Skip to main content Skip to search
31 Jan 2017
1 min 29 sec
Video Overview
Creators: 
Sonam Chophel, Khandu, Lhakpa, Encho Lhamo, Jamyang Lhamo

Galley from Khyime Pang village of Barp gewog narrates an account of a rock which is believed to be the place where a demon hid from Lam Drukpa Kinley. The story was that a demon of Longrong residing at the confluence of Toebi Rongchhu and Punatshangchu below Chime lhakhang, when the lama was on the way to visit his consor Namkhai Drolma at Pachheykha village. The demon appeared in nude her left leg on the ridge where Chime Lhakhang is today, and the other right leg on the Wolakha ridge with lips of her massive dreadlocked vagina flapping in the air and said you may go from below if you are in hurry or may jump over if you have time. When Drukpa Kuenley had his fire-spitting wisdom thunderbolt (penis) by his right and caught the demoness by his left hand had her subdued, the astonished demon ran and hid under the rock from where the demon runs away in form of a fish.  

གློག་བརྙན་འདི་ནང་ སྤུན་ན་ཁ་རྫོང་ཁག་ འབར་པའི་རྒེད་འོག་ འཆི་མེད་སྤང་ནང་ལས་ དགའ་ལེགས་ཀྱིས་ བདུདམོ་འདི་ བླམ་འབྲུག་པ་ཀུན་ལེགས་ལས་ གཡིབ་སྡོད་སྡོདཔ་ཨིན་ཟེར་ ཡིད་ཆེས་བསྐྱེད་མི་ རྡོའི་སྐོར་ལས་ བཤད་པ་རྐྱབ་ཨིན་པས། སྲུང་ནང་ བླམ་འབྲུག་པ་ཀུན་ལེགས་མཆོག་ སྤ་ཆས་ཁ་ལུ་ ཁོ་རའི་མཁའ་འགྲོ་ སྤ་ཆས་ནམ་མཁའ་སྒྲོལ་མ་ཕྱད་པ་བྱོན་པའི་སྐབས་ འཆི་མེད་ལྷ་ཁང་གི་འོག་ལུ་ སྤུན་ན་གཙང་ཆུ་དང་ སྟོད་པའི་རོང་ཆུ་འཛོམས་སར་ གནས་བཅག་སྡོད་མི་ ལོ་རོང་བདུདམོ་འདི་ སྒྱེན་མོ་སྦེ་ མོ་གི་རྐངམ་གཡོནམ་འདི་ ད་ལྟོ་འཆི་མེད་ལྷ་ཁང་ཡོད་སར་དང་ རྐངམ་གཡསཔ་འདི་ འོ་ལ་ཁའི་གངས་གུ་བཀལ་ མོ་མཚན་སྦོམ་གྱི་ཁ་ སྐྱའི་རལཔ་ལྷ་ལྷཝ་བཟུམ་འདི་ རླུང་ཁ་བཀལ་ཏེ་ བླམ་ལུ་ ཁྱོད་ཚབ་ཚབ་འབད་བ་ཅིན་ འོང་ལས་འཛུལ་སོང་ ཡང་ཅིན་ དུས་ཚོད་ཡོད་པ་ཅིན་ མཆོང་སྦེ་སོང་ཟེར་ ཞུ་ཞུཝ་མས། བླམ་འབྲུག་པ་ཀུན་ལེགས་ཀྱིས་ ཁོ་གི་སྐ྄་མཇེ་རྡོ་རྗེ་མེ་འབར་བ་དེ་ ཕྱག་གཡས་ལུ་སྦེ་ བདུདམོ་འདི་ ཕྱག་གཡོནམ་གྱི་བཟུམ་སྦེ་བཏུལ་གནངམ་ད་ བདུདམོ་འདི་ གནམ་མེད་ས་མེད་ འདྲོག་སྟེ་ ཉ་ལུ་སྤྲུལ་བྱོག་སྟེ་ རྡོ་འདི་གི་་འོག་ལུ་ འཛུལ་ཏེ་གཡིབ་སྡོད་སྡོདཔ་མས།

Transcript search
No results found for this search
0 of 0
  • དགའ་ལེགས་
    ད་ འ་ནཱི རྡོ་འདིའི་སྐོར་ལས་འདི་ ཏེ་ ཨ་ནཱིའི་སྐོར་ལས་འདི་ ཨ་ཙི་གསུང་གནང་ཟེར་ཨིན་པས། ཨིནམ་ད་ལུ་ ཏེ་ཧེ་མ་བླམ་འབྲུགཔ་ཀུན་ལེགས་ ཏེ་ ད་ སྤ་ཆ་ཁ་ སྤ་ཆ་ཁ་ནམ་མཁའ་སྒྲོནམ་ སྡོད་ས་ལུ་ ཏེ་འབྱོནམ་ད་ ཏེ་འ་ནཱི་ ཕར་བྱོནམ་འདི་ ཏེ་འ་ནཱི་ ནཱ་ ལོ་རོང་བདུདམོ་དེ་གིས་ ཏེ་ཧ་གོཝ་ད་འདི་ ཏེ་ད་ ཕར་ལས་མར་སྦེ་བྱོནམ་ད་ལུ་
  • དགའ་ལེགས་
    ཏེ་ད་ ལོ་རོང་བདུདམོ་འདི་གི་ རྐངམ་གཅིག་ཨ་ཡར་བཀལ། ཏེ་རྐངམ་གཅིག་ ཨ་ནཱ་བཀལ་ སྡོདཔ་ལས་བརྟེན་ཏེ་སྦེ་ ཏེ་བླ་མ་གིས་ བདུདམོ་འདི་ལུ་ཕར་བཅར་ཟེར་ གསུངསམ་ད་ལུ་ ད་ སྒོར་ལོག་ཡོད་པ་ཅིན་ ཁྱོད་ར་་སྒོར་འབྱོན་ད་ ཏེ་སྒོར་ལོག་མེད་པ་ཅིན་ གོམ་འབྱོན་ད་ཟེར་ སླབ་ད་ལུ་
  • དགའ་ལེགས་
    བླ་མ་གིས་ སྦུལ་ར་ཏོག་མེ་འབར་འབརཝ་འདི་ ཏེ་བདུདམོ་གི་ ཏེ་ཨ་བུག་ནང་ལས་ ཏེ་བཙུགས་བཏངམ་ད་ལུ་ བདུདམོ་རྣམ་རྟོག་ལངས་ཏེ་སྦེ་ བྱོག་སྟེ་སྦེ་ ཏེ་ཨ་ནཱི་ རྡོ་འདིའི་འོག་འཛུལ་སོང་ཡི་ཟེར་མས་ལགས། ཏེ་ ཨ་ནཱི་ རྡོ་འདིའི་འོག་ལུ་ བླ་མ་གིས་ རྡོ་རྗེ་འདི་ འ་ནཱི་ དཔགཔ་ད་ལུ་ ཏེ་ནཱ་ལས་ བདུདམོ་འདི་ རྣམ་རྟོག་ལངས་ཏེ་
  • དགའ་ལེགས་
    ཏེ་ བདུདམོ་འདི་ ཉ་ལུ་སྤྲུལ་ ཏེ་ བླ་མ་གིས་ སམ་ལུ་སྤྲུལ་ཏེ་སྦེ་ ཏེ་ལྟ་མ་ཉ་གི་པར་འདི་ ཏ་མ་སྟོན་ཚུགས་ཟེར་ ཞུ་ནི་ཨིན་ལགས། ཏེ་འ་ནཱི་ འབད་ནི་འདི་གི་མཐོང་ལགས་། ཏེ་ ཨ་ནཱི་ཁར་ལུ་ ཏེ་ལོ་གསར་རྒྱབ་ཟེར་ སླབ་ཨིན་ལགས་ ། ལོ་རོང་བདུདམོ་གིས་ ཏེ་ འཁྱམས་ས་དང་ བཅའ་ས་སྡོད་ས་འདི་ ཨ་ནཱི་ཁ་ཨིན་ཟེར་ ཞུ་ནི་ཨིན།