Video Overview
When a poor family's husband butchers all nine bulls in his family herd, the family’s situation gets worse than ever.
- དཀོན་མཆོག་སྐྱིད།གནའ་ཞིག་ལ།
- རྒད་པོ་རྒན་མོ་གཉིས་ལ་བ་གླང་དགུ་ཡོད།
- བ་མོ་དགུ་ཡོད་དེ།
- རྒད་པོ་ཡིས་རྒན་མོ་ལ།
- རྒན་མོ་ང་སོང་ནས་མོ་བ་ལ་མོ་བཏབ་རྩིས་པ་རྩིས་བརྒྱབ་ན།
- བ་དགུ་ཐན་དང་བ་བརྒྱད་གཡང་ཟེར།
- དེ་ནས་གཅིག་བཤའ་ཟེར་ནས་བཤས་པ་རེད།
- དེ་ཉིན་ཞིག་ལ་ཁོས་བ་གླང་བཤའ་འདོད་ནས།
- ཡང་ཨ་ཡེ།
- ང་སྟོད་ལ་སོང་ནས་མོ་བར་མོ་བཏབ་ནས་སྨད་ལ་སོང་ནས་རྩིས་པར་རྩིས་བྱས་ན།
- བ་བརྒྱད་ཐན་དང་བ་བདུན་གཡང་ཟེར་གི
- དེ་ནས་གཅིག་བཤའ་ཟེར་ནས་བཤས་པ་དང་།
- དེ་ནས་ཉིན་ཞིག་ལ་ཡང་ཁོས་བ་གླང་བཤའ་འདོད་ནས།
- ཡང་ཨ་ཡེ་ང་སྟོད་ལ་སོང་ནས་རྩིས་བྱས་སྨད་ལ་སོང་ནས་མོ་བཏབ་ན།
- བ་བདུན་ཐན་དང་བ་དྲུག་གཡང་ཟེར།
- ཡང་གཅིག་བཤའ་ཟེར་ནས་ཡང་གཅིག་བཤས་པ་དང་།
- དེ་ཉིན་ཞིག་ལ་ཡང་ཁོས་བ་གླང་བཤའ་འདོད་ནས།
- ཡང་ཨ་ཡེ།
- ང་སྟོད་ལ་སོང་ནས་མོ་བཏབ་ནས་སྨད་ལ་སོང་ནས་རྩིས་བྱས་ན།
- བ་དྲུག་ཐན་དང་བ་ལྔ་གཡང་ཟེར་གི
- ཡང་གཅིག་བཤའ་ཟེར་ནས་ཡང་གཅིག་བཤས་པ་དང་།
- དེ་ནས་ཉིན་ཞིག་ལ་ཁོས་བ་གླང་བཤའ་འདོད་ནས།
- རྒན་མོ་ང་སྟོད་ལ་སོང་ནས་མོ་བཏབ་སྨད་ལ་སོང་ནས་རྩིས་བརྒྱབ་ན།
- ཡང་བ་ལྔ་ཐན་དང་བ་བཞི་གཡང་ཟེར།
- ཡང་གཅིག་བཤའ་ཟེར་ནས།
- ཡང་ཨ་ཡེ་ཡིས་ཡ་ཟེར་ནས་ཡང་གཅིག་བཤས་པ་དང་།
- དེ་ཉིན་ཞིག་ལ་ཡང་ཁོས་བ་གླང་བཤའ་འདོད་ནས།
- ཡང་ཨ་ཡེ།
- ང་སྟོད་ལ་སོང་ནས་མོ་བཏབ་ནས་སྨད་ལ་སོང་ནས་རྩིས་བཏབ་ན།
- བ་བཞི་གཡང་དང་བ་ལྔ་ཐན་ཟེར་གི
- ཡང་གཅིག་བཤའ་ཟེར་ནས་ཡང་གཅིག་བཤས་པ་དང་།
- དེ་ནས་ཉིན་ཞིག་ལ་ཡང་ཨ་ཡེ།
- ཁོ་སྟོད་ལ་སོང་ནས་མོ་བཏབ་སྨད་ལ་སོང་ནས་རྩིས་བརྒྱབ་ན།
- ཡང་བ་བཞི་ཐན་དང་བ་གསུམ་གཡང་ཟེར་གི།
- ཡང་གཅིག་བཤའ་ཟེར་ནས་ཡང་གཅིག་བཤས་པ་དང་།
- དེ་ཉིན་ཞིག་ལ་ཡང་ཁོས་བ་གླང་བཤའ་འདོད་ནས།
- ཡང་ཨ་ཡེ།
- ཁོ་སྟོད་ལ་སོང་ནས་མོ་བཏབ་སྨད་ལ་སོང་ནས་རྩིས་བཏབ་ན།
- བ་གསུམ་ཐན་དང་བ་གཉིས་གཡང་ཟེར་གི
- ཡང་གཅིག་བཤའ་ཟེར་ནས་ཡང་གཅིག་བཤས་པ་དང་།
- བ་གླང་གཉིས་ལས་མེད།
- དེ་ནས་ཉིན་ཞིག་ལ་ཡང་ཨ་ཡེ།
- བ་གཅིག་གཡང་དང་བ་གཉིས་ཐན་ཟེར་གི།
- ཁོ་སྟོད་ལ་སོང་ནས་མོ་བཏབ་ལ་སྨད་ལ་སོང་ནས་རྩིས་བརྒྱབ་ན།
- ཡང་གཅིག་བཤའ་ཟེར་ནས་ཡང་གཅིག་བཤས་པ་དང་།
- ད་བ་གླང་གཅིག་ལས་ལྷག་མེད།
- དེ་ཉིན་ཞིག་ལ་ཡང་ཁོས་བ་གླང་བཤའ་འདོད་ནས།
- ཡང་ཨ་ཡེ།
- ཁོ་སྟོད་ལ་སོང་ནས་མོ་བཏབ་ནས་སྨད་ལ་སོང་ནས་རྩིས་བཏབ་ན།
- བ་གཅིག་ཐན་དང་བ་ལུད་གཡང་ཟེར་གི
- དེ་ནས་ཡང་ངེད་གཉིས་ཀྱིས་གཅིག་བཤའ་ཟེར།
- ཨ་ཡེ་ཡིས་བཤའ་རྒྱུ་མིན་ཟེར།
- ལག་ནས་མ་ལོན་པར་བཤའ་མ་ཐུབ་པ་རེད།
- དེ་ནས་ཁོས་བཤའ་འདོད་ནས།
- གྲོད་པུ་ཞིག་གི་ཐོག་ཏུ་ཁབ་གཙག་བརྒྱ་དང་འབིགས་གཙག་བརྒྱ་བྱས་ནས།
- ཁོས་ཨ་ཡེ་ཆུ་ཁྱེར་ཤོག་ཟེར།
- ཁྱོད་ཆུ་ཁར་སོང་ནས་ཆུ་ཁྱེར་ཤོག་ཟེར།
- ཨ་ཡེ་ཆུ་ཁར་འགྲོ་རུ་བཅུག
- མྱུར་དུ་ཤུལ་ནས་བ་གླང་བཤས་ནས།
- བཤས་ནས་དོང་ཞིག་བརྐོས་ནས།
- མྱུར་དུ་ཤ་ནང་དུ་བླངས་ནས་ཚར་ལ་ཉེ་དུས།
- ཨ་ཡེ་ཡིས་གྲོད་པུ་ལ་ཐུམ་བརྒྱ་དང་བརྒྱད་བྱས་ནས།
- ནང་དུ་ཆུ་འཁུར་ནས་སྒོ་ཁར་ཐོན།
- དེ་ནས་སྒོ་བརྒྱབ་ཡོད་པས།
- དེ་ནས་རྒད་པོ་རྒད་པོ་སྒོ་ཕྱེ་ཟེར།
- སྡོད་སྡོད་སྡོད་ངས་རྩག་པ་གྱོན་བཞིན་ཡོད་ཟེར།
- ཡང་རྒད་པོ་རྒད་པོ་སྒོ་ཕྱེ་ཟེར།
- ཅུང་ཙམ་བསྡད་ནས།
- སྡོད་སྡོད་སྡོད་ངས་ལྷམ་གོན་བཞིན་ཡོད་ཟེར།
- དེ་ནས་ཡང་ཅུང་ཙམ་འགོར་ནས།
- རྒད་པོ་རྒད་པོ་སྒོ་ཕྱེ་ཟེར།
- སྡོད་སྡོད་སྡོད་ངས་ཞྭ་རྒན་གོན་བཞིན་ཡོད་ཟེར།
- སྒོ་མ་ཕྱེ་བ་རེད།
- རྒད་པོ་འདིས་ཅི་ཞིག་བྱེད་བཞིན་ཡོད་འདོད་ནས།
- མོས་མྱུར་དུ་སྒོ་ཡར་བཀྱགས་ནས་ཁྱིམ་ལ་བལྟས་དུས།
- བ་མོ་བཤས་ནས་ནུ་མ་ལས་ཅི་ཡང་ལྷག་མེད།
- དེ་ནས་མོས་བ་མོ་དེའི་ནུ་མ་བཟུང་ནས་ངུ་ཞོར་དུ་སོང་ནས།
- གད་པ་ཞིག་ལ་བརྒྱབ་དུས་ཅི་ཡང་མ་བྱུང་།
- དེ་ནས་ཁྱེར་ཏེ་ངུ་ཞོར་དུ་སོང་ནས།
- བྲག་ངོ་ཞིག་ལ་བརྒྱབ་དུས།
- ནུ་མ་དེ་བྲག་ལ་འབྱར་སོང་།
- དེ་ནས་མོས་འཐེན་དུས་ནང་ནས་འོ་མ་བྱུང་སོང་།
- མོ་བགད་ནས།
- དེ་ནས་མོ་ཡིས་འོ་ཟོ་ཁྱེར་ནས་ཡོང་སྟེ་བཞོས།
- འོ་མ་བཞོས།
- དེ་ནས་མོ་ཡིས་ཞོ་བཞོས་ནས་འོ་མ་འཐུང་།
- དེ་ནས་མོ་བྲག་རྩ་ནས་བསྡད།
- དེ་ནས་རྒད་པོས་བ་མོའི་ཤ་ཟོས་ནས་ཚར་སོང་།
- ཉིན་ཞིག་ལ་ཁ་བ་ཐར་ཐོར་འབབ་བར་ཤོག
- ངའི་ཨ་ཡེ་ཡི་རྗེས་རྙེད་དུ་བཅུག་ཟེར།
- དེ་ནས་ཁ་བ་ཞིག་བབས།
- དེ་ནས་ཁོ་སོང་སོང་ནས་ཨ་ཡེ་ཡི་རྗེས་རྙེད་པ་རེད།
- རྗེས་དེ་དེད་ནས་བྲག་རྩ་དེར་ཡོང་དུས།
- མོ་ཡིས་བ་གླང་གི་ནུ་མ་བཞོས་ནས།
- འོ་མ་འཐུང་སྟེ་ཞོ་བརྒྱབ་ནས་བསྡད་ཡོད།
- དེ་ནས་རྒད་པོ་ཁོ་གཉིས་དེ་ལྟར་བསྡད་ནས།
- ཉིན་ཞིག་ལ་རྒད་པོ་ཡིས་ཁོས་བཞོ་རྒྱུ་ཟེར།
- རྒན་མོ་ཡིས་ཁྱོད་ཀྱིས་བཞོ་མི་ཤེས་བཀོག་རྒྱུ་རེད་ཟེར།
- ཁོས་བཞོ་རྒྱུ་ཟེར་ནས་བཀོད་པ་མེད་པས།
- དེ་ནས་ཁོས་བཞོ་རྒྱུ་ཟེར་ནས་འཐེན་པས།
- རྡོ་ཐོག་ནས་ནུ་མ་བཀོག་ནས་ལྷུང་བ་རེད།