Video Overview
༉ ལྷུན་རྩེ་ཆ་འོག་ སྨད་མཚོ་རྒེད་འོག་ གཞོང་སྨད་ལས་ནོར་བུ་སྒྲོལ་མ་དང་བསོད་ནམས་ལྷ་མོ་གིས་འཐེན་མི་བོད་སྒྲའི་གླུ་གཞས་ ཁང་པ་ལྕགས་ཤོག་དཀར་ཅུང་ཟེར་མི་འདི་ནང་ ད་རེས་ནངས་པའི་ཚིག་ ལྕགས་ཤོག་ལོ་ཟེར་མི་ཚུ་བཙུགས་ཡོདཔ་ལས་ བོད་སྒྲ་གསརཔ་བཟུམ་ཅིག་ཡོདཔ་ད་ འདི་ནང་དང་པ་ར་ མཚན་ལྡན་བླ་མའི་གཟིམས་ཅུང་འདི་ ལྕགས་ཤོག་དཀརཔོ་ནང་དགའཝ་མ་ཚད་ རབ་གསལ་གསེར་གྱི་པ་ཏྲ་ཅནམ་དེ་སྐྱིད་པས་ཟེར་ མཚན་ལྡན་བླམ་གི་གཟིམ་ཅུང་དེ་ དེ་སྦེ་བཞེངས་ཡོདཔ་སྦེ་སྟོནམ་ཨིནམ་ད་ ཤུལ་མམ་འདི་ནང་ རྩོམ་པ་པོ་འདི་ རྩ་བའི་བླམ་གིས་ཆོས་གནང་མི་ལས་བརྟེན་ བློ་སེམས་ཆོས་ལུ་འགྱུར་ཚུགསཔ་མ་ཚད་ སེམས་ལུ་དགའ་བ་བྱུངམ་མས་ཟེར་ རྩ་བའི་བླམ་ལུ་བསྟོད་པ་ཕུལ་ཏེ་ རྩོམ་པ་ཁོ་ར་དང་ གླུ་གཞས་ཉན་མི་ཆ་མཉམ་གྱི་རྒྱུད་ལུ་ དད་པ་བསྐྱེད་བཅུགཔ་མས།
"Khangpa Chag Sho Karchung" seems like a recent Boedra song, judging by the modern phrases used in the lyrics such as Chagsho (a corrugated iron sheet). Initially the song describes the residence of a root master, with wood crafted windows. Later on it praises the master himself, stating that the composer gains happiness in his presence. As the master confers a religious sermon, the composer directs the lyrics in the same direction. The composer leads the audience into devotion.
- Lhuntse
- ནོར་བུ་སྒྲོལ་མ་དང་བསོད་ནམས་ལྷ་མོ Norbu Dema & Sonam Lhamoཁང་པ་ལྕགས་ཤོག་དཀར་ཅུང་དགའ་བ་འདུག་ལ། །རབ་གསལ་གསེར་གྱི་པ་ཏྲ་སྐྱིད་པ་འདུག །རབ་གསལ་གསེར་གྱི་པ་ཏྲ་སྐྱིད་པ་འདུག །
- ནོར་བུ་སྒྲོལ་མ་དང་བསོད་ནམས་ལྷ་མོ Norbu Dema & Sonam Lhamoགསེར་གྱི་པ་ཏྲའི་ནང་དུ་དགའ་བ་འདུག །མཚན་ལྡན་བླ་མ་བཞུགས་ས་སྐྱིད་པ་འདུག །མཚན་ལྡན་བླ་མ་བཞུགས་ས་སྐྱིད་པ་འདུག །
- ནོར་བུ་སྒྲོལ་མ་དང་བསོད་ནམས་ལྷ་མོ Norbu Dema & Sonam Lhamoམཚན་ལྡན་བླ་མའི་ངང་ནས་དགའ་བ་འདུག །ཨོ་ལོ་ལྷ་ཆོས་མཇལ་ཤོག་སྐྱིད་པ་འདུག །ཨོ་ལོ་ལྷ་ཆོས་མཇལ་ཤོག་སྐྱིད་པ་འདུག །
- ནོར་བུ་སྒྲོལ་མ་དང་བསོད་ནམས་ལྷ་མོ Norbu Dema & Sonam Lhamoཨོ་ལོ་ལྷ་ཆོས་ཡོང་ན་དགའ་བ་འདུག །[འཛོམས་པ་རྣམ་གསུམ་རྒྱལ་འབྱུང་?]སྐྱིད་པ་འདུག་ལ། །[འཛོམས་པ་རྣམ་གསུམ་རྒྱལ་འབྱུང་?]སྐྱིད་པ་འདུག་ལ། །
- ནོར་བུ་སྒྲོལ་མ་ Norbu Demaལགས་སོ་ལགས།། །།