Skip to main content Skip to search
05 Sep 2018
3 min 52 sec
Video Overview
Creators: 
Sonam Tobgye

Sanga Chozom from Lhuntse district sings a Boedra song called "Amo Tsugray La", the same one sung by Tshering Yangzom from Maedtsho Gewog (county) in the same district, but with a slightly different tone. The first three stanzas of this song are very sentimental. The author saw both the land and the sky in a state of mourning, but when he recollects his memories it turns out the author himself was in a sad mood. After that the song makes an offering to the powerful leader and spiritual masters, using among others a variety of flowers. The merit of these offerings brings happiness to the important figures and wellbeing to all sentient creatures. But if the flower offerings are not performed, the flowers may fall on the ground and cannot achieve these positive results.

 

༉  ལྷུན་རྩེ་རྫོ་ཁག་ སྨུག་པ་མཁར་ལས་ གསང་སྔགས་ཆོས་འཛོམས་ཀྱིས་འཐེན་མི་ ཨེ་མོ་ཚུར་རོལ་ལ་ཟེར་མི་ བོད་སྒྲའི་གླུ་གཞས་ཅོག་འཐདཔ་ཅིག་ སྨད་མཚོ་རྒེད་འོག་ལས་ ཚེ་རིང་དབྱངས་འཛོམས་ཀྱིས་ཡང་འཐེན་ཏེ་ཡོདཔ་ཨིན། ཁོང་གཉིས་ཀྱི་དབུགས་རིང་ཐུང་གི་ཁྱད་པར་ལས་བརྟེན་ གདངས་དབྱངས་ཨ་ཙི་རེ་མ་འདྲཝ་སྦེ་འཐེནམ་མ་ཚད་ གསང་སྔགས་ཆོས་འཛོམས་ཀྱིས་འཐེན་མི་ནང་ མགུ་ཏོ་ཁའི་ཚིག་དེ་ ལོག་སྟེ་མཇུག་ལས་ཡང་འཐེནམ་ཨིན་པས། ཨིན་རུང་ནང་དོན་ལས་དཔྱད་པ་ཅིན་ཅོག་ར་འཐདཔ་སྦེ་ཡོདཔ་ད་ གནམ་ལུ་བལྟ་ན་གནམ་ཡང་འཁྲུལ་ ས་ཁར་བལྟ་ན་ས་ཡང་འཁྲུལ་སི་སི་སྦེ་འདུག དེ་འབདཝ་ད་ ལེགས་ཤོམ་སྦེ་དཔྱད་བལྟ་བ་ཅིན་ ས་འཁྲུལ་གནམ་འཁྲུལ་མེན་པར་ རང་སེམས་འདི་འཁྲུལཝ་ཨིན་པས་ཟེར་དང་ སྤང་ལུ་མེ་ཏོག་གསུམ་ཤར་ས་ལས་གཅིག་འདི་ གསེར་ཤོག་མེ་ཏོག་དང་ གཅིག་དབུ་རྒྱན་པད་ཞྭ་ དེ་ལས་གཅིག་ལྟག་མའི་མེ་ཏོག་ཟེར་ ངོ་སྤྲོད་འབད་ཞིནམ་ལས་ གོང་གི་མེ་ཏོག་གཉིསཔོ་དེ་ དབང་ཆེན་དཔོནམ་དང་བླམ་ལུ་ཕུལ་ཏེ་ མཇུག་གི་འདི་ ག་གི་ཨིན་ན་རང་མ་ཤེས་པར་ སྤང་ནང་རང་ལུས་སོ་ཡི་ཟེར་ འཐེནམ་ཨིན་མས།

Transcript search
No results found for this search
0 of 0
  • གསང་བསྔགས་ཆོས་འཛོམས། Sanga Chozom
    ཨེ་མོ་ཚུར་རོལ་ལ། །ཨེ་མོ་ཨེ་སང་མ་ཎི་པདྨེ་ཧཱུཾ་ལ་ནི་པདྨེ་ཧཱུཾ། །
  • གསང་བསྔགས་ཆོས་འཛོམས། Sanga Chozom
    ཨེ་མོ་ཚུར་རོལ་ལ། །ཡས་ཀྱི་གནམ་ལ་བལྟ་ན་གནམ་ཡང་འཁྲུལ་ལ་ནི་གནམ་ཡང་འཁྲུལ། །
  • གསང་བསྔགས་ཆོས་འཛོམས། Sanga Chozom
    ཨེ་མོ་ཚུར་རོལ་ལ། །མས་ཀྱི་ས་ལ་བལྟ་ན་ས་ཡང་འཁྲུལ་ལ་ནི་ས་ཡང་འཁྲུལ། །
  • གསང་བསྔགས་ཆོས་འཛོམས། Sanga Chozom
    ཨེ་མོ་ཚུར་རོལ་ལ། །ས་འཁྲུལ་གནམ་འཁྲུལ་མ་རེད་རང་སེམས་འཁྲུལ་ལ་ནི་རང་སེམས་འཁྲུལ། །
  • གསང་བསྔགས་ཆོས་འཛོམས། Sanga Chozom
    ཨེ་མོ་ཚུར་རོལ་ལ། །སྤང་གི་ལོགས་ལ་མེ་ཏོག་སྤུན་གསུམ་ཤར་ལ་ནི་སྤུན་གསུམ་ཤར། །
  • གསང་བསྔགས་ཆོས་འཛོམས། Sanga Chozom
    ཨེ་མོ་ཚུར་རོལ་ལ། མེ་ཏོག་གཅིག་ནི་གསེར་ཤོག་མེ་ཏོག་ཟེར་ལ་ནི་མེ་ཏོག་ཟེར། །
  • གསང་བསྔགས་ཆོས་འཛོམས། Sanga Chozom
    ཨེ་མོ་ཚུར་རོལ་ལ། །གསེར་ཤོག་མེ་ཏོག་དཔོན་པོའི་དབུ་ལ་བཞེས་ལ་ནི་དབུ་ལ་བཞེས། །
  • གསང་བསྔགས་ཆོས་འཛོམས། Sanga Chozom
    ཨེ་མོ་ཚུར་རོལ་ལ། །མེ་ཏོག་གཅིག་ནི་ཨྱོན་ལ་པད་ཞྭ་ཟེར་ལ་ནི་པད་ཞྭ་ཟེར། །
  • གསང་བསྔགས་ཆོས་འཛོམས། Sanga Chozom
    ཨེ་མོ་ཚུར་རོལ་ལ། །ཨྱོན་པད་ཞྭ་བླ་མའི་དབུ་ལ་བཞེས་ལ་ནི་དབུ་ལ་བཞེས། །
  • གསང་བསྔགས་ཆོས་འཛོམས། Sanga Chozom
    ཨེ་མོ་ཚུར་རོལ་ལ། །མེ་ཏོག་གཅིག་ནི་སྟག་མའི་ལ་མེ་ཏོག་ཟེར་ལ་ནི་མེ་ཏོག་ཟེར། །
  • གསང་བསྔགས་ཆོས་འཛོམས། Sanga Chozom
    ཨེ་མོ་ཚུར་རོལ་ལ། །སུ་དང་གང་གིས་མ་བཞེས་སྤང་དུ་ལུས་ལ་ནི་སྤང་དུ་ལུས། །
  • གསང་བསྔགས་ཆོས་འཛོམས། Sanga Chozom
    ཨེ་མོ་ཚུར་རོལ་ལ། །ཡས་ཀྱི་གནམ་ལ་བལྟ་ན་གནམ་ཡང་འཁྲུལ་ལ་ནི་གནམ་ཡང་འཁྲུལ། །
  • གསང་བསྔགས་ཆོས་འཛོམས། Sanga Chozom
    ཨེ་མོ་ཚུར་རོལ་ལ། །མས་ཀྱི་ས་ལ་བལྟ་ན་ས་ཡང་འཁྲུལ་ལ་ནི་ས་ཡང་འཁྲུལ། །
  • གསང་བསྔགས་ཆོས་འཛོམས། Sanga Chozom
    ཨེ་མོ་ཚུར་རོལ་ལ། །ས་འཁྲུལ་གནམ་འཁྲུལ་མ་རེད་རང་སེམས་འཁྲུལ་ལ་ནི་རང་སེམས་འཁྲུལ།། ལགས་སོ།། །།