Skip to main content Skip to search
18 Jun 2018
2 min 5 sec
Video Overview
Creators: 
Sonam Tobgye

"Dangla," performed in this video by Tshewang Choden from Ney village, is a boedra song. This song is about the sense of gratitude and happiness that arises from meeting a loved one again after a long time. It expresses these emotions through metaphors that describe the encounters between the sun and the sky, the snow lion and the mountains, the king and his fortress (dzong). It says that these things have not be able to meet for quite long time, and that there is joy and gratitude in their coming together. The origin of this song is unknown.  

༉  རང་ལུགས་འབོད་སྒྲའི་གླུ་གཞས་ ཨ་དང་ལ་ཨེ་ཟེར་མི་འདི་ ལྷུན་རྩེ་རྫོང་ཁག་ སྒང་ཟུར་རྒེད་འོག་ གནས་གཡུས་ཚན་ལས་ཚེ་དབང་ཆོས་སྒྲོན་གྱིས་འཐེན་ཏེ་འདུག གླུ་གཞས་འདི་ དུས་ཡུན་རིངམོ་གི་རྒྱབ་ཁ་ལས་འཕྱདཔ་ད་ དགའ་ཚོར་བསྐྱེད་དེ་འཐེན་པའི་གླུ་གཞས་ཅིག་ཨིན་མས། གླུ་གཞས་འདི་ནང་ དགུང་དང་ཁྲི་གདུགས་མ་མཇལ་ཡུན་རིང་སོང་། །ཁྲི་གདུགས་དགུང་ལ་འཁོར་བས་བཀའ་དྲིན་བདག་ལ་ཆེ། །གངས་དང་སེང་ཆེན་མ་མཇལ་ཡུན་རིང་སོང་། །སེང་ཆེན་གངས་ལ་འཁོར་བས་བཀའ་དྲིན་བདག་ལ་ཆེ་ཟེར་ དགུང་དང་ཁྲི་གདུགས་མ་མཇལ་བར་ཡུན་རིངམོ་སོང་བའི་མཐའ་མར་ ཁྲི་གདུགས་དེ་ལོག་སྟེ་ར་འཁོར་ཏེ་འོང་ནི་དེ་གིས་ བཀའ་དྲིན་ཆེ་ཡི་ཟེར་ ཕར་ལོགསམ་ལུ་དགའ་ཚོར་བསྐྱེད་པའི་ཚུལ་ཅིག་ཨིན་མས། འ་ནཱི་བཟུམ་སྦེ་ར་ དང་ཕུ་གི་གླུ་གཞས་ཚུ་ ཕྲངམ་ཕྲང་སར་མ་སླབ་པར་ སྙན་ངག་གི་དཔེ་རྒྱན་ཚུ་བཙུགས་ཏེ་བསྐོར་ཡི་བསྐོར་ཡི་སླབ་སླབ་འབད་ནི་དེ་གིས་ ཕར་ལོགསམ་གིས་ཧ་གོ་ཚུགས་པར་ལཱ་ཁག་ཡོདཔ་ཨིན། དེ་འབད་ནི་དེ་གིས་ ད་རེས་ནངས་པའི་ན་གཞོན་ཚུ་གིས་ དང་ཕུ་གི་གླུ་གཞས་ཚུ་ལུ་དེ་ཅིག་ར་སྤྲོ་བ་མ་བསྐྱེད་མི་དེ་ རྒྱུ་མཚན་དེ་ལས་བརྟེན་ཏེ་ཨིན་པས།

Transcript search
No results found for this search
0 of 0
  • Tshewang Choden: ཨ་དང་ལ་ཨེ། དགུང་དང་ཁྲི་གདུགས་མ་མཇལ་ཡུན་རིང་སོང་ལ། །གསུང་ཟེར་མོ་ལ། དགུང་དང་ཁྲི་གདུགས་དགུང་ལ་འཁོར་བའི་བཀྲིན་བདག་ལ་ཆེ། །བཀྲིན་བདག་ལ་ཆེ། །
    ཚེ་དབང་ཆོས་སྒྲོན་
  • Tshewang Choden: ཨ་དང་ལ་ཨེ། །གངས་དང་སེང་ཆེན་མ་མཇལ་ཡུན་རིང་སོང་ལ། །གསུང་ཟེར་མོ་ལ། ཤིང་ཆེན་གངས་ལ་འཁོར་བའི་བཀྲིན་བདག་ལ་ཆེ། །བཀྲིན་བདག་ལ་ཆེ། །
    ཚེ་དབང་ཆོས་སྒྲོན་
  • Tshewang Choden: ཨ་དྭངས་ལ་ཨེ། །རྫོང་ཆེན་དང་དབང་ཆེན་མ་མཇལ་ཡུན་རིང་སོང་ལ། །གསུང་ཟེར་མོ་ལ། དབང་ཆེན་རྫོང་ལ་འཁོར་བའི་བཀྲིན་བདག་ལ་ཆེ། །བཀྲིན་བདག་ལ་ཆེ། །
    ཚེ་དབང་ཆོས་སྒྲོན་
  • Tshewang Choden: ལགས་སོ་ལགས།། །།
    ཚེ་དབང་ཆོས་སྒྲོན་