Video Overview
Lotey sings a song about a golden lake on Toedmo Chang Mountain where a golden plant grows on a golden bird. The golden bird shall not stay but shall fly away to Choekhor Lhasa to visit Sakyamuni Buddha, which can cleanse the sins accumulated by father. The song calls on to Tsheringla Tsho and tells of the sliver lake, tree and the sliver bird which shall fly to Lhodrak Kharchu to see Lama Namkhai Nyingpo and the final part of the song talks of a lake of tung metal, from where a tung plants grows on which a tung birds sits, The bird shall not sit but fly over to Puthang Dechen, the Punakha dzong to see Lama Zhabdrung. Lotey says, other version of this song is popularly sung as Lungpa Chung Chung.
སྤུན་ན་རྫོང་ཁག་ འབར་པའི་རྒེད་འོག་ གཡུར་བ་གཡུས་ཚན་ལས་ བློ་གྲོས་ཀྱིས་ གླུ་གཞས་ཚེ་རིང་ལ་མཚོ་ཟེར་མི་འཐེནམ་ཨིན་པས། འདི་ཡང་ ཚེ་རིང་ལ་མཚོ་ སྟོད་མོ་བྱང་གྱི་རི་ལ་གསེར་མཚོ་ཆགས་ ཚེ་རིང་ལ་མཚོ། །ཚེ་རིང་ལ་མཚོ་ གསེར་མཚོ་འདི་གི་མགུ་ལ་གསེར་ཤིང་འཁྲུངས ཚེ་རིང་མཚོ། །ཚེ་རིང་ལ་མཚོ་ གསེར་ཤིང་འདི་གི་མགུ་ལ་གསེར་བྱ་ཆགས ་ཚེ་རིང་ལ་མཚོ། །ཚེ་རིང་ལ་མཚོ་ གསེར་བྱ་རང་ཡང་མི་སྡོད་འཕུར་འགྲོ་ནི་ཚ ེ་རིང་ལ་མཚོ། །ཚེ་རིང་ལ་མཚོ་ ཡར་ཡར་ཆོས་འཁོར་ལྷ་ས་འཕུར་འགྲོ་ནི ་ཚེ་རིང་ལ་མཚོ། །ཚེ་རིང་ལ་མཚོ་བླ་མ་ཤཱཀྱ་མ་ཎི་ཞབས་སར་བཅར་ ཚེ་རིང་ལ་མཚོ། །ཚེ་རིང་ལ་མཚོ་ ཡབ་ཆེན་ཨ་པའི་ལས་སྒྲིབ་འདི་གིས་རྫོགས་ ཚེ་རིང་ལ་མཚོ། །དེ་ལས་འདི་ཅོག་ར་འཐདཔ་སྦེ་ དངུལ་མཚོ་ ཤིང་དང་ ལྷོ་བྲག་མཁར་ཆུ་ལུ་ བླ་མ་ནམ་མཁའ་སྙིང་པོ་འབད་སར་ འཕུར་འགྱོ་མི་དངུལ་བྱ་དང་ མཇུག་ར་སྟོད་མོ་བྱང་གི་རི་ལ་དུང་མཚོ་ཆགས། །དུང་མཚོ་འདི་གི་མགུ་ལུ་དུང་ཤིང་འཁྲུངས། །དུང་ཤིང་འདི་གི་མགུ་ལུ་དུང་བྱ་ཆགས། །དུང་བྱ་རང་ཡང་མི་སྡོད་འཕུར་འགྲོ་ནི། །ཡར་ཡར་སྤུན་ན་བདེ་ཆེན་འཕུར་འགྲོ་ནི། །བླ་མ་ཞབས་དྲུང་ཞབས་སར་བཅར། །ཟེར་ཨིནམ་ད་ བློ་གྲོས་ཀྱིས་འབད་བ་ཅིན་ གླུ་གཞས་འདི་བཟུམ་སྦེ་ ལུང་པ་ཕྱུང་ཕྱུང་ཟེར་མི་ཅིག་ཡང་ཡོད་ཟེར་མས།
- Lhasa
- Lhodrak
- Punakha
- བློ་གྲོསགདངས་འདི་ཚེ་རིང་ལ་འཚོ་ཟེར་འཐེན་མས་ལགས། ཨོ་མོ་ཨོ་མོ་མ་ཎི་ཚེ་རིང་ལ་འཚོ་ཟེར། ཏེ་དེ་ལན་ ད་མ་པ་འདི་ ང་བཅས་ར་ ལུང་པ་ཕྱུང་ཕྱུང་གི་ གདངས་བཟུམ་ཅིག་ གཞི་འདི་མ་པ་ ང་བཅས་ར་ གདངས་ཀྱི་སྦེ་ དཔྱད་ཡ་སོངམ་མ་གཏོགས་ཅིག་བུ་ ཏེ་གཞི་འདི་ ལུང་པ་ཕྱུང་ཕྱུང་གི་ ཚིག་ངོ་མ་འདི་ འ་ནཱི་ བཟུམ་ཅིག་ཡང་ཆགསཔ་མས།
- བློ་གྲོསད་རོགས་ཀྱིས་ ཞུན་དག་འབད་འགྱོ་བ་ཅིན་ ད་འ་ནཱི་གུ་ལས་ རྒྱས་འགྱོ་འགྱོཝ་བཟུམ་ཅིག་ཡ་ཨིན་མས། ཏེ་མ་པ་འདི་ཡང་ ཁ་སྐད་ལེགས་ཤོམ་ཅིག་ཡང་ཨིན་མས། ཏེ་དེ་ལན་འདིན་ཏེ་ བཅུད་གནམ་མེད་ས་མེད་ཁ་རིངམ་སྦེ་ གདངས་འཐེན་སྦེ་ ཡུན་རིངམ་འགྱོ་ དེ་ལས་རྡིག་སྦེ་འབད་ གམ་ཐག་ཆོད་ཆོད་ར་རྐྱབ་ནི་ཡོད་ལགས།
- བློ་གྲོསཞབས་བྲོ་འདི་དེ་ ད་འ་ནཱི་ ཨ་་་མཁན་མའི་ཚུ་གིས་ཏེ་ ག་དེ་སྦེ་ཨིན་རུང་ ང་བཅས་ར་ ད་གཡུས་སྒོ་སོ་སོར་གྱི་ ཏེ་འཐེན་ཐངས་ཅིག་འབདཝ་ལས་བརྟེན་དེ་གི་ ཏེ་ང་རའི་ ཁ་ཐུག་ལས་འདི་ ཏེ་འ་ནཱི་ ཤེསཔ་ཟེར་སླབ་རུང་ ད་ང་འབོད་སྒྲ་ཅིག་ ཏེ་ད་ལྟོ་ ནཱ་ལུ་ཕུལ་གེ་ མ་འོངས་པ་ལུ་ བུ་ཚུ་ཚུའི་ ཁ་ཐུག་ལས་སྦེ་འབདཝ་ད་ ད་འདི་རྐྱབ་པའི་ནམ་འདི་ལུ་ ལེའུ་ཡང་འཇམ་ ཏེ་གདངས་དང་ ཏེ་སྐུལ་བརྡ་སྦེ་རྐྱབ་འབད་སྦེ་འབདཝ་ད་ ཏེ་ང་བཅས་ར་ ཡུདཔ་ཅིག་གཉིད་སྡུག་རྐྱབ་པའི་ ས་སྒོ་ནང་རྐྱབ་བ་ཅིན་ ཏེ་གཉིད་ཡང་ཟད་ ཏེ་ཨོམ་ཉལ་སྡོད་སྡོདཔ་ཡང་ གནམ་མེད་ས་མེད་ འཛུམ་སེག་སེ་བཟོ་ ཏེ་དགའ་ཏོག་ཏོ་བཟོ་བའི་ཟེར་ ཞུ་ནི་ཨིན།
- བློ་གྲོསཏེ་ད་མ་འོངས་པ་ ཏེ་ན་གཞོན་ཆ་ཁྱབ་པ་གིས་ ད་འ་ནཱི་ བཟུམ་ཅིག་བཞགཔ་ད་ལུ་ ད་འ་ནཱི་གུ་ བརྩོན་ཤུགས་བསྐྱེད་དེ་སྦེ་ འཐེན་ཚུགསཔ་ཅིག་ཡོན་ ཏེ་ཨ་པ་ང་ར་ཡང་ ལོ་ན་ཚོད་ཡར་ཡར་འགྱོ་བའི་འགྱོ་བའི་ ཏེ་ང་བཅས་སྡོདནི་ དུས་ཚད་མི་ཐོབ་ ཏེ་དེ་ལས་ མར་ཀོ་ལེཤི(མཐོ་ཤེས་ཚད་)བལྟ་བ་ཡར་འོང་།
- བློ་གྲོསའ་ནཱ་འབདཝ་ད་ མར་ན་གཞོན་ཆ་ཁྱབ་ཡང་ འ་ནཱི་ ལག་ལེན་འཐབ་བཞུགས་ཚུགས་པ་ཅིན་ ཏེ་དང་འདོད་བསྐྱེད་དེ་སྦེ་ ཏེ་ད་ ཕྱི་སྦེ་མི་བཞུ་བས མར་སྦེ་མི་བཞུ་བས། ཏེ་ཧནམ་དང་ཚིག་ལུ་ དང་འདོད་མེད་དེ་འབད་རུང་ཡང་ བརྩོན་ཤུགས་ཅིག་བསྐྱེད་ ཏེ་ཨེང་་་་ལག་ལེན་འཕྲོ་མཐུད་དེ་འཐབ་གནང་ཟེར་ ཏེ་ང་རའི་ཁ་ཐུག་ལས་ སྨོན་ལམ་ཨིན་ཟེར་ཞུ་ནི་ཨིན། ཏེ་ད་ ང་རའི་ ཁ་ཐུག་ལས་ ད་ལྟོ་ འ་ནཱི་ འཐེན་གེ་ཟེར་ ཞུ་ནི་ཨིན་ལགས།
- བློ་གྲོསད་སྐུལ་བརྡ་སྦེ་་འཐེནམ་ད་ ཏེ་མར་ལས་གཞས་རོགས་ཀྱིས་ འཐེན་པའི་དུས་ཚད་མིན་ནུག་ ཏེ་འགུ་འདི་ ང་གིས་ སྐུག་བརྡ་བཙུགས་པའི་ཤུན་ མཇུག་འདི་འ་ནཱེ་སྦེ་ར་ལྟབ་བདའ་ཆེ་གེ་ཟེར་ ཞུ་གེ།
- བློ་གྲོསཚེ་རིང་ལ་མཚོ་ཨོ་མོ་ཨོ་མོ་མ་ཎེ་པདྨེ་ཧཱུཾ་ལ། །ཚེ་རིང་ལ་འཚོ། །
- བློ་གྲོསཚེ་རིང་ལ་འཚོ། །སྟོད་མོ་བྱང་གི་རི་ལ། །གསེར་མཚོ་ཆགས་ལ། །ཚེ་རིང་ལ་འཚོ། །
- བློ་གྲོསཚེ་རིང་ལ་འཚོ། །གསེར་མཚོ་འདི་གི་སྦུག་ལ། །གསེར་ཤིང་འཁྲུངས་ལ། །ཚེ་རིང་ལ་འཚོ། །
- བློ་གྲོསཚེ་རིང་ལ་འཚོ། །གསེར་ཤིང་འདི་གི་མགུ་ལ། །གསེར་བྱ་ཆགས་ལ། །ཚེ་རིང་ལ་འཚོ། །
- བློ་གྲོསཚེ་རིང་ལ་འཚོ། །སེར་བྱ་རང་ཡང་མི་སྡོད། །འཕུ་འགྲོ་ནི་ལ། །ཚེ་རིང་ལ་འཚོ། །
- བློ་གྲོསཚེ་རིང་ལ་འཚོ། །ཡང་ཡང་ཆོས་འཁོར་ལྷ་ས། །འཕུར་འགྲོ་ནི་ལ། །ཚེ་རིང་ལ་འཚོ། །
- བློ་གྲོསཚེ་རིང་ལ་འཚོ། །བླ་མ་ཤཱཀྱ་མུ་ནི། །ཞབས་སར་བཅར་ཡ་ལ། །ཚེ་རིང་ལ་འཚོ། །
- བློ་གྲོསཚེ་རིང་ལ་འཚོ། ཡབ་ཆེན་ཨ་པའི་ལས་གྲིབ། །འདི་གིས་རྫོགས་ལ། །ཚེ་རིང་ལ་འཚོ། །
- བློ་གྲོསཚེ་རིང་ལ་འཚོ། །སྟོད་མོ་ལྕང་གི་རི་ལ། །དངོས་མཚོ་ཆགས་ལ། །ཚེ་རིང་ལ་འཚོ། །
- བློ་གྲོསཚེ་རིང་ལ་འཚོ། །དངོས་མཚོ་འདི་གི་མགུ་ལ། །དངོས་ཤིང་འཁྲུངས་ལ། །ཚེ་རིང་ལ་འཚོ། །
- བློ་གྲོསཚེ་རིང་ལ་འཚོ། །དངོས་ཤིང་འདི་གི་མགུ་ལ། །དངོས་བྱ་ཆགས་ལ་། །ཚེ་རིང་ལ་འཚོ། །
- བློ་གྲོསཚེ་རིང་ལ་འཚོ། །དངོས་བྱ་རང་ཡང་མི་སྡོད། །འཕུར་འགྲོ་ནི་ལ། །ཚེ་རིང་ལ་འཚོ། །
- བློ་གྲོསཚེ་རིང་ལ་འཚོ། །ཡང་ཡང་ལྷོ་བྲག་མཁར་ཆུ། །འཕུར་འགྲོ་ནི་ཡ་ལ། །ཚེ་རིང་ལ་འཚོ།
- བློ་གྲོསཚེ་རིང་ལ་འཚོ། །བླ་མ་ནམ་མཁའི་སྙིང་པོ། །ཞལ་གསེས་མཇལ་ཡ་ལ། །ཚེ་རིང་ལ་འཚོ། །
- བློ་གྲོསཚེ་རིང་ལ་འཚོ། །ཡམ་ཆེན་ཨ་མའི་ལས་གྲིབ། །འདི༌གིས༌དག༌ཡ་ལ། །ཚེ་རིང་ལ་འཚོ། །
- བློ་གྲོསཚེ་རིང་ལ་འཚོ། །སྟོད་མོ་བྱང་གི་རི་ལ། །གདུང༌མཚོ༌ཆགས༌ཡ༌ལ། །ཚེ༌རིང༌ལ༌འཚོ། །
- བློ་གྲོསཚེ༌རིང༌ལ༌འཚོ། །གདུང་མཚོ་འདི་གི་མགུ་ལ། །གདུང་ཤིང་འཁྲུངས་ཡ་ལ། །ཚེ་རིང་ལ་འཚོ། །
- བློ་གྲོསཚེ་རིང་ལ་འཚོ། །གདུང་ཤིང་འདི་གི་མགུ་ལ། །གདུང་བྱ་ཆགས་ཡ་ལ། །ཚེ་རིང་ལ་འཚོ། །
- བློ་གྲོསཚེ་རིང་ལ་འཚོ། །གདུང་བྱ་རང་ཡུལ་མི་སྡོད། །འཕུར་འགྲོ་ནི་ཡ་ལ། །ཚེ་རིང་ལ་འཚོ།
- བློ་གྲོསཚེ་རིང་ལ་འཚོ། །ཡང་ཡང་སྤུང་ན་བདེ་ཆེན། འཕུ་འགྲོ་ནི་ཡ་ལ། །ཚེ་རིང་ལ་འཚོ། །
- བློ་གྲོསཚེ་རིང་ལ་འཚོ། །བླ་མ་ངག་དབང་རྣམ་རྒྱལ། །ཞལ་གསེས་མཇལ་ཡ་ལ། །ཚེ་རིང་ལས་འཚོ།
- བློ་གྲོསཚེ་རིང་ལས་འཚོ། །མཉམ་རོགས་གཞོན་པའི་ལས་གྲིབ། །འདི་གིས་དག་ཡ་ལ། །ཚེ་རིང་ལ་འཚོ། །
- བློ་གྲོསཚེ་རིང་ལ་འཚོ། །ཨོ་མོ་ཨོ་མོ་མ་ཎི་་པདྨེ་ཧཱུཾ་ཡ་ལ། །ཚེ་རིང་ལ་འཚོ།
- བློ་གྲོསམ་ནཱེ་ཅིག་སྦེ་ མཇུག་བསྡུཝ་ཨིན་ཟེར་ཞུ་ནི་ལགས།