Skip to main content Skip to search
28 Jun 2018
3 min 43 sec
Video Overview
Creators: 
Rinchen Dorji
Transcript search
No results found for this search
0 of 0
  • བཙན་ཆེན་:Tsenchen.
    གངས་རི་གསུམ་འཛོམས་པའི་རྩེ་ལས། །རི་གསལཝ་མེད་རུང་བལྟ་ནི་འདུག །བལྟ་ནི་བལྟ་བའི་ལོ་རྒྱུས་མེན། །རི་གསུམ་འཛོམས་པའི་དགའ་ཚོར་ཨིན། །
  • བཙན་ཆེན་:Tsenchen.
    ཨ་ཨེམ་ མར་ཆུ་གསུམ་འཛོམས་པའི་སྦུག་ལས། །ཆུ་གསལཝ་མེད་རུང་འཐུང་ཧིང་དགའ། །[འཐུང་ཧིང་དགའ་བའི་ལོ་རྒྱུས་མེན། །ཆུ་གསུམ་འཛོམས་པའི་དགའ་ཚོར་ཨིན། །
  • བཙན་ཆེན་:Tsenchen.
    ཨེང་་་་ མི་གསུམ་འཛོམས་པའི་སྦུག་ལས། །ཟས་ཧནམ་[ཞིམ]།མེད་རུང་འཐུང་ཧིང་འདྲ། །འཐུང་ཧིང་འདྲ་བའི་ལོ་རྒྱུས་མེན། །མི་གསུམ་འཛོམས་པའི་དགའ་ཚོར་ཨིན། །
  • ཇོ་ཅུ་
    ཆུ་ཅིག་དྲངས་ཅིག་ཆུ་ཅིག་དྲངས། །བོད་ལྷ་ས་སྒོ་ར་ཆུ་ཅིག་དྲངས། །ཕྱི་ཡི་གཟར་ཅུ་ཆ་གསུམ་པ། །ཕྱི་གི་གཟར་གྱི་ཆུ་ལས་ཧུབ་གསུམ་འཐུང་། །དྭངས་སྣང་གར་བའི་ཆུ་རང་མས། །
  • ཇོ་ཅུ་
    དབང་ཆེན་དཔོན་པོའི་གཟར་ལས་ཧུབ་གཅིག་འཐུང་། །ཁ་དབང་ཆེ་བའི་ཆུ་རང་མས། །མཚན་ལྡན་བླ་མའི་གཟར་ལས་ཧུབ་གཅིག་འཐུང་། །ནཱ་བྱིན་བརླབས་ཆེ་བའི་ཆུ་རང་ཨིན་མས་ལོ། །
  • བཙན་ཆེན་:Tsenchen.
    ནགཔ་ས་དྭངས་དུ་སྤང་ཁེབས། །ཕྱིའི་གཞུ་དགའ་བ་ཆ་ཁྱབ་ཨིན། །?མན་དག་ལས་བསྐོར་བར་སོངམ་ཨིན། །བཅོམ་ལྡན་བདག་གི་ར་ཅུ། །
  • བཙན་ཆེན་:Tsenchen.
    འེང་་་་ཚེས་བཅོ་ལྔ་ཟླ་བ་འཁྲབ་ཁྲབ་ཨིན། །མཐོཝ་ཤར་སི་ལ་མོ་མདངས། །སྨན་དང་མ་འཆམ་མེད་རུང་། །ཤར་སི་ཟུར་ལུ་བསྟེན། །
  • བཙན་ཆེན་:Tsenchen.
    བ་ལ་རྒྱུ་དང་རྒྱུ་འདི། །དུས་བརྟན་ཀྱང་དངོས་ལཱ་འབད། །? ནང་མི་གི་དགའ་ཆུ་དུང་། །ཆབས་དོག་པའི་ཞན་ཆ་བཏགས། །?
  • བཙན་ཆེན་:Tsenchen.
    གོ་ལྷམ་མའི་བར་ལས་བཙུགས། །ནང་ཡོད་ཟེར་རང་གིས་མ་སླབནི། །ཕྱི་ཡོད་མི་རོགས་ཀྱིས་མི་ཤེས། །དར་རྐྱང་གསོལ་རས་སྦེ། །?ནོརཔ་གསེར་གྱི་རྒྱུ་རྡུངནི། །ད་གསུང་གྲོས་སྦུག་ལུ་བཙུགསན། །?གྲོས་ག་དེ་འོང་དགོ་མནོ་ཡི་ལོ། །
  • ཇོ་ཅུ་
    ཧི་ཧི་ཧི་་་་་ ལགས་སོ། མར་རྒྱ་ནག་པདྨའི་ཐིག་ཁ་ལུ། །ནོརབུ་གསེར་གྱིས་བཞེངས་པའི་མཆོད་རྟེན་འདི། །ཕྱི་གཟུངས་རྒྱུ་་་་་ ནང་གཟུངས་རྒྱུ་བཀའ་འགྱུར་བསྟན་འགྱུར་བཙུགས། །[ཕྱི་དང་གཡུ་དང་བྱི་རུ་བངམ་འདུག །?]
  • ཇོ་ཅུ་
    རོགས་དཔོན་དང་བླམ་གིས་མཇལན་མཇལ། །ནཱ་མི་སེར་གཞན་གྱིས་མཇལ་ཁ་མེད། །ད་གཟུངས་རྒྱུ་སྤོས་ཀྱིས་མངན་དག་མི་དག?] །འུམ་་་་་ ཕྱི་སྐུ་དཀར་ཆརཔ་པ་ཞལ་མ་ཞལ། །
  • ཇོ་ཅུ་
    མདངས་གསེས་བསྐོར་རི་རྐྱབ་མི་རྐྱབ། །ཚོན་དཀྱིལ་བསིལ་རླུང་མ་བཏང་། །མར་རླུང་མ་གངས་ལས་ཉན་ན། །
  • བཙན་ཆེན་:Tsenchen.
    ས་གསར་བུ་ཐབས་ཚེ་ཡི། །ལོ་དང་ཟླ་བ་མ་སོང། །བསམ་པ་ཉིད་ལས་བལྟ་སྟེ། །ལོག་པ་ཆ་གཅིག་མཐོང་ཡི་ལོ། །?
  • ཇོ་ཅུ་
    བསྐོར་ནི་མ་གཅིག་བསྐོར་ནི་མ། །གངས་ལའི་མཆོད་རྟེན་བསྐོར་ནི་མ། །ཕྱི་སྐུ་དཀར་བ་ལེགས་པ་རང་མི་དྭངས། །ནཱ་བྱིན་བརླབས་ཆེ་བ་བལྟ་དགོ་པས། །
  • ཇོ་ཅུ་
    མར་གཡུས་ཀྱི་གཡུས་བཟང་བསྐོར་ཚརཝ། །ནཱ་སྨན་ཆུང་ངོ་རིས་ལེགས་ལེགས་པ། །ཁྱོད་ངོ་རིས་ལེགས་པ་རང་དབང་མི་བརྟགས། །ནང་སེམས་ཀྱི་སྐྱོང་བཞག་བལྟ་དགོ་པས་ལོ། །
  • བཙན་ཆེན་:Tsenchen.
    ཨུམ་་་་་དཔེ་མ་ཤེས་དང་ཆ་འདྲཝ། །ཕར་གཡུས་བཟང་ལྡན་མི་ནང་ལུ། །ད་ ཡབ་ཡུམ་བཀའ་ལས་གྲོལ་བའི་ཚེ། །ནཱ་ཁྱིམ་ཁང་གཅིག་ཁྲ་མོ་དགའ་གས་ལོ། །
  • བཙན་ཆེན་:Tsenchen.
    གངས་ཀྱི་ཨེ་ཏོག་མེ་ཏོག །དུས་གཏན་རྐྱང་གང་ལུ་མི་ཤར། །དུས་གཏན་རྐྱང་གངས་ལུ་ཤརན། །ཁྱོད་གངས་ཀྱི་རྒྱན་ཆ་བཏུབ་པས། །
  • བཙན་ཆེན་:Tsenchen.
    ཨེ་ འུམ་ གངས་ཀྱི་རྒྱན་ཆ་བཏུབ་པས་ལོ། །དུམ་རའི་ཤེས་ཅིག་མེ་ཏོག །དུས་གཏན་རྐྱང་དུམ་ར་མི་ཤར། །དུས་གཏན་རྐྱང་དུམ་ར་ཤརན། །དུམ་རའི་རྒྱན་ཆ་བཏུབ་པས་ལོ། ། འུམ་ འ་ནཱེམ་ཅིག་ཨིན་མས་གོ་ཤིག
  • ཇོ་ཅུ་
    བ་རྡོས་སྒོར་མར་སྒོ་རྒསམོ་འདི། །ནཱ་ཡུམ་ཆེན་ཨ་མའི་ཡུལ་འདི་ཨིན་མས་ལོ། །
  • ཇོ་ཅུ་
    ཡོད་དོ་མེདཔ་བཀའ་མིན་འདུག །ཨམ་ཇ་མར་བ་ལས་རེ་དགོ་པས་ལོ། །
  • ཇོ་ཅུ་
    ཆང་སིང་ཆང་སྦང་སའི་ཁྲོ་ཅུང་འདི། །ངེའི་ཡབ་ཆེན་ཨ་པའི་ཡོད་ལུགས་མས། །
  • ཇོ་ཅུ་
    ཡོད་ལུགས་མེདཔ་བཀའ་མིན་འདུག །ནཱ་ཨཔ་བློ་་རིག་ཆང་གི་སྟོན་དགོ་སྦེ་་ལོ། །
  • བཙན་ཆེན་:Tsenchen.
    ཨིན་མས་ཨིན་མས།