Video Overview
This is a video of Drolle from Serchen, Amdo singing a song called "A Little Dragon in the Blue Sky." This song is part of a collection of folk songs from the Rebgong cultural area.
- ཡེ་་་ཡ་རེ་ཡ་རེ་་་་ཡ་རེ་ལེན། ཞང་ཡ་རེ་ཟེར་ལ་གླུ་ཞིག་ལེན། །
- དགུང་ཨ་སྔོན་དཀྱིལ་ན་འབྲུག་ཆུང་ཞིག །
- འདི་བྲག་དམར་ཐེམ་ན་ཁྱུང་ཆེན་ཞིག །
- འདི་ཁྱུང་འབྲུག་གཉིས་ཀྱིས་སྤུན་ཞིག་བསྒྲིགས། །
- བྱ་འདབ་ཆགས་ཡུལ་ལ་བདེ་སྐྱིད་ལྡན། །
- འདི་གངས་རིའི་རྩེ་ན་གངས་སེང་ཞིག །
- འདི་རྒྱ་རྫོང་ནགས་ན་སྟག་མོ་ཞིག །
- འདི་སྟག་སེང་གཉིས་ཀྱིས་སྤུན་ཞིག་བསྒྲིགས། །
- ཟོག་དུད་འགྲོའི་ཡུལ་ལ་བདེ་སྐྱིད་ལྡན། །
- འདི་རྒྱ་ཡི་རྒྱ་བཟའ་ཀོང་ཇོ་གཅིག །
- འདི་བོད་ཀྱི་སྲོང་བཙན་སྒམ་པོ་གཉིས། །
- འདི་རྒྱ་བོད་གཉིས་ཀྱིས་གཉེན་ཞིག་བསྒྲིགས། །
- བོད་ཁ་བ་ཅན་ལ་བདེ་སྐྱིད་ལྡན། །
- གླུ་ཤེས་ནི་མིན་ཡང་དགོད་ཁ་སློངས། །