Skip to main content Skip to search
03 Nov 2014
2 min 19 sec
Video Overview
Creators: 
Tibetan & Himalayan Library

Drölma from Gartsé village in Repgong recites the words of a traditional song used to express gratitude for and to bless food.

འདིར་ཟས་ཟ་མ་ཟ་སྐབས་ཟ་མ་དེའི་དྲིན་མ་བརྗེད་པར་མ་ཎི་རེ་འདོན་དགོས་པའི་ནང་དོན་གཙོ་བྱས་པའི་གླུ་ཚིག་ཅིག་བརྗོད་ཡོད། 

འདིར་གླུ་རྙིང་བ་ཞིག་གི་གླུ་ཚིག་བཀོད་ཡོད་དེ། ནང་དོན་གཙོ་བོ་ནི་ཟ་མ་ཟ་སྐབས་ཟ་མ་དེའི་དྲིན་མ་བརྗེད་པར་མ་ཎི་རེ་འདོན་དགོས་ཚུལ་བརྗོད་ཡོད་ལ། ཟས་གང་ཞིམ་ཟ་དུས་ཞིང་བུ་དྲོན། ཞིང་ཆུང་མ་ཟེར་ནས་མ་ཎི་ཐོན། ཇ་འོ་ཇ་འཐུང་དུས་འབྲི་མོ་དྲོན། མ་བུ་མོ་ཟེར་ནས་མ་ཎི་ཐོན། ཞེས་པ་ལྟར་འོ་ཇ་འཐུང་དུས་འབྲི་མོའི་དྲིན་དྲན་དགོས་པ་དང་ཟས་ཞིམ་པོ་ཟ་དུས་ཞིང་ཆུ་མའི་དྲན་དགོས་ཚུལ་བརྗོད་ཡོད། བརྙན་འདིའི་ནང་དུ་ད་དུང་ཁྲི་མ་འབུམ་བཞིའི་ཁེད་ཀྱི་ཁེད་ལན་ཏེ། མགོ་ཡི་ར་བའི་མན་ཆད་ན་སྐྲ་ནག་པོ་སྐྱེ་སྟངས་ཁྲི་མ་འབུམ། ཐོད་པ་ལེབ་མོའི་མན་ཆད་ན་མིག་ཕྲ་རིས་བཙུམ་ཙམ་ཁྲི་མ་འབུམ། རྣ་ཁུང་ཕྲ་མོའི་མན་ཆད་ན་ལྕེ་དལ་མེད་བཤད་ཚུལ་ཁྲི་མ་འབུམ། མ་ནེ་དབྱུག་རིས་མན་ཆད་ན་སེམས་ཕྲ་ལོ་འཆར་སྒོ་ཁྲི་མ་འབུམ། ཞེས་ངག་བདེ་ཞིང་ཡིད་འཛིན་སླ་བ། ཚོག་སྦྱོར་དོ་མཉམ་པའི་ཚུལ་གྱི་ཁེད་ལན་འདི་བརྗོད་ཡོད།

本段视频讲述了一首传统民歌的歌词,歌词里主要讲了当我们在当我们用膳时要学会感激。

本段视频讲述了一首传统民歌的歌词,歌词里主要讲了当我们在当我们用膳时要学会感激。比如当你喝着香飘飘的奶茶时要想起牦牛并要感激,当你吃到各种美味时要感激水田。这段视频还讲述了一则谜语的答案用简单易懂的语句来表达。谜语四个“千千万万”答案是,人的头发会长千千万万,眼睛会眨千千万万,嘴巴会动千千万万,在心里想的东西有千千万万。

Transcript search
No results found for this search
0 of 0