31 Jan 2012
2 min 2 sec
Video Overview
Creators:
Unknown
Purdron and Dadron talk about Purdron’s dream from last night and what it means.
ཕུར་སྒྲོན་དང་ཟླ་སྒྲོན་གཉིས་ཀྱིས་མདང་དགོང་ཕུར་སྒྲོན་གྱི་རྨི་ལམ་གྱི་གོ་དོན་སྐོར་ལ་སྐད་ཆ་བཤད་པ།
- Lhasa
- Ü
- ལྟོས་དང་། ཕུར་སྒྲོན། དེ་རེས་གནམ་གཤིས་ཡག་པོ་གཅིག་མི་འདུག་གས།Purdron, look at the weather. What a beautiful day!
- བྱས་ཙང་། ང་ཡང་གནམ་ལ་བལྟས་སྡོད་ཡོད།Yes, it is.
- འཚིག་ཨེ་མ་འཚིག འཁྱག་ཀྱང་མ་འཁྱག ཏག་ཏག་རེད་འདུག་གཱIt is neither too hot nor too cold.
- འོ་རེད་ཤགYes, it's perfect.
- རྨོའོ། གདང་དགུང་རྨི་ལམ་ཆོབ་ཚ་པོ་ཞིག་བཏང་བྱུང་།Grandma. Last night I had a funny dream.
- རྨི་ལམ་ཨས།You had a dream?
- འོ།Yes.
- ག་རེ་བཏང་བྱུང་།And what did you dream?
- ང་གཉིས་གཉིས་གདང་དགུང་དགུང་ཏག་བར་བསྐོར་ནང་ཁྲོམ་ལ་འགྲོ་གི་འདུག་གཱIn the dream, we were walking around Barkor street market.
- ཨམ།Um.
- ཁྲོམ་ཨེ་འདྲས་སེ་ཕྱིན། ཧོབ་ཏེ་སྒང་ལ་ང་གྲོད་ཞེ་པོ་ཅིག་ན་གིས།Then all of a sudden, I had acute stomach pain.
- འོ།Oh!
- རང་གིས་ཨཱ་ནི་ང་ལ་ཡར་ཅི་བྱེད་ཀྱི་མི་འདུག་གཱAnd you were ignoring me.
- ཡར་བྱེད་ཀྱི་མི་འདུག་ཨས།I was not heeding you?
- འོ།Yes, you were.
- གསང་སྤྱོད་རྙེད་མ་བྱུང་ངས།So you could not find a restroom?
- གསང་སྤྱོད་ག་པར་རྙེད་ཡག་ཡོག་རེད། ཕར་བཙལ་ཚུར་བཙལ་ཅིས་རྙེད་ཀྱི་མི་འདུག འདི་ནས་ངའི་འཁྲིད་ལ་མི་རིང་པོ་ལངས་བསྡད་པའི་བཟོ་ལྟ་ཞིག ངོ་ཤེས་ཀྱི་མི་འདུག ང་དེ་ནས་མར་བྱས་ཡོང་གི་འདུག་གཱ ད་ང་གར་སླེབས་པ་ཐིག་པ་བྱོས་དང་།It was unlikely to find one. I was looking everywhere. In the dream, it appeared that a very tall person was standing next to me. I couldn't tell who that person was. I continued walking down the road. Can you guess where I was?
- ག་པར་སླེབས་པ་རེད།And where were you?
- ལས་ཁུངས་ས་ཆའི་ནང་སླེབས་བཞགI was in my work unit.
- ཁྲོམ་ནས་ལས་ཁུངས་ས་ཆའི་ནང་སླེབས་ཡོག་རེད།So you arrived at your work unit from the marketplace?
- འོ། ལས་ཁུངས་ས་ཆའི་ནང་སླེབས། གསང་སྤྱོད་ནང་ཨེ་འདྲས་སེ་བསྡད་བསྡད་དུ་ཙམ་ལ་གང་འདྲ་སེ་བྱས་པ་ཡིན། ངས་རང་ལ་ལབ་ཀྱི་མིན། རང་གིས་འཐིག་པ་བྱེད་དང་།Yes. I was inside the office. As I keep sitting on the toilet seat and guess what happened next?
- ཨམ། གསང་སྤྱོད་ནང་གཟག་པ་མ་རེད་དམ།Um... Did you fall inside?
- ང་གསང་སྤྱོད་ནང་ལ་གཟག་ཤགYes, I did.
- ང་ལའང་གཉིད་ལམ་ཨེ་འདྲས་བཏང་མྱོང་ཡོད། ཟེར་ཡག་ལ་གསང་སྤྱོད་ནང་གཟག་པའི་རྨི་ལམ་བཏང་ན་བྲོ་ཆེན་པོ་ཡོག་རེད་ཟེར་གྱིས།I had similar dreams in the past. Some say if you had such dream like that where you fall in a toilet, you are gaining luck.
- འོ་ཟེར་གྱིས། ཟེར་སྲོལ་ཨེ་འདྲས་འདུག་ག རང་གང་འདྲ་བྱུང་།I heard that, too. So have you had any luck?
- ང་ཡ་བྲོ་ཤ་དཱ་མ་བྱུང་། ཕལ་ཆེར་རང་ལ་བྲོ་ཆེན་པོ་ཞིག་ཡོད་ཀྱི་རེད་དཱ།Not at all. Maybe you are going to get lucky.
- ཡོད་ཀྱི་རེད། ང་བྲོ་ཆེན་པོ་ཞིག་ཡོད་ཀྱི་རེད།Maybe I am going to get lucky.
- ཕུར་སྒྲོན།Purdrön?
- ཨཱ།Yes.
- རང་དེང་སང་ག་རེ་ར་ཅིག་བྱེད་ཀྱི་ཡོད།What are you doing these days?
- དེ་ཤག་ནང་ལ་དེབ་འདྲ་པོ་བལྟས་བྱས་བསྡད་ཀྱི་ཡོད།These days, I am reading some books in my room.
- དེབ་ག་རེ་ར་ཅིག་ལྟ་གི་ཡོད།What kind of books are you reading?
- ཨམ་་་ ཚིག་མཛོད་ཨེ་འདྲས།Um... a dictionary.
- ཚིག་མཛོད་ཨེ་འདྲས། ཡག་ལོས་འདུགA dictionary? Is it good?
- ཡག་པོ་ཞིག་འདུག དཔེ་ཚོང་ཁང་ལ་འཚོང་གིས།It is good. It is on sale now.
- ཨཱ།Ah!
- འོ་འོ།Yes.
- བྱས་ན། སང་ཉིན་རང་ང་ལ་རོགས་པ་བྱས་བྱས་ཉོ་བར་འགྲོ་གས།Then can you please come with me tomorrow to show me where it is?
- འོ། ཡོང་ང་།No problem.
- ཡག་པོ་ཞིག་བྱུང་།Great!
- ལྟ་ཆུ་ཚོད་བཞི་པའི་ཟིན་གྲབས་བྱེད་ཀྱིས།It is almost four o'clock now.
- ཆུ་ཚོད་བཞི་འི་ཟིན་གྲབས་བྱེད་ཀྱིས། ང་གཉིས་ཚ་ལུ་མའི་ཁུ་བ་འཐུང་ག་འགྲོ་གས།It's nearly four. Let's go and get some orange juice.
- འོ་རེད། ང་གཉིས་ཚ་ལུ་མའི་ཁུ་བ་འཐུག་ག་འགྲོRight, let's go.