11 Jan 2016
2 min 38 sec
Video Overview
Creators:
Dradul Dorjay
འདི་ནི་སྟོད་དབུས་གཙང་ཡུལ་གྱི་བླ་མ་དང་སྨད་རྒྱ་ནག་ཡུལ་གྱི་དཔོན་པོ། རང་ཕ་ཡུལ་སྐྱིད་པའི་ཕ་དང་ཨ་ཁུར་བསྟོད་པའི་གླུ་ཞིག་ཡིན།
གླུ་འདིའི་ནང་དོན་གཙོ་བོ་ནི་སྟོད་དབུས་གཙང་ཡུལ་གྱི་བླ་མའི་སྐུ་ཚེ་བརྟན་པ་དང་མཛད་འཕྲིན་རྒྱས་པ། སྨད་རྒྱ་ནག་ཡུལ་གྱི་དཔོན་པོ་སྐུ་ཚེ་རིང་པ་དང་རྒྱལ་ཁབ་སྟོབས་དང་ལྡན་པ། རང་ཕ་ཡུལ་ཕྱོགས་ཀྱི་ཕ་དང་ཨ་ཁུའི་སྐུ་ཚེ་རིང་བ་དང་ཁྱིམ་སོ་རྒྱས་པར་སྨོན་ལམ་ཡང་ཡང་འདེབས་པའི་གླུ་ཞིག་ཡིན།
- ༼ ཡེ་་་་་་ཡ་རེ་ཡ་རེ་་་་ངས་ཡ་རེ་ལེན་དགོ བྱང་ཡ་རེ་འཇོག་ལ་གླུ་ཞིག་ལེན། ༽
- སྟོད་དབུས་གཙང་ཡུལ་གྱི་ས་ཆ་ན། །
- འདི་སེར་པོ་གསེར་གྱིས་མཁར་ཞིག་བརྡུང་། །
- འདི་མཁར་སྟོད་སྐྱིད་ལ་ཉི་མ་ཤར། །
- འདི་མཁར་ནང་བླ་མ་སྐུ་ཚེ་བརྟན། །
- འདིའི་མཁར་མཐའ་སངས་རྒྱས་སྟོང་གིས་བསྐོར། །
- ངས་ཡང་ཡང་བསྐོར་བའི་གླུ་ཞིག་ལེན། །
- སྨད་རྒྱ་ནག་ཡུལ་གྱི་ས་ཆ་ན། །
- འདི་དཀར་པོ་དངུལ་གྱི་མཁར་ཞིག་བརྡུང་། །
- འདིའི་མཁར་སྟོད་སྐྱིད་ལ་ཉི་མ་ཤར། །
- འདི་མཁར་ནང་དཔོན་པོ་སྐུ་ཚེ་བརྟན། །
- འདིའི་མཁར་མཐའ་དམག་མི་སྟོང་གིས་བསྐོར། །
- ངས་ཡང་ཡང་བསྐོར་བའི་གླུ་ཞིག་ལེན། །
- བོད་ཁ་བ་ཅན་གྱི་ས་ཆ་ན། །
- མདོག་སྨུག་པོ་མཐིང་སྨུག་སྦྲ་ཞིག་ཕུབ། །
- འདིའི་སྦྲ་ཐོག་སྐྱིད་ལ་ཉི་མ་ཤར། །
- འདི་སྦྲ་ནང་ཕ་ཁུའི་སྐུ་ཚེ་བརྟན། །
- འདིའི་སྦྲ་མཐའ་བུ་ཚ་སྟོང་གིས་བསྐོར། །
- ངས་ཡང་ཡང་བསྐོར་བའི་གླུ་ཞིག་ལེན། །