Skip to main content Skip to search
25 Aug 2014
7 min
Video Overview
Creators: 
Yeshey Wangchuk

Lugi Rawa Temple is situated in the middle of a peaceful forest, a two-hour walk from Dur Lusibi village in the remote area of Bumthang district. The saint Khara Gomchung founded the temple when he visited the area. One of the temple’s distinguishing characteristics is a stone structure above it that resembles the horns of a sheep. In this video Tashi Yangchen narrates a story about the temple, which she heard from her elders.

 

༉  ལུག་གི་རྭཝ་ལྷ་ཁང་འདི་ བུམ་ཐང་དུར་ལི་སུ་བི་ལས་ དུས་ཡུན་ཆུ་ཚོད་ ༢ དེ་ཅིག་རྐང་ཐང་སྦེ་འགྱོ་དགོ་པའི་ས་ཁར་ ནགས་ཚལ་གྱི་སྦུག་ལུ་ཆགས་ཏེ་འདུག བཀྲ་ཤིས་དབྱངས་ཅན་གྱིས་འབད་བ་ཅིན་ ལྷ་ཁང་གི་སྐོར་ལས་ལོ་རྒྱུས་དུམ་གྲ་རེ་ཤེས་མི་འདི་ མི་རྒན་ཤོས་ཚུ་ བློ་སླབ་པའི་སྐབས་ལུ་ཉན་སྡོད་ནི་དེ་གིས་ཨིན་ ཟེར་སླབ་ཨིནམ་ད་ མོ་གིས་བཤད་མིའི་ལོ་རྒྱུས་དང་འཁྲིལ་བ་ཅིན་ ལྷ་ཁང་འདི་ གྲུབ་ཐོབ་ཁ་ར་སྒོམ་ཆུང་ཟེར་མི་གིས་ གདན་ས་བཅགས་གནང་གནངམ་ཨིན་པས། དེ་ཡང་ ལྷ་ཁང་གི་ལྟག་ལུ་ གྲུབ་ཐོབ་དེ་ལུག་གུ་ཆིབས་ཏེ་བྱོན་བྱོནམ་ཨིན་ཟེར་ རྡོ་གུ་ལུག་གི་རྭཝ་གི་པར་ཐོན་པའི་གནས་རྡོ་ཚུ་ཡང་མཇལ་ནི་འདུག ཨིན་རུང་ ཁོ་ར་ཚར་གཅིག་ དེ་ནང་བྱོན་བྱོནམ་མ་གཏོགས་ ལྷ་ཁང་འདི་མ་བཞེངས་པས་ཟེར་ཨིན་པས། དེ་འབདཝ་ལས་ ལྷ་ཁང་བཞེངས་གནང་མི་འདི་ ག་ཨིན་ན་ མོ་གིས་ཡང་མི་ཤེས་པས་ ཨིན་རུང་ལྷ་ཁང་དེ་ནང་ བླམ་འབད་བ་ཅིན་ རིམ་ཐེངས་ ༤ དེ་ཅིག་སོར་ད་ནུག དེའི་གྲས་ལས་མཇུག་རང་ད་ལྟོའི་གཏམ་ཞིང་ཆོས་རྗེ་ བླམ་བདེ་ཆེན་ ཟེར་མི་འདི་ཨིན་པས། ད་ལྟོ་ལྷ་ཁང་འདི་ གཏམ་ཞིང་ཆོས་རྗེ་གིས་འབད་ བདག་འཛིན་འཐབ་དོ་ཡོདཔ་ཨིན་པས།

Transcript search
No results found for this search
0 of 0
  • བཀྲིས་དབྱངས་ཅན་/Tashi Yangchen: ནཱ་གི་གདན་ས་བཅགས་མི་གཙོ་བོ་འདི་རང་ གྲུབ་ཐོབ་ཁ་རག་སྒོམ་ཆུང་ཨིན་པས་ལགས་ ཁོ་བོད་ལས་བྱོན་ཞིནམ་ལས་ གདན་ས་བཅགས་བཞགཔ་མ་གཏོགས་ ལྷ་ཁང་འདི་མ་བཞེངས་པས་ལགས།
  • བཀྲིས་དབྱངས་ཅན་/Tashi Yangchen: ལྷ་ཁང་མ་བཞེངས་པར་ ཚར་གཅིག་བཞུགས་ཏེ་ བྱོན་ཡི་ཟེར་ དེ་སྦེ་ཞུཝ་མས་ལགས།
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་/Researcher Yeshi Wangchuk: འདི་གི་ཤུལ་ལས?
  • བཀྲིས་དབྱངས་ཅན་/Tashi Yangchen: འདི་གི་ཤུལ་ལས་་་
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་/Researcher Yeshi Wangchuk: དེ་ལས་ བླ་མ?
  • བཀྲིས་དབྱངས་ཅན་/Tashi Yangchen: ལྷ་ཁང་བཞེངས་གནང་མི་འདི་ འདི་དང་དེ་ཟེར་ ཞུ་མི་ཤེས་པས་ལགས་ བླ་མའི་མཚན་འདི་ བླམ་ཆོས་ཉིད་ལྷུན་གྲུབ་ལོ་ ཀརྨ་རབ་འབྱོར་ལོ་ ཀརྨ་འཕྲིན་ལས་ཟེར་ ཞུ་ནི་འདུག་ལགས།
  • བཀྲིས་དབྱངས་ཅན་/Tashi Yangchen: ང་གིས་འདི་ རོགས་མི་རྒན་ཤོས་ཚུ་ བློ་སླབ་སར་མཚན་རྐྱངམ་ཅིག་གོ་ཡི་ལགས་ ཆོས་ཉིད་ལྷུན་གྲུབ་ ཀརྨ་རབ་འབྱོར་ ཀརྨ་འཕྲིན་ལས་ ཆོས་ཉིད་རང་གྲོལ་ལོ་ཟེར།
  • བཀྲིས་དབྱངས་ཅན་/Tashi Yangchen: དེ་ལས་ མཇུག་རང་བླམ་བདེ་ཆེན་ཟེར་ ཞུཝ་མས་ལགས་ ད་ལྟོ་གཏམ་ཞིང་ཆོས་རྗེ་གི་ ད་ལྟོ་ནཱ་གཙོ་བོ་གཏམ་ཞིང་ཆོས་རྗེ་ཨིན་ལགས་ ལྷ་ཁང་གི་ཕོགས་ཨ་ཙི་རེ་ཐོབ་ནི་ཡོད་ལགས།
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་/Researcher Yeshi Wangchuk: བྱིན་བདག་ཡང་་་?
  • བཀྲིས་དབྱངས་ཅན་/Tashi Yangchen: འོང་བྱིན་བདག།
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་/Researcher Yeshi Wangchuk: མར་ལས?
  • བཀྲིས་དབྱངས་ཅན་/Tashi Yangchen: འོང་ལགས།
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་/Researcher Yeshi Wangchuk: ལགས་སོ་ ད་ལྟོ་བླ་མ་འབད་བ་ཅིན་ རིམ་ཐེངས་ག་དེམ་ཅིག་ཡར་སོང་ཡི་ག་སྨོ་ལགས?
  • བཀྲིས་དབྱངས་ཅན་/Tashi Yangchen: བླ་མ་རིམ་ཐེངས་དེམ་ཅིག་ཟེར་ ག་ནི་ཡང་བཤད་ནི་མིན་འདུག་མེན་ན་ལགས?
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་/Researcher Yeshi Wangchuk: བླ་མ་རིམ་ཐེངས་གསུམ་བཞི་དེ་ཅིག་འདི་སོར་ནུག་མེན་ན?
  • བཀྲིས་དབྱངས་ཅན་/Tashi Yangchen: འ་ནེམ་ཅིག་འདི་ སོར་སོརཝ་ཨིན་པས་ལགས་ གསུམ་ བཞི་ ལྔ་དེ་ཅིག་འདི་ སོར་ཡོདཔ་ཨིན་པས་ལགས།
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་/Researcher Yeshi Wangchuk: ལགས་སོ་ དེ་ལས་ ད་ལྟོ་འབད་བ་ཅིན་ ཨ་མ་ཁྱོད་ར་དཀོན་གཉེར་དང་འབྲེལ་ཏེ་ཨིན་ན་ལགས?
  • བཀྲིས་དབྱངས་ཅན་/Tashi Yangchen: ཨིན་ལགས་ འོང་ལགས།
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་/Researcher Yeshi Wangchuk: ལགས་སོ།
  • བཀྲིས་དབྱངས་ཅན་/Tashi Yangchen: བར་སྐབས་ཅིག་ལས་ མི་རྩ་ལས་སྡོད་མི་མེད་པ་ ཧེ་མ་འདི་ བླམ་སྦོམ་ཚུ་བཞུགས་ཏེ་ ནཱ་ལུ་གྲྭ་པ་གུང་པ་བཞི་དེ་ཅིག་ཡང་འདུག་ལགས།
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་/Researcher Yeshi Wangchuk: འེང་་་་།
  • བཀྲིས་དབྱངས་ཅན་/Tashi Yangchen: ཏེ་ ཤུལ་ལས་བླམ་སྦོམ་ཚུ་ཡང་བཤགས་
    དེ་ལས་ ཨ་ནེམ་སྒོམ་ཆེན་འདི་ཚུ་ཡང་མ་སྡོད་པར་ ཕར་ཚུར་བྱོན་ དེ་ལས་ཡུདཔ་ཅིག་ལས་ གཞུང་ལས་ཡང་ དགོན་པ་སྡོད་མི་ཨིན་རུང་ ཁྲལ་དང་འུ་ལག་འདི་ཚུ་ ཡང་ཆག་ཨ་ཙི་རང་མེད་ཟེར་བ་ལས་བརྟེན་ ཏེ་
  • བཀྲིས་དབྱངས་ཅན་/Tashi Yangchen: གྲྭཔ་འདི་ཚུ་ དྲེགས་མ་ཚུགས་པར་ ནཱ་སྡོད་མ་ཚུགས་པར་ མར་གཡུས་ཁར་ཐོན་ཐོནམ་ཨིན་ཟེར་ དེ་སྦེ་ཨིན་པས་ལགས།
  • བཀྲིས་དབྱངས་ཅན་/Tashi Yangchen: དེ་ལས་ བར་སྐབས་ཅིག་ལས་ མི་རྩ་ལས་སྡོད་མི་མེད་པར་ ཆོས་སྲུང་གིས་འབད་མར་གཡུས་ཁར་ ཨ་མར་དུར་ལུ་སི་སྦིས་དང་ སྒོ་གླིང་མཁར་ས་ཐང་སྦིས་གླིང་ཚན་གསུམ་འདི་ཚུ་ལུ་གནོད་དེ་ མི་འདི་ཚུ།
  • བཀྲིས་དབྱངས་ཅན་/Tashi Yangchen: འཆོལ་མི་ཚུ་འཆོལ་ ན་མི་ཚུ་ན་ དེ་ལས་གནམ་མེད་ས་མེད་ སེམས་ཅན་དོམ་གྱིས་ གནོད་པ་སྐྱེལ་འ་ནི་སྦེ་ དེ་ལས་ དུར་ཁ་ཐུག་ལུ་འདི་ ཆུ་གིས་ཞིང་འདི་ཚུ་ཡང་འཕྱག་བདའ་ཡི་ལགས།
  • བཀྲིས་དབྱངས་ཅན་/Tashi Yangchen: ཨ་ནཱི་ནཱ་གི་ཆོས་སྲུང་གི་ འཁྲུལ་ཨིན་པས་ཟེར་ འ་ནི་སྦེ་བློ་སླབ་དེས་ལགས།
  • བཀྲིས་དབྱངས་ཅན་/Tashi Yangchen: ཏེ་ད་ལྟོ་བཞུགས་མི་མཚམས་པ་འདི་ ཁོ་ར་ཧེ་མ་སེངྒེ་རྫོང་ལུ་ བཞུགས་བཞུགསཔ་མས་ལགས་ ཕར་ལས་བུམ་ཐང་ལུ་གནས་སྐོར་བྱོན་པའི་ སྐོར་ཡི་སྐོར་ཡི་ནཱ་ལྷོད་དེ་ ནཱ་གི་མི་ངོ་ཤེས་མི་རེ་རེ་གཉིས་གཉིས་ཀྱིས།
  • བཀྲིས་དབྱངས་ཅན་/Tashi Yangchen: ད་ནཱ་ལུ་ རྩ་ལས་སྡོད་མི་མེད་ ཆོས་སྲུང་གིས་དེ་སྦེ་གནོད་པ་བཀལ་ཏེ་ཨིན་ཟེར་ སེམས་ཅན་གྱི་དོན་ལུ་ ད་ཁྱོད་ཀྱིས་རང་ནཱ་བཞུགས་གནང་ད་ཟེར་ ཁོང་ཆ་ཁྱབ་ཀྱིས་ མཚམས་པ་ལུ་ གསོལཝ་བཏབ་སྟེ་ མཚམས་པ་བཞུགས་ཏེ་ ད་ང་བཅས་ནཱ་ལུ་སྡོད་དེ་རང་ ལོ་ ༢༥ དེ་ཅིག་ཡར་སོང་ཡི་ལགས།
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་/Researcher Yeshi Wangchuk: ནཱ་བཞུགས་ཏེ་རང་ཡ་ལགས་ཨ་མ?
  • བཀྲིས་དབྱངས་ཅན་/Tashi Yangchen: འོང་ལགས།
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་/Researcher Yeshi Wangchuk: འེང་།
  • བཀྲིས་དབྱངས་ཅན་/Tashi Yangchen: འོང་ལགས། དེ་ལས་ཨ་ལོ་ཡང་ ༦ ཡང་ནཱ་ལུ་སྐྱེས་སྐྱེསཝ་ཨིན་ལགས། Yes.
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་/Researcher Yeshi Wangchuk: འེང་་་།
  • བཀྲིས་དབྱངས་ཅན་/Tashi Yangchen: དྲུག་ཡོད་ལགས།
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་/Researcher Yeshi Wangchuk: འེང་་་་ལགས་སོ།
  • བཀྲིས་དབྱངས་ཅན་/Tashi Yangchen: ཏེ་ལོ་ ༢༥ དེ་ཅིག་འགྱོཝ་མས་ ད་ཨ་ལོ་ཚུ་གི་དོན་ལུ་ ནེ་སྦེ་རང་སྡོད་པ་མི་བཏུབ་པས་ཟེར་ཏེ་གིས་སྦེ་ བཞུགས་བྲག་ཟེར་ས་ལུ་ ཁྱིམ་ཅིག་རྐྱབ་སྟེ་ཡོད་ལགས།
  • བཀྲིས་དབྱངས་ཅན་/Tashi Yangchen: ད་ང་བཅས་གིས་མི་ལྕོགས་པས་ སྦྱིན་བདག་ཁྱོད་ར་གིས་ ཚབ་ཅིག་འཚོལ་གནང་ཟེར་ རྩ་ལས་ཉན་མ་བཏུབ་པར་ དེ་སྦེ་རང་ཡོད་ལགས་ ད་ལྟོ་དེ་སྦེ་རང་།
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་/Researcher Yeshi Wangchuk: དང་ཕུ་འབད་བ་ཅིན་ ནཱ་ལས་ཕར་ཡང་ ཁྱིམ་ཚུ་སྡོད་སྡོདཔ་མས་སྨོ་ལགས།
  • བཀྲིས་དབྱངས་ཅན་/Tashi Yangchen: དང་ཕུ་འདི་ ལྷ་ཁང་སྐོར་ཏེ་ མཚམས་པ་ཁལ་ལྔ་བཞུགས་ཏེ་ཡོདཔ་ཨིན་ཟེར་ དེ་སྦེ་སླབ་དེས་ལགས།
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་/Researcher Yeshi Wangchuk: མཚམས་པ་འདི་ཚུ་ཡ་ལགས།
  • བཀྲིས་དབྱངས་ཅན་/Tashi Yangchen: འོང་ལགས་མཚམས་པ།
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་/Researcher Yeshi Wangchuk: འེང་་་།
  • བཀྲིས་དབྱངས་ཅན་/Tashi Yangchen: མཚམས་པ་ཁལ་ལྔ་ལྔ་རེ་བཞུགས་ཏེ་ དེ་སྦེ་ཡོད་ཟེར་དེ་སྦེ་སླབ་མས་ལགས་ དེ་ལས་ འ་ནཱི་སྒང་ཏོ་གི་མིང་དུང་དཀར་སྤོང་ཟེར་ ཞུཝ་མས་ལགས།
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་/Researcher Yeshi Wangchuk: དུང་དཀར་སྤོང་ཟེར།
  • བཀྲིས་དབྱངས་ཅན་/Tashi Yangchen: འོང་ལགས་ དེ་ལས་ ལྷ་ཁང་ནང་བླམ་སྦོམ་འདི་བཞུགས་ དེ་ལས་ལྷ་ཁང་སྐོར་སྟེ་ མཚམས་པ་ཁལ་ལྔ་ཚལ་མ་ནང་བཞུགས་ཏེ།
  • བཀྲིས་དབྱངས་ཅན་/Tashi Yangchen: ཏེ་ཧེ་མ་ལས་ ཁོང་ར་བསྟུན་གྲོས་འབད་བཞག་སྟེ་ ག་དེམ་ཅིག་འབད་གཡུས་ཁར་ལས་ཡར་ མི་རེ་ཤི་རྐྱེན་བྱུང་སྟེ་ ནཱ་ལུ་བསྔོ་བ་རེ་ཞུ།
  • བཀྲིས་དབྱངས་ཅན་/Tashi Yangchen: བླམ་གི་གཙོས་པའི་མཚམས་པ་ཚུ་ལུ་ གསོལ་ཇ་རེ་དྲངས་གེ་ཟེར་བ་ཅིན་ དྲངས་མི་ཐོན་པའི་སྐབས་ བླ་མའི་ཕྱག་ཞུ་མི་གིས་ ཨ་ཡར་སྒང་ཏོ་གུ་ཐོན་ཏེ་ དུང་དཀར་འཕུཝ་ད་ ཏེ་དུང་དཀར་གོཝ་ཅིག་ ཐོན་དགོཔ་འབད་ཧེ་མ་ལས་ བསྟུན་གྲོས་འབད་བཞག་ནི་དེ་གིས་ མཚམས་པ་འདི་ཚུ་བྱོན་པའི་ཟེར་ཨིན་ལགས།
  • བཀྲིས་དབྱངས་ཅན་/Tashi Yangchen: ཏེ་ཤིང་གི་པཱན་མ་ (བུམ་ཐང་པའི་ཁ་སྐད་ནང་ ཤིང་གུ་ནར་ནར་འབད་ཆགས་ཏེ་ཡོད་པའི་རྩྭ་ཅིག་) འོང་མས་མེན་ན་ལགས?
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་/Researcher Yeshi Wangchuk: འོང་་་ལགས།
  • བཀྲིས་དབྱངས་ཅན་/Tashi Yangchen: འ་ནི་གི་ཐོད་རྐྱབ་སྟེ་བྱོན་པའི་ཟེར་ བཤད་པ་འ་ནི་སྦེ་ཡོད་ལགས།
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་/Researcher Yeshi Wangchuk: འེང་་་།
  • བཀྲིས་དབྱངས་ཅན་/Tashi Yangchen: ཚལ་མ་ནང་ལས།
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་/Researcher Yeshi Wangchuk: ནཱ་ནང་རྟེན་གཙོ་བོ་འབད་བ་ཅིན་ སྟོན་པ་ཨིན་པས་སྨོ་ལགས?
  • བཀྲིས་དབྱངས་ཅན་/Tashi Yangchen: ནང་རྟེན་གཙོ་བོ་འབད་བ་ཅིན་ ནཱ་ཁ་ཐུག་ལུ་སྟོན་པ་ཨིན་ལགས་ཨིན་རྒྱུ།
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་/Researcher Yeshi Wangchuk: ལགས་སོ་ དེ་ལས་ ད་ནང་རྟེན་འདི་ཚུ་ ག་གིས་བཞེངས་གནང་ཡི་ག་དང་ ག་གིས་ཕུལ་ཡི་ག་འདི་ཚུ་གི་སྐོར་ལས་མི་མཁྱེན་ག?
  • བཀྲིས་དབྱངས་ཅན་/Tashi Yangchen: འ་ནི་འདི་ཚུ་འདི་མི་ཤེས་པས་ལགས།
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་/Researcher Yeshi Wangchuk: ད་ནཱ་ལུ་ལོ་བསྟར་བཞིན་དུ་ ཚེས་བཅུ་འདྲཝ་འདི་ཚུ་ག་ཅི་རང་ཡོད་གོ?
  • བཀྲིས་དབྱངས་ཅན་/Tashi Yangchen: ཧེ་མ་ཧེ་འབད་བ་ཅིན་འདི་ སྨྱུང་གནས་བཙུགས་མི་ཡང་འདུག་ལགས་ སྨྱུང་གནས་རོགས་དང་པོ་བླ་མ་གིས་ མ་རྩ་བཙུགས་ཏེ་ མར་དགོ་ས་ལུ་ནོར་བཙུགས་ཏེ་ དེ་སྦེ་ཡོད་ཟེར་སླབ་མས་ལགས་ ད་འདི་ཚུ་ཡང་ ཉམས་འགྱོ་སྟེ་ ད་ལོ་གཅིག་གི་ནང་ སྦྱིན་བདག་ཚུ་གིས་ སྨྱུང་གནས་ཚར་གཅིག་བཙུགས་ནི་ཡང་མེད་ལགས།
  • བཀྲིས་དབྱངས་ཅན་/Tashi Yangchen: དེ་ལས་ད་མཚམས་པ་ཁོ་ར་ནཱ་ལུ་ ནཱ་ལུ་བཞུགས་ནི་བདེ་ཁོམས་ཡོདཔ་ད་ ཡར་ངོ་མར་ངོ་རེ་ཨ་ཙི་རེ་གནང་སྟེ་བཞུགས་མས་ལགས།
  • བཀྲིས་དབྱངས་ཅན་/Tashi Yangchen: སྦྱིན་བདག་ཐོན་ཏེ་ གནང་མི་མེད་ལགས་ད།
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་/Researcher Yeshi Wangchuk: ལགས་སོ་ལགས་ ནཱ་གི་གཡུས་ལུ་སི་བི་ལོ་ འ་ནི་མི་སེར་ཚུ་གི་ཁ་ཐུག་ལས་མེད་བུ་ལགས།
  • བཀྲིས་དབྱངས་ཅན་/Tashi Yangchen: འེང་ མི་འབད་མི་འབད་ལགས་ མེད་ལགས་ག་ནི་ཡང་མེད་ལགས།
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་/Researcher Yeshi Wangchuk: ལགས་སོ་ འེང་།
  • བཀྲིས་དབྱངས་ཅན་/Tashi Yangchen: ཨིན་ལགས་ ནཱ་ལུ་སི་བི་ཕར་དུར་ཨིན་ལགས།
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་/Researcher Yeshi Wangchuk: ལགས་སོ།
  • བཀྲིས་དབྱངས་ཅན་/Tashi Yangchen: ཏེ་ནཱ་གི་གྲྭ་པ་གཙོ་བོ་ཐང་སྦིས་ཟེར་ཡོད་ལགས་མར་ ཏོག་ས་ཟམ་པ་ལས་ཕར་ལས་ཡར་འགྱོཝ་ད་ འ་ནི་ཨིན་པས་ལགས་ དེ་ལས།
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་/Researcher Yeshi Wangchuk: གཞན་ཁྱོད་ར་གིས།
  • བཀྲིས་དབྱངས་ཅན་/Tashi Yangchen: ག་ནི་ཡང་ཞུ་མི་ཤེས་པས་ལགས་ འ་ནེམ་ཅིག་ལས།
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་/Researcher Yeshi Wangchuk: གཞན་ད་རུང་ཁྱོད་ར་ག་ནི་ཡང་ གསུང་ནི་མེད་ག་ལགས།
  • བཀྲིས་དབྱངས་ཅན་/Tashi Yangchen: ག་ནི་ཡང་ཞུ་མི་ཤེས་པས་ལགས་ད་་ཧཧཧཧ།
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་/Researcher Yeshi Wangchuk: ལགས་སོ་བཀའ་དྲིན་ཆེ།
  • བཀྲིས་དབྱངས་ཅན་/Tashi Yangchen: [བགའ་སྒྲ]