06 Jan 2016
2 min 50 sec
Video Overview
Creators:
Tibetan & Himalayan Library
This is a video of Kesang from Garu Village in Chentsa singing a song called "The Lion Stands Majestically like the Snow Mountain." This song is part of a collection of folk songs from the Rebgong cultural area.
འདི་ནི་ཕ་ཨ་ཁུ་དང་ནང་སྤུན་ཟླ་མ་སྲུ་མོ་རྣམས་ལ་བསྟོད་པའི་གླུ་ཞིག་ཡིན།
གླུ་འདིའི་ནང་དོན་གཙོ་བོ་ནི་ཀུན་གྱི་གཙུག་ན་བརྗིད་པའི་ཕ་ཨ་ཁུ་དང་སྟག་དམར་ཡག་ནགས་ན་མཆོངས་འདྲ་དཔའ་ཉམས་སྟོང་གིས་ཕྱུག་པའི་ཕུ་ནུ་སྤུན་ཟླ། བྱ་ཁུ་བྱུག་གི་མཛེས་པ་ལ་འགྲན་བཟོད་པའི་མ་སྲུ་རྣམས་བསྟོད་པ་བྱས་ཡོད།
- ༼ཨོ་་ཡ་་་ཡ་རེ་་་་ཡ་རེ་ལེན་དགོ༽
- སེང་གེ་གངས་ནས་འགྱིང་འདྲ་བོ། །
- གཡུ་རལ་ཕྲག་ལ་ངོམས་འདྲ་བོ། །
- དཔེ་བཞག་ན་ཕ་དང་ཨ་ཁུ་རེད། །
- རྒྱ་སྟག་ནགས་ནས་མཆོངས་འདྲ་བོ། །
- ཐིག་ལེ་རྒྱབ་ལ་ཤར་འདྲ་བོ། །
- དཔེ་བཞག་ན་ཕུ་ནུ་སྤུན་ཟླ་རེད། །
- བྱ་ཁུ་བྱུག་ནགས་ནས་གྲགས་འདྲ་བོ། །
- གསུང་སྐད་བོད་ལ་གྲགས་འདྲ་བོ། །
- དཔེ་བཞག་ན་དེ་རིང་མ་སྲུ་རེད། །
- གླུ་ཤེས་ནི་མིན་ཡང་རྟེན་འབྲེལ་རེད། །