Skip to main content Skip to search
01 Sep 2018
1 min 56 sec
Rating
0
No votes yet
Video Overview
Creators: 
Monika Subba, Kencho Wangmo

གསར་སྤང་རྫོང་ཁག་ དགེ་ལེགས་ཕུག་ལས་རྩ་རྒས་ཀྱིས་ བློ་ཟེ་ཅིག་བསྒྱུར་ཏེ་འདུག བློ་ཟེ་འདི་ ཁ་བདེ་ལྕེ་བདེ་ཚུ་གིས་ དོན་དག་ཧན་ཏོང་ཏོ་ཡོད་རུང་མེད་རུང་ ཁ་ཧན་པའི་སྒོ་ལས་རང་གི་མནོ་མི་དོན་དག་འདི་ ཕར་ཐད་ཀར་དུ་མ་སླབ་པར་ དཔེ་སྦྱར་ཡི་སྦྱར་ཡི་བློ་སླབ་ངོ་བདེ་ཏོག་ཏོ་སྦེ་སླབ་མི་ཅིག་ལུ་གོ་ནི་ཨིནམ་ད་ བློ་ཟེ་ལུ་ཡང་ རྩང་མོ་བཟུམ་སྦེ་ར་ དགྲ་བློ་ གཉེན་བློ་ དགའ་བློ་ལ་སོགས་པའི་དབྱེ་བ་ལེ་ཤ་ཅིག་ཡོདཔ་ཨིན་མས། ཧེ་མ་འབད་བ་ཅིན་ བློ་ཟེ་འདི་ནུབ་ཕྱོགས་རྫོང་ཁག་ཚུ་ནང་ལས་ཕར་རྐྱངམ་ཅིག་ཡོངས་གྲགས་སྦེ་ཡོདཔ་ཨིན་རུང་ ད་རེས་ནངས་པར་ རྒྱལ་ཁབ་ཡར་རྒྱས་ཀྱི་འགྱུར་བ་ལུ་བརྟེན་ཏེ་ རྒྱལ་ཁབ་ནང་འཁོད་ནང་རང་ཡོངས་གྲགས་འགྱོ་དོ་ཡོདཔ་ཨིན།

Show More

  • རྩ་རྒས་
    ཡ་་་ད་ལྟོ་ ཏེ་ ང་གིས་ བློ་ཟེ་ཚིག་ཐེངས་གཉིས་གསུམ་ཅིག་བསྒྱུར་གེ་ལགས།
  • རྩ་རྒས་
    མར་རྒྱ་ནག་བཀྲིས་འདི་ཁར་ལུ། །མར་གསེར་གི་པད་ཏ་ཁྲི་ཁར་འཛེགས། །
  • རྩ་རྒས་
    མ་ཆགས་གནམ་ལུ་ཡར་གྱི་རྟོགས། །མར་བཅའ་ཚེ་དུང་དཀར་རང་གི་རྟོགས། །
  • རྩ་རྒས་
    ཨམ་གསེར་བཟོ་མཁས་མོ་དྲི་ལྟ་ཚེ། །རང་མ་རྐྱབ་གནམ་ལས་ཡལ་བ། །
  • རྩ་རྒས་
    ནཱ་རྐྱབ་ཚེ་དུང་ཁ་ལོངམ་འདྲ། །
  • རྩ་རྒས་
    ས་ནཱ་ལས་ཡར་ཡར་བལྟ་ས་ལུ། །ཡར་སྒང་་་་གནས་ཀྱི་ཨོམ་ཆུ་འདི། །
  • རྩ་རྒས་
    དམའ་བ་ཁ་ལས་ལུས་ཀྱི་ལྟོ། །ང་ཨོག་ས་ལྷོང་ལོང་གི་ལྟོ། །
  • རྩ་རྒས་
    མར་དམའ་བ་ རང་ཨམ་མཚོ་སྨན་རྒྱལམོ་དྲི་ལྟ་ཚེ། །
  • རྩ་རྒས་
    དམའ་བ་ཁ་ལས་ལོག་པ། །ནཱ་དབོག་ཚེ་ཧོག་མ་འདྲ་ལོ་ལགས། །
  • རྩ་རྒས་
    གཏམ་ལེགས་པའི་བྱུ་རུ་་་འདི། །ཡར་ཁོད་སྟོད་གསེར་ལུ་གསེར་སྔགས་སྒྲོན། །
  • རྩ་རྒས་
    མར་ཁོད་སྨད་དངུལ་ལུ་དངུལ་སྔགས་སྒྲོན། །སྟབས་དུང་གྱི་ཕྱོགས་སུ་དུང་སྔགས་སྒྲོན། །
  • རྩ་རྒས་
    རྟ་་རྟ་བརྒྱ་དོན་ཚོགས་གསུམ་ཚེ་རྩིས། །རྟ་སྤང་ཁེབས་རྐྱབ་པའི་དུས་ཚོད་ལུ། །
  • རྩ་རྒས་
    སྒརཔ་རང་གི་ཞོན་རྟ་འབད་ཡི་བ། །རྟ་རྒས་ཅི་བྱག་ལུ་བཙུགས་ཏེ་གིས། །
  • རྩ་རྒས་
    ང་སུ་དང་ག་གིས་ཞོན་རུང་ཞོན་ལོ་ལགས། །
  • རྩ་རྒས་
    ཆུམ་ཕུད་ཏ་གང་བའི་རྫམ་ཅུང་། །ཆུ་རྦ་རླབས་དེ་རང་མ་འཁྲུགས། །
  • རྩ་རྒས་
    ཆུ་རྦ་རླབས་དེ་རང་འཁྲུགསན། །ནཱ་མཚོ་ཆེན་རྒྱས་པའི་རྫམ་ཆེན། །
  • རྩ་རྒས་
    ས་དཀར་པོའི་ཕྱོགས་ལུ་བཞག་ནི་ལོ་ལགས། །བྱམོ་ཀོ་ཏེ་པད་མོའི་བྱ་མོ། །
  • རྩ་རྒས་
    ཁྱོད་གོང་སྐད་དེ་རང་མ་རྐྱབ། །ཁྱོད་གོང་སྐད་དེ་རང་རྐྱབན། །
  • རྩ་རྒས་
    ང་དོ་རྡོ་དང་མཇལ་འོང་ལོ་ལགས། །
    འ་ནེམ་ཅིག་ཨིན་ལགས།