Skip to main content Skip to search
25 Jan 2016
4 min 21 sec
Video Overview
Creators: 
Sonam Chophel, Dawa Tshering

Lugar Zheykyi Gomo can be sung to two different tunes. Each paragraph of the lyrics is called “an episode.” Each song usually contains three episodes. This type of song is easily memorized; hence many people enjoy learning them. 

 

སྤུ་ན་ཁ་རྟ་ལོག་ལས་ ལྷ་མོ་གིས་འཐེན་མི་གླུ་གཞས་ གླུ་གར་གཞས་ཀྱི་སྒོ་མོ། ཟེར་མི་འདི་ཡང་ གདངས་དབྱངས་ལྷམ་པ་གཉིས་སྦེ་འཐེནམ་ཨིནམ་ད་ གླུ་གཞས་འདི་ གངས་སྟོད་དགུང་སྟོད་བསྐོར་བའི་གླུ་གཞས་ཅིག་ཨིན་མས། འ་ནི་བཟུམ་ གངས་སྟོད་དགུང་སྟོད་བསྐོར་བའི་གླུ་གཞས་འདི་ རྫོགས་རྫོགས་རང་འཐེན་པ་ཅིན་ ལེ་ཤ་ཡོདཔ་ཨིན། ཨིན་རུང་ དུས་ཚོད་དང་བསྟུན་ཏེ་ དགུང་སྟོད། གངས་སྟོད། སྤང་སྟོད། ཟེར་ ལེའུ་གསུམ་སྦེ་ཡང་འཐེན་སྲོལ་ཡོད། འ་ནི་བཟུམ་གྱི་གླུ་གཞས་ཚུ་ ང་བཅས་ར་ སྤྲོ་བ་བསྐྱེད་སྦེ་ལྷབ་པ་ཅིན་ སེམས་ཁར་བཟུང་ནི་ལུ་འཇམ་དོ་བཟུམ་ཅིག་འདུག།

 

Transcript search
No results found for this search
0 of 0
  • ལྷ་མོ། Lhamo གླུ་གར་གཞས་ཀྱི་སྒོ་མོ་ལ་ནི་ཅིག་མི་བཙུགས་ལ། །གླུ་གར་གཞས་ཀྱི་སྒོ་མོ་ལ་ནི་ཕྱི་ལ་འགྱོ། །
    Will not put one song and dance. Door was open to allow song and dance to be out.
  • ལྷ་མོ། Lhamo གླུ་གར་གཞས་ཀྱི་སྒོ་མོ་ལ་ནི་དགུང་ལ་ལྟོས་ལ། །མཐོ་བ་ས་ཐག་ཡོད་ན་ལ་ནི་མི་འགྱོ་ན། །
    Song and dance to be watched from the door of upper place. Will not go if that place is too high.
  • ལྷ་མོ། Lhamo དགུང་སངས་ཁྲི་གདུགས་ཉི་མ་ལ་ནི་གཞས་དཔོན་བྱོན་ལ། །ནི་ལ་གཞོན་པ་ངང་མཚོ་ལ་ནི་གཞས་གཡོག་བྱོན། །
    Place from the sky, sun shines and King came. The young servant came.
  • ལྷ་མོ། Lhamo གཞས་ལ་ཕེབས་པའི་དུས་ཚོད་ལ་ནི་བག་ཆགས་བཞག་ལ། །གཞས་ལ་ཕེབས་པའི་དུས་ཚོད་ལ་ནི་ཁྲོམ་(རྡོར)དུ་བཙུགས། །
    During the time of traditioal song they kept inclination. During the time while they sing traditional song, they have to put in public.
  • ལྷ་མོ། Lhamo གླུ་གར་གཞས་ཀྱི་སྒོ་མོ་ལ་ནི་རྐང་ལག་ལྟོས་ལ། །མཐོ་བ་ས་ཐག་ཡོད་ན་ལ་མི་འགྱུར་ན། །
    From the entrance of song and dance inorder to watch leg and hand. It is not going to turn if it is too high.
  • ལྷ་མོ། Lhamo གང་སྟོད་སེང་ཆེན་དཀར་མོ་ལ་ནི་གཞས་དཔོན་བྱོན་ལ། །ནི་ལ་གཞོན་པ་ངང་མཚོ་ལ་ནི་གཞས་གཡོག་བྱོན། །
    The king of the traditional song came for upper hill of white lion. The you servant for the traditional song came.
  • ལྷ་མོ། Lhamo གཞས་ལ་ཕེབས་པའི་དུས་ཚོད་ལ་ནི་བག་ཆགས་བཞག་ལ། །གཞས་ལ་ཕེབས་པའི་དུས་ཚོད་ལ་ནི་ཁྲོམ་རྡོར་དུ་བཙུགས། །
    During the time of reaching towards traditional song, they kept inclination. At the time of reaching towards traditional song, they put to the public.
  • ལྷ་མོ། Lhamo གླུ་གར་གཞས་ཀྱི་སྒོ་མོ་ལ་ནི་སྤང་ལ་ལྟོས་ལ། །མཐོ་བ་ས་ཐག་ཡོད་ན་ལ་མི་འགྱུར་ན། །
    While watching from the ground at the time of traditional song and dance. Will never do if it is too high.
  • ལྷ་མོ། Lhamo སྤང་ཤོས་ཤཝ་རྒས་རྭ་བཅུ་ལ་ནི་གཞས་དཔོན་བྱོན་ལ། །ནི་ལ་གཞོན་པ་ངང་མཚོ་ལ་ནི་གཞས་གཡོག་བྱོན། །
    The king of the deer came from the plain ground. The young servant came during the traditional song.
  • ལྷ་མོ། Lhamo གཞས་ལ་ཕེབས་པའི་དུས་ཚོད་ལ་ནི་བག་ཆགས་བཞག་ལ། །གཞས་ལ་ཕེབས་པའི་དུས་ཚོད་ལ་ནི་ཁྲོམ་(རྡོར)དུ་བཙུགས། །
    Inclination was kept during the time of traditional song and dance. While reaching to the traditional song and dance, they put....