Video Overview
Chador from Kuenzangling village in Nyisho Gewog (county) in Wangdiphodrang Dzongkhag (district) narrates an antagonizing Lozey called "Lo Nahing Dungmi Zangteng". It has no fixed length and depends entirely on the depth of knowledge of a person. The Lozey in this video is short and is called "Lozey Do Thum". This Lozey says it is better to make an amulet ('gaw') rather than an earring, because an amulet can be used as part of ornaments and cords for safety. Lozey is a means of debate between people.
དབང་འདུས་ཕོ་བྲང་རྫོང་ཁག་ ཉི་ཤོག་རྒེད་འོག་ གཡུས་ཀུན་བཟང་གླིང་ལས་ ཨམ་ཕྱག་རྡོར་གྱིས་ ལོ་ན་ཧིང་རྡུངས་མི་ཟངས་ཏེང་འདི་ཟེར་མི་ དགྲའི་བློ་ཟེ་འདི་སླབ་ཨིནམ་ད་ སྤྱིར་བཏང་བློ་ཟེ་ལུ་ རིང་ཐུང་འ་ནཱེ་ཅིག་ཟེརཝ་མེད་པར་ བློ་ཟེ་སླབ་མི་འདིའི་ཡོད་ཏན་གྱི་ གདིང་དང་འཁྲིལ་ཏེ་འགྱོཝ་མས། ད་ལྟོའི་བློ་ཟེ་འདི་ ཐུང་སུ་ཅིག་འབད་མི་འདི་ཨིནམ་ད་ འདི་ནང་སྲུང་འཁོར་གའུ་འདི་ ང་བབཅས་རའི་སྲུང་མ་དང་ བརྒྱན་ཆ་སྦེ་ཡང་བཞག་བཏུབ་ལས་ རྣ་བརྒྱན་སིན་ཅུ་ལས་ གའུ་བཟོ་བ་ཅིན་དྲག་ཟེར་ དགྲ་བློ་སྦེ་སླབ་མས། ཏེ་སྤྱིར་བཏང་ བློ་ཟེ་འདི་གཡུས་དང་གཡུས་ཀྱི་བར་ན་དང་ ཕོ་དང་མོའི་བར་ན་ འདི་ལས་སྡེ་ཚན་གྱི་བར་ན་ བློའི་རིག་རྩལ་འགྲན་བསྡུར་བཟུམ་ཅིག་སྦེ་འབདཝ་ཨིན།
- Rubesa
- ཕྱག་རྡོར། Chadoལོ་ན་ཧིང་བརྡུངས་མི་ཟངས་ཏིང་འདི། །རང་དུས་ཅི་དངུལ་དང་མཉམ་བརྗེཝ་མས་ལོ། །དངུལ་གསེར་དང་བརྗེ་བ་ཡིད་མ་ཁོམ། །སེརཔོ་གསེར་གྱི་མཛུབ་དཀྱི་བརྡུངས་ཏེ། །སྲུང་འདི་(??)གཡས་པ་མ་བཙུགས་ཅི། །
- ཕྱག་རྡོར། Chadoཕྱི་བལྟ་བའི་མིག་ཁར་མཛེས་མི་དགོ །ནང་ནོར་བུའི་གའུ་ཅུང་བརྡུངན། །གའུ་ཅུང་པ་ཏྲ་བརྐོ། །པ་ཏྲ་གཡུས་ཀྱི་རྒྱན། །ཐགཔ་དོག་པའི་སྲུང་སྐུད་བཏགས། །གའུ་གསུམ་བརྩེགས་བར་ལས་བཙུགས་མཆིན། །ཡོད་ཟེར་རང་གིས་མ་སླབན། །ཡོདཔ་ཨིན་རོགས་ཀྱིས་མི་ཤེས་ལོ། །
- ཕྱག་རྡོར། Chadoའ་ནཱི་བ་མི་ཤེས།