Skip to main content Skip to search
28 Jun 2018
3 min 29 sec
Video Overview
Creators: 
Yeshi Wangchuk, Dorji Nima

This Boedra song, Pemo Thangi Pethangna, is an old Boedra song that reveals the extraordinary skills of some people. According to the verses of the song, the calligrapher is an expert in writing Kanjur and Tenjur (Buddhist cannonical scriptures) without learning basic Tibetan letters. Similarly, a carpenter who had never learned how to make a windowsill could erect Tashi Gomang stupa, which is an extremely complicated structure. 

 

བོད་སྒྲའི་གླུ་གཞས་པདྨོ་ཐང་གི་པད་ཐང་ནང་ཟེར་མི་འདི་གི་ མི་ལ་ལུ་ཅིག་ལུ་ཡོད་པའི་ གཞན་དང མ་འདྲ་བའི་ རིག་རྩལ་དང་ ལྕོགས་གྲུབ་ཀྱི་སྐོར་ལས་སྟོནམ་ཨིན་མས། གླུ་གཞས་གི་ཚིག་ནང་ལུ་ ཡིག་བཟོ་མཁན་འདི་ བོད་ཀྱི་ གསལ་བྱེད་ མ་ལྷབ་སྟེ་འབད་རུང་ བཀའ་འགྱུར་དང་ བསྟན་འགྱུར་འབྲི་ནི་ལུ་ མཁས་མཆོག་ཡོད་པའི་སྐོར་ལས་སྟོན་མས། དེ་བཟུམ་སྦེ་རང་ བཟོཝ་འདི་གིས་ སྒོ་སྒྲིག་བཟོ་ནི་ཅིག་ཡང་ མ་ལྷབ་རུང་ མགུ་འཐོམ་སི་སི་ཡོད་པའི་ བཀྲ་ཤིས་མགོ་མང་བཟོ་བའི་སྐོར་ལས་སྟོནམ་ཨིན་མས།

 

Transcript search
No results found for this search
0 of 0
  • བསྟན་པ་ Tempa
    པདྨོ་ཐང་གི་པད་ཐང་ནང་ལ། །པདྨོ་ཐང་གི་པད་ཐང་ནང་ལ། །ལྐུགས་པ་སྤུན་གསུམ་ལ་འཛོམས་བཞག་ཡོད། །
  • བསྟན་པ་ Tempa
    ཀ་ཁ་ག་ང་ངོ་མི་ཤེས་ལ། །ཀ་ཁ་ག་ང་ངོ་མི་ཤེས་ལ། །བཀའ་འགྱུར་བསྟན་འགྱུར་ལ་ཏ་ར་ར(ཐ་ར་ར)། །
  • བསྟན་པ་ Tempa
    པདྨོ་ཐང་གི་པད་ཐང་ནང་ལ། །པདྨོ་ཐང་གི་པད་ཐང་ནང་ལ། །བཟོ་བོ་སྤུན་གསུམ་ལ་འཛོམས་བཞག་ཡོད། །
  • བསྟན་པ་ Tempa
    སྒོ་སྒྲིག་ཁ་བཞི་སྒྲིག་མི་ཤེས་ལ། །སྒོ་སྒྲིག་ཁ་བཞི་སྒྲིག་མི་ཤེས་ལ། །བཀྲིས་སྒོ་མང་ལ་བཞེངས་བཞག་ཡོད། །
  • བསྟན་པ་ Tempa
    པདྨོ་ཐང་གི་པད་ཐང་ནང་ལ། །པདྨོ་ཐང་གི་པད་ཐང་ནང་ལ། །མགར་བ་སྤུན་གསུམ་ལ་འཛོམས་བཞག་ཡོད། །
  • བསྟན་པ་ Tempa
    ཨ་ལོ་གྱི་ཅུང་བརྡུང་མི་ཤེས་ལ། །ཨ་ལོ་གྱི་ཅུང་བརྡུང་མི་ཤེས་ལ། །གྱི་རིང་འདོམ་པ་བཅོ་བརྒྱད་བརྡུངས་བཞག་ཡོད། །གྱི་རིང་འདོམ་པ་བཅོ་བརྒྱད་བརྡུངས་བཞག་ཡོད། །
  • བསྟན་པ་ Tempa
    པདྨོ་ཐང་གི་པད་ཐང་ནང་ལ། །པདྨོ་ཐང་གི་པད་ཐང་ནང་ལ། །བོ་མོ་སྤུན་གསུམ་ལ་འཛོམས་བཞག་ཡོད། །
  • བསྟན་པ་ Tempa
    ཨ་ལོ་དཀྱི་ར་འཐག་མི་ཤེས་ལ། །ཨ་ལོ་དཀྱི་ར་འཐག་མི་ཤེས་ལ། །སྐུད་ཤུད་ཐགས་ར་ལ་འཐག་འཐག་(འཐག་བཞག་)ཡོད། །
  • བསྟན་པ་ Tempa
    ལགས་སོ། ཨ་ནེམ་ཅིག་ཨིན་ལགས།། །།