Skip to main content Skip to search
01 Sep 2018
1 min 17 sec
Video Overview
Creators: 
Penchela

A man from Kuengarabten in Trongsa district sings a Lozey ballad. Lozey were popular in the Shar, Wang and Par valleys. It was sung both for entertainment purposes and as a competition, by both men and women.

༉  ཀྲོང་གསར་རྫོང་ཁག་བྲག་སྟེང་ལས་འཇིགས་མེད་ཀྱིས་ སྤྱིར་བཏང་གི་བློ་ཟེ་ཅིག་བསྒྱུར་ཏེ་ཡོདཔ་ད་ བློ་ཟེ་འདི་ནང་ ཕར་ལོགསམ་ལུ་ རང་དགོ་པའི་ཅ་ལ་ཅིག་ཡོད་པ་ཅིན་ ཕར་ལོགས་མའི་མི་དེ་ལྷུ་དགོ་པའི་སྐོར་ལས་ཨིན་པས། བློ་ཟེ་འདི་ ནམ་ལས་བྱུང་བྱུངམ་ཨིན་ན་ཟེར་བ་ཅིན་ ད་རེས་ནངས་པར་ ང་བཅས་ར་འབྲུག་རྒྱལ་ཁབ་ཀྱི་ནུབ་ཕྱོགས་རྫོང་ཁག་ནང་ཡོད་པའི་མི་ཚུ་ ཚོང་གི་རྒྱུན་འབྲེལ་ཕུན་ཚོགས་གླིང་ལུ་འཐབ་དོ་བཟུམ་སྦེ་ ཧེ་མ་ཕུན་ཚོགས་གླིང་ལུ་ཡོངས་གྲགས་སྦེ་མེད་པའི་ནམ་དུས་ལུ་ དཔག་བསམ་ཁ་ལུ་ཡོངས་གྲགས་སྦེ་སྡོད་པའི་སྐབས་སུ་བྱུང་བྱུངམ་གི་བློ་ཟེ་ཅིག་ཨིན་པས།

Transcript search
No results found for this search
0 of 0
  • འཇིགས་མེད། Jigme
    བློ་ཟེ་སི་སི་བློ་ཟེ་མེན། །བློ་ཟེ་སྒར་པའི་བློ་ལུ་ཨིན། །སྒརཔ་ལྷུ་བ་སྨིན་ཅུང་དགོ །སྨིན་ཅུང་ལྷུ་བ་ཟས་དགོ །ཟས་དབོག་པ་གཟའ་རུ་དགོ །གཟའ་རུ་ཤིང་གི་ལོགས་ལུ་མས། །ཤིང་སྤོག་པ་སྟ་རི་དགོ །
  • འཇིགས་མེད། Jigme
    སྟ་རི་མགརཝ་ལག་པ་མས། །མགརཝ་ལྷུ་བ་ཆང་དགོ །ཆང་རྒྱ་རྫིའི་བཤའ་མར་མས། །ཆང་བསགས་པ་ཆང་ཤོ་དགོ །ཆང་ཤོ་འབྱོག་པའི་ལག་པ་མས། །འབྱོགཔ་ལྷུ་བ་ཏམ་ཁུ་དགོ །
  • འཇིགས་མེད། Jigme
    ཏམ་ཁུ་དཔག་ས་ཁ་ལུ་མས། །ཏམ་ཁུ་ཉོ་བ་ཏི་རུ་དགོ །ཏི་རུ་རྒྱ་གར་ལག་པ་མས། །རྒྱ་གར་ལྷུ་བ་གླ་རྩི་དགོ །གླ་རྩི་གཡུས་ཁ་ཐལ་སོང་འདུག །ཤ་རོགཔ་རྐངཔ་བཅག་ཆི་འདུག །
  • འ་ནེམ་ཅིག་ཨིན་ཏེ་ ཧ་ཧ་་་འ་ནཱི་སྦེ་བཏངམ་ཨིན་བློ་ཟེ་འདི་ ཧ་ཧ་་་།