་ ག་ཨིན་ན་གཏན་གཏན་མ་ཤེས་རུང་ མོ་གིས་ གཡུས་ཁའི་རྒས་ཤོས་ཚུ་ལས་སྦེ་སྦྱངས་ནུག། ཏེ་ད་རེས་ནངས་པའི་ ན་གཞོན་ཚུ་གིས་ ཞབས་བྲོ་འདི་སྤྲོ་བ་མ་བསྐྱེད་པར་ ཕྱི་གླིང་པའི་ཞབས་བྲོ་ཚུ་ལུ་ སྤྲོ་བ་བསྐྱེད་མི་གིས་ འདི་བཟུམ་གྱི་ཞབས་བྲོ་ཚུ་ ཉམས་ནིའི་ཉེན་ཁག་འདུག།  

 

Transcript search
No results found for this search
0 of 0
  • ཚེ་དབང་ལྷ་མོ།
    གསེར་པོ་གསེར་གྱི་རྒྱ་གླིང་ཟེར། །སྤོ་ཏོག་རྩེ་ལས་ཟེར། རྩ་རི་མྱུག་མོ་འཁྲུངས་ཡོད་ཟེར། །རྩ་རི་མྱུག་མོ་མ་རེད། ང་འཚོ་བླ་མའི་སྐུ་གཟུགས་རེས་ལོ། །
    Yellow coloured golden clarinet. On the top of the hill. The bamboo shoot is grown. It's not bamboo shoot. It is the body of my master.
  • ཚེ་དབང་ལྷ་མོ།
    སྤོ་ཏོག་རྩེ་་་་སྤོ་ཏོག་རི་བའི་རྩེ་ལས། །གསེར་གྱི་དཀར་གསལ་ཟླ་བ་ཤར་ཡོད། །དཀར་སངས་ཟླ་བ་མ་རེད། །ང་འཚོ་བླ་མའི་ཞལ་རས་རེད་ཟེར། །
    From the hill top. The golden moon is shinning. It is not the bright moon. it is the face of my master.
  • ཚེ་དབང་ལྷ་མོ།
    སྤོ་ཏོག་ལའི་རྩེ་ལས། །གདུང་དཀར་སྒྲོལ་མ་འཁྲུངས་ཡོད། །གདུང་དཀར་སྒྲོལ་མ་མ་རེད། །ང་འཚོ་བླ་མའི་ཕྱག་མཇལ་རེད་ལོ། །
    From the hill top. The conch has grown. It is not the conch. It is a gift presented to my master.
  • ཚེ་དབང་ལྷ་མོ།
    འཇམ་ཏོག་ཏོ། རྩེ་རྩེ་ཆེན་སྤོ་ཏོག་རྩེ་ལས། །གསེར་གྱི་རྒྱ་གླིང་གནང་ཡོད། །གསེར་གྱི་རྒྱ་གླིང་མ་རེད། །ང་འཚོ་བླ་མའི་གསུང་སྐད་ཟེར། །ཚིགས་འདི་ཡང་འཇམ་རང་འཇམ་ལགས།
    It is simple. On the huge hill top. The golden clarinet is offered. It is not the golden clarinet. It is the voice of my master. The words are also very simple.