Skip to main content Skip to search
05 Sep 2018
1 min 14 sec
Video Overview
Creators: 
Sonam Tobgye

The first three stanzas of this song are very sentimental. The author saw both the land and the sky in a state of mourning, but when he recollects his memories it turns out the author himself was in a sad mood. After that the song makes an offering to the powerful leader and spiritual masters, using among others a variety of flowers. The merit of these offerings brings happiness to the important figures and wellbeing to all sentient creatures. But if the flower offerings are not performed, the flowers may fall on the ground and cannot achieve these positive results.

 

༉  ང་བཅས་ར་འབྲུག་རྒྱལ་ཁབ་ནང་ལུ་ སྤྱིར་བཏང་ལམ་སྲོལ་གྱིས་ཕྱུགཔ་སྦེ་སླབ་སྲོལ་དོ་བཟུམ་སྦེ་ ཁ་སྐད་ཡང་མ་འདྲཝ་ལེ་ཤ་ཡོདཔ་བཞིན་དུ་ གླུ་གཞས་ཚུ་ཡང་ རང་སོའི་ཁ་སྐད་ཐོག་ལས་འཐེན་འཐེནམ་ལེ་ཤ་ཅིག་ཡོདཔ་ཨིན། དེ་སྦེ་ཡོདཔ་བཞིན་དུ་ ལྷུན་རྩེ་རྫོག་ཁག་ སྨད་མཚོ་རྒེད་འོག་ནང་ལས་ཚེ་རིང་དབྱངས་འཛོམས་ཀྱིས་ རྩང་མོའི་གླུ་གཞས་ ལྕང་ཁ་ལ་མོའི་རྒྱབ་བེ་ཟེར་མི་ཅིག་འཐེན་ཏེ་འདུག རྩང་མོ་འདི་གི་གོ་དོན་འདི་ ཁོང་རང་གི་གཡུས་སྐད་ནང་འབད་ནི་དེ་གིས་ གོ་དོན་ལེགས་ཤོམ་ཅིག་འབད་ལེན་མི་ཚུགས་པས་ ཨིན་ཏེ་འབད་རུང་ ཕོག་ཚད་གུ་དཔག་བལྟ་བ་ཅིན་ ངོ་ཚ་ནི་གི་ཚིག་ཚུ་ཡོདཔ་བཟུམ་སྦེ་མཐོང་ཡི།

Transcript search
No results found for this search
0 of 0
  • ཚེ་རིང་དབྱངས་འཛོམས་ Tshering Yangzom
    ཨེ་མོ་ཚུར་རོལ་ལ། ཨེ་མོ་ཨེ་སང་མ་ཎི་པདྨེ་ཧཱུཾ་ལ་ནི་པདྨེ་ཧཱུཾ། །
  • ཚེ་རིང་དབྱངས་འཛོམས་ Tshering Yangzom
    ཨེ་མོ་ཚུར་རོལ་ལ། ཡར་ལ་གནམ་ལ་བལྟ་ན་གནམ་ཡང་འཁྲུལ་ལ་ནི་གནམ་ཡང་འཁྲུལ། །
  • ཚེ་རིང་དབྱངས་འཛོམས་ Tshering Yangzom
    ཨེ་མོ་ཚུར་རོལ་ལ། མར་ལ་ས་ལ་བལྟ་ན་ས་ཡང་འཁྲུལ་ལ་ནི་ས་ཡང་འཁྲུལ། །
  • ཚེ་རིང་དབྱངས་འཛོམས་ Tshering Yangzom
    ཨེ་མོ་ཚུར་རོལ་ལ། ས་འཁྲུལ་གནམ་འཁྲུལ་མ་རེད་རང་སེམས་འཁྲུལ་ལ་ནི་རང་སེམས་འཁྲུལ། །
  • ཚེ་རིང་དབྱངས་འཛོམས་ Tshering Yangzom
    ཨེ་མོ་ཚུར་རོལ་ལ། སྤང་གི་ལོགས་ལ་མེ་ཏོག་སྤུན་གསུམ་ཤར་ལ་ནི་སྤུན་གསུམ་ཤར། །
  • ཚེ་རིང་དབྱངས་འཛོམས་ Tshering Yangzom
    ཨེ་མོ་ཚུགས་རེད་ལ། མེ་ཏོག་གཅིག་ནི་གསེར་ཤོག་ཟེར་ལ་མེ་ཏོག་ཟེར། །
  • ཚེ་རིང་དབྱངས་འཛོམས་ Tshering Yangzom
    ཨེ་མོ་ཚུར་རོལ་ལ། གསེར་ཤོག་མེ་ཏོག་དཔོན་པོའི་ཕྱག་ལ་ཕུལ་ལ་ནི་ཕྱག་ལ་ཕུལ། །
  • ཚེ་རིང་དབྱངས་འཛོམས་ Tshering Yangzom
    ཨེ་མོ་ཚུར་རོལ་ལ། དཔོན་པོ་ཕྱག་ལ་ཕུལ་ནས་དཔོན་ཡང་དགའ་ལ་ནི་དཔོན་དགའ་སོང་། །
  • ཚེ་རིང་དབྱངས་འཛོམས་ Tshering Yangzom
    ཨེ་མོ་ཚུར་རོལ་ལ། མེ་ཏོག་གཅིག་ནི་ཨྱོན་པད་ཞྭ་ཟེར་ལ་ནི་པད་ཞྭ་ཟེར། །
  • ཚེ་རིང་དབྱངས་འཛོམས་ Tshering Yangzom
    ཨེ་མོ་ཚུར་རོལ་ལ། ཨྱོན་པད་ཞྭ་བླ་མའི་དབུ་ལ་ཕུལ་ལ་ནི་དབུ་ལ་ཕུལ། །
  • ཚེ་རིང་དབྱངས་འཛོམས་ Tshering Yangzom
    ཨེ་མོ་ཚུར་རོལ་ལ། མེ་ཏོག་གཅིག་ནི་ཏ་མའི་མེ་ཏོག་ཟེར་ལ་ནི་མེ་ཏོག་ཟེར། །
  • ཚེ་རིང་དབྱངས་འཛོམས་ Tshering Yangzom
    ཨེ་མོ་ཚུར་རོལ་ལ། སུ་དང་གང་གིས་མ་ཤེས་སྤང་དུ་ལུས་ལ་ནི་སྤང་དུ་ལུས། །
  • ཚེ་རིང་དབྱངས་འཛོམས་ Tshering Yangzom
    ཨེ་མོ་ཚུར་རོལ་ལ། ཨེ་མོ་ཨེ་སང་མ་ཎི་པདྨེ་ཧཱུཾ་ལ་ནི་པདྨེ་ཧཱུཾ་ལ། །
  • ཚེ་རིང་དབྱངས་འཛོམས་ Tshering Yangzom
    བཀྲ་ཤིས་བདེ་ལེགས།། །།