Video Overview
The Singye Dance performed at Jampa Lhakhang in Bumthang, an annual event carried out by the local people of Chokhor. The lion at the heart of the dance represents the one that carried Jowa Jampa (Maitreya, the future Buddha), the main miage of the shrine, on its trip to Jampa Lhakhang. Thus, the dance welcomes the lion to Jampa Lhakhang through making offerings, since he came all the way from Tibet carrying the future Buddha. This is performed at the Jampa Lhakhang annual festival. It is said this dance has been practiced since the future Buddha's arrival in Bumthang.
གློག་བརྙན་འདི་ བུམ་ཐང་ཆོས་འཁོར་ལུ་ ལོ་ལྟར་སྤྱན་འབུལ་ཞུ་སྲོལ་ཡོད་མི་ སེངྒེ་འཆམ་གྱི་འདི་སྟོནམ་ཨིནམ་ད་ སྐུ་འཆམ་འདི་ཡང་ སྔོན་ མ་འོངས་པའི་སངས་རྒྱས་ ཇོ་བོ་བྱམས་པ་དང་ བོད་ལས་བུམ་ཐང་ བྱམས་པ་ལྷ་ཁང་ནང་བྱོནམ་ད་ ཕྱག་ཞུ་སྟེ་འོང་མི་སེངྒེ་འདི་ལུ་ གུས་གཏུད་ཞུ་ཐབས་ལུ་ཨིན་པས། སེངྒེ་འདི་ཡང་ ཇོ་བོ་བྱམས་པ་གིས་ གཞོན་རྟ་བཟུམ་ཅིག་སྦེ་ བསྣམས་བྱོན་ཡོདཔ་ལས་ སྐུ་འཆམ་འདི་ཡང་ སེངྒེ་འདི་གིས་ རྒྱལ་བ་བྱམས་པ་འདི་ མ་འོངས་པའི་སངས་རྒྱས་ བྱམས་པ་ལྷ་ཁང་རྒྱལ་ཁབ་བཀལ་ཏེ་འོང་པའི་སྐབས་ འདི་ཁའི་མི་སེར་ཚུ་གིས་ གདན་འདྲེན་ཞུ་སྟེ་ མཆོད་པ་ཕུལ་བའི་ཚུལ་སྟོནམ་མས། སྐུ་འཆམ་འདི་ བྱམས་པ་ལྷ་ཁང་གི་ལོ་ལྟར་ཚེས་བཅུའི་སྐབས་ སྐད་གྲགས་ཅན་ཅིག་སྦེ་བརྩིཝ་ཨིནམ་ད་ སྐུ་འཆམ་འདི་ ཇོ་བོ་བྱམས་པ་བྱམས་པ་ལྷ་ཁང་ནང་ཕེབས་པའི་ཉིནམ་ལས་ འགོ་བཙུགས་ཡོདཔ་སྦེ་ཡིད་ཆེས་བསྐྱེད་དོ་ཡོདཔ་ད་ ཚེས་བཅུའི་སྐབས་སུ་ སེངྒེ་ལུ་བཀྲིན་གཏང་རག་གི་ཚོགས་འཁོར་ཡང་བསྐོར་ནི་ཡོད།
- Bumthang
- Chokor
- གཞས་རྐྱབ་མི་ལྟའི་་་། ལྟའི་ཧུ་ཧུ་་་ལྟའི་ དབའི་་་དབའི།
- གཞས་རྐྱབ་མི་ཨོ་མོ་ལྷ་ས་མ་ཎི་ པདྨེའི་ཆོས་ལ་ཧཱུཾ། ཨོ་མོ་ལྷ་ས་མ་ཎི་ པདྨེའི་ཆོས་ལ་ཧཱུཾ།
- གཞས་རྐྱབ་མི་ཡར་བཞེངས་ཤོག་ཤོག སྐུ་བཞེངས་ཤིག ཡར་དགུང་སྟོད་བསྐོར་བ་བྱོན་དགོ་པས། ཨོ་མོ་ལྷ་ས་མ་ཎི་ པདྨེའི་ཆོས་ལ་ཧཱུཾ། ཨོ་མོ་ལྷ་ས་མ་ཎི་ པདྨེའི་ཆོས་ལ་ཧཱུཾ།
- གཞས་རྐྱབ་མི་ཡར་གངས་སྟོད་བསྐོར་བ་འབྱོན་དགོ་པས། ད་བཞེངས་ཤོག་བཞེངས་ཤོག་སེང་ཆེན་དཀརམོ། ཨོ་མོ་ལྷ་ས་མ་ཎི་ པདྨེའི་ཆོས་ལ་ཧཱུཾ། ཨོ་མོ་ལྷ་ས་མ་ཎི་ པདྨེའི་ཆོས་ལ་ཧཱུཾ།
- གཞས་རྐྱབ་མི་ད་གངས་སྟོད་བསྐོར་བ་བྱོན་དགོ་པས། ད་བྱོན་ཤོག་བྱོན་ཤོག་སེང་ཆེན་དཀརམོ། ཨོ་མོ་ལྷ་ས་མ་ཎི་ པདྨེའི་ཆོས་ལ་ཧཱུཾ། ཨོ་མོ་ལྷ་ས་མ་ཎི་ པདྨེའི་ཆོས་ལ་ཧཱུཾ།
- གཞས་རྐྱབ་མི་ད་གངས་སྟོད་བསྐོར་བྱོན་དགོ་པས། ད་བཞེངས་ཤོག་བཞེངས་ཤོག་སེང་ཆེན་དཀརམོ། ཨོ་མོ་ལྷ་ས་མ་ཎི་ པདྨེའི་ཆོས་ལ་ཧཱུཾ། ཨོ་མོ་ལྷ་ས་མ་ཎི་ པདྨེའི་ཆོས་ལ་ཧཱུཾ།
- གཞས་རྐྱབ་མི་ད་གངས་སྟོད་བསྐོར་བ་བྱོན་དགོ་པས། ད་བཞེངས་ཤོག་བཞེངས་ཤོག་སེང་ཆེན་དཀརམོ། ཨོ་མོ་ལྷ་ས་མ་ཎི་ པདྨེའི་ཆོས་ལ་ཧཱུཾ། ཨོ་མོ་ལྷ་ས་མ་ཎི་ པདྨེའི་ཆོས་ལ་ཧཱུཾ།
- གཞས་དཔོན་ད་བཞེངས་ཤོག་བཞེངས་ཤོག་སྐུ་བཞེངས་ཤོག་ ད་མཆོད་རྟེན་བསྐོར་བ་འབྱོན་དགོ་པས། ཨོ་མོ་ལྷ་ས་མ་ཎི་ པདྨེའི་ཆོས་ལ་ཧཱུཾ། ཨོ་མོ་ལྷ་ས་མ་ཎི་ པདྨེའི་ཆོས་ལ་ཧཱུཾ།
- གཞས་རྐྱབ་མི་ལྟའི་ ལྟའི་ཧུ་ཧུ་ཧུ་་་ལྟའི།
- ལྕགས་མཁར་བླ་མ་(བྱམས་པ་ལྷ་ཁང་སེངྒེ་འཆམ་གྱི་གསེར་སྐྱེམས་ཞུགས།)ཨོམ་སྦ་ལས་བརྗོད་ སྟོང་པའི་ངང་ལས་བྷཱུ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཨོམ་ཨཱ་ ཧཱུ་ འོད་དུ་ཞུ་བ་ལས་བྱུང་བའི་གསེར་སྐྱེམས་ཟག་པ་་མེད་པ་་ཡེེས་ཀྱི་བདུད་རྩི་རྒྱ་མཚོ་ཆེན་པོར་གྱུར། རམ་ཡམ་ཁམ་ ཨོམ་ཨཱ་ཧཱུ་ རྒྱལ་པོའི་གསེར་སྐྱེམས་ནི། ཧཱུ་རྣམས་བདག་ཆོས་དབྱིངས་རང་ལས་མ་གཡོས་ཀྱང་། བསྟན་པ་བསྲུང་ཕྱིར་དྲེགས་པའི་སྐུར་བསྟོད་པ། ལོག་འདྲེན་གདུད་པ་འདུལ་པའི་མཐུ་རྩལ་ཅན། སྤྲུལ་པའི་ཆོས་རྒྱལ་འཁོར་བཅས་འདིར་བཤེགས་ཤིག གསེར་སྐྱེམས་གཙང་མ་འཕུད་ཀྱི་མཆོད་པ་འདི། ཀྱཻ་ དབུས་ཕྱོགས་ཕྱོགས་ཀྱི་ཕོ་འབྲང་་ཡང་པ་ནས། ཐུགས་ཀྱིས་རྒྱལ་པོ་རྒྱ་སྦྱིན་ཆེན་པོ་དང་། བསངས་པའི་ཡུམ་ཆེན་ཤི་རིྟ་རོ་གཟན་མ། བཀའི་བློན་པོ་སྲོགས་བདག་བྱ་ར་བཅས། གསོལ་ལོ་ཆོས་མདོ་བཅོལ་བའི་འཕྲིན་ལས་མཛོད། གདན་ས་འདི་ན་གནས་པ་ཡི། ལྷ་གཉན་ཀླུ་གཉན་བཙན་གཉན་དར། ཡུལ་ལྷ་གཉན་དང་ནག་མོ་གཉན། ཡུལ་བདག་མཐུ་ཆེན་བཞུགས་པ་རྣམས། རིན་ཆེན་གསེར་སྐྱེམས་འདི་བཞེས་ལ། འཁོར་འདིར་གནོད་པ་མ་མཛད་གཅིག། སྔ་མ་ལེགས་པའི་གཏང་རག་དང་། ཕྱི་མ་ལེགས་པའི་ཞུ་སྐྱེམས་ཕུལ། ད་བཅོལ་ལེགས་པའི་ཕྲིན་ལས་མཛད། བཞེས་ནས་དངོས་གྲུབ་གསོལ་དུ་གསོལ། ཀྱཻ་ གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདི། རྩ་གསུམ་ལྷ་དང་སྡེ་བརྒྱད་འབྱུང་པོའི་ཚོགས། གནོད་བགེགས་ལན་ཆགས་འགོ་བའི་ལྷ་རྣམས་ལ། གསོལ་ལོ་ཆོས་མདོ་བཅོལ་བའི་ཕྲིན་ལས་མཛད། ཚོགས་ཕུལ་ནི། གསེར་སྐྱེམས་གཙང་མ་འཕུད་ཀྱི་མཆོད་པ་འདི། ཤར་ཕྱོགས་དུང་གི་ཕོ་བྲང་ཡང་པ་ནས། སྐུའི་རྒྱལ་པོ་མོན་བུ་པུ་ཏྲ་སྟེ། བསངས་བའི་ཡུམ་ཆེན་བདུང་མོ་རོ་ལང་མ། བཀའི་བློན་པོ་བྱ་ཏྲི་མིག་ཅིག་པོ། གསོལ་ལོ་ཆོས་མདོ་བཏོལ་བའི་ཕྲིན་ལས་མཛོད། གདན་ས་འདི་ན་གནས་པ་ཡི། ལྷ་གཉན་ཀླུ་གཉན་བཙན་གཉན་དར། ཡུལ་ལྷ་གཉན་དང་ནག་མོ་གཉན། ཡུལ་བདག་མཐུ་ཆེན་བཞུགས་པ་རྣམས། རིན་ཆེན་གསེར་སྐྱེམས་འདི་བཞེས་ལ། འཁོར་འདིར་གནོད་པ་མ་མཛོད་ཅིག། སྔ་མ་ལེགས་པའི་གཏང་རག་དང་། ཕྱི་མ་ལེགས་པའི་ཞུ་སྐྱེམས་འབུལ། ད་བཅོལ་ལེགས་པའི་ཕྲིན་ལས་མཛོད། བཞེས་ནས་དངོས་གྲུབ་རྩལ་དུ་གསོལ། ཀྱཻ་ གསེར་སྐྱེམས་གཙང་ཕུད་ཀྱི་མཆོད་པ་འདི། རྩ་གསུམ་ལྷ་དང་སྡེ་བརྒྱད་འབྱུང་པོ་ཚོགས། གདོན་བགེགས་ལན་ཆགས་འགོ་བའི་ལྷ་རྣམས་ལ། གསོལ་ལོ་ཆོས་མདོ་བཅོལ་བའི་ཕྲིན་ལས་མཛད། ཚོགས་ཕུལ་ནི།གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདི། ལྷོ་ཕྱོགས་གསེར་ཀྱི་ཕོ་བྲང་ཡང་པ་ནས། ཡོན་ཏན་རྒྱལ་གནོད་སྦྱིན་ཤིང་བྱ་ཅན། བསངས་བའི་ཡུམ་ཆེན་གསེར་གྱི་སྤུ་གྲིའི་མ། བཀའི་བློན་པོ་བྱ་ནོད་ཐང་ནག་བཅས། གསོལ་ལོ་ཆོས་མདོ་བཏོལ་བའི་ཕྲིན་ལས་མཛོད། ཚོགས་ཕུལ་ནི། གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདི། ནུབ་ཕྱོགས་བྱུག་རུའི་ཕོ་བྲང་ཡང་པ་ནས། གསུང་གི་རྒྱལ་པོ་དགྲ་ལྷ་སྐྱེས་ཅིག་པ། བསངས་བའི་ཡུམ་ཆེན་མཛས་ཅིག་པདྨ་སྐྱེད། བཀའི་བློན་པོ་རྡོ་རྗེ་དགྲ་ལྡན་བཅས། གསོལ་ལོ་ཆོས་མདོ་བཏོལ་བའི་ཕྲིན་ལས་མཛོད། གདན་ས་འདི་ན་གནས་པ་ཡི། ལྷ་གཉན་ཀླུ་གཉན་བཙན་གཉན་དར། ཡུལ་ལྷ་གཉན་དང་ནག་མོ་གཉན། ཡུལ་བདག་མཐུ་ཆེན་བཞུགས་པ་རྣམས། རིན་ཆེན་གསེར་སྐྱེམས་འདི་བཞེས་ལ། འཁོར་འདིར་གནོད་པ་མ་མཛོད་ཅིག། སྔ་མ་ལེགས་པའི་གཏང་རག་དང་། ཕྱི་མ་ལེགས་པའི་ཞུ་སྐྱེམས་འབུལ། ད་བཅོལ་ལེགས་པའི་ཕྲིན་ལས་མཛོད། བཞེས་ནས་དངོས་གྲུབ་རྩལ་དུ་གསོལ། ཀྱཻ་ གསེར་སྐྱེམས་གཙང་ཕུད་ཀྱི་མཆོད་པ་འདི། རྩ་གསུམ་ལྷ་དང་་་་་་་་་་་། གདོན་བགེགས་ལན་ཆགས་འགོ་བའི་ལྷ་རྣམས་ལ། གསོལ་ལོ་ཆོས་མདོ་བཅོལ་བའི་ཕྲིན་ལས་མཛད། ཚོགས་ཕུལ་ནི། བྱང་ཕྱོགས་གཡུ་ཡི་ཕོ་བྲང་ཡང་པ་ནས། འཕྲིན་ལས་རྒྱལ་པོའི་ཞལ་གསུམ་མི་འོད་ཆོད། བསངས་བའི་ཡུམ་ཆེན་བདུད་གཟའ་སྨན་དཀར་མ། བཀའི་བློན་པོ་བྱ་ཏྲི་མིག་ཅིག་པོ། གསོལ་ལོ་ཆོས་མདོ་བཏོལ་བའི་ཕྲིན་ལས་མཛོད། གདན་ས་འདི་ན་གནས་པ་ཡི། ལྷ་གཉན་ཀླུ་གཉན་བཙན་གཉན་དར། ཡུལ་ལྷ་གཉན་དང་ནག་མོ་གཉན། ཡུལ་བདག་མཐུ་ཆེན་བཞུགས་པ་རྣམས། རིན་ཆེན་གསེར་སྐྱེམས་འདི་བཞེས་ལ། འཁོར་འདིར་གནོད་པ་མ་མཛོད་ཅིག། སྔ་མ་ལེགས་པའི་གཏང་རག་དང་། ཕྱི་མ་ལེགས་པའི་ཞུ་སྐྱེམས་འབུལ། ད་བཅོལ་ལེགས་པའི་ཕྲིན་ལས་མཛོད། བཞེས་ནས་དངོས་གྲུབ་རྩལ་དུ་གསོལ། ཀྱཻ་ གསེར་སྐྱེམས་གཙང་ཕུད་ཀྱི་མཆོད་པ་འདི། རྩ་གསུམ་ལྷ་དང་སྡེ་བརྒྱད་འབྱུང་པོ་ཚོགས། གདོན་བགེགས་ལན་ཆགས་འགོ་བའི་ལྷ་རྣམས་ལ། གསོལ་ལོ་ཆོས་མདོ་བཅོལ་བའི་ཕྲིན་ལས་མཛད།
- གཞས་རྐྱབ་མི་ལྟའི་་་ལྟའི་ཧུ་ཧུ་་་།
- ལྕགས་མཁར་བླ་མ་གོང་གི་གསེར་སྐྱེམས་འདི་ཕུལ་ནི།
- གཞས་རྐྱབ་མི་ལྟའི་ ལྟའི་ཧུ་ཧུ་་་་། ལྟའི། ལྟའི་ཧུ་ཧུ་་་།
- ལྕགས་མཁར་བླ་མ་གོང་གི་གསེར་སྐྱེམས་འདི་ཕུལ་ནི།
- གཞས་རྐྱབ་མི་ད་བྱོན་ཤོག་བྱོན་ཤོག་སྤང་སྟོད་བསྐོར་བ་བྱོན། ངེའི་སེང་ཆེན་དཀར་མོ་བྱོན་དགོ་པས། ཨོ་མོ་ལྷ་ས་མ་ཎི་ པདྨེའི་ཆོས་ལ་ཧཱུཾ། ཨོ་མོ་ལྷ་ས་མ་ཎི་ པདྨེའི་ཆོས་ལ་ཧཱུཾ།
- གཞས་རྐྱབ་མི་ལྟའི་ ཨེ་ཧུ་ཧུ་་་། ཨེ་ཧུ་ཧུ་་་ལྟའི་་་།
- གཞས་རྐྱབ་མི་ཨོ་མོ་ལྷ་ས་མ་ཎི་ པདྨེའི་ཆོས་ལ་ཧཱུཾ། ཨོ་མོ་ལྷ་ས་མ་ཎི་ པདྨེའི་ཆོས་ལ་ཧཱུཾ།
- གཞས་རྐྱབ་མི་ད་གངས་སྟོད་བསྐོར་ཏེ་འོ་བརྒྱལ་ཡི། ད་མར་ཆང་བཞེས་པར་བྱོན་དགོ་པས། ཨོ་མོ་ལྷ་ས་མ་ཎི་ པདྨེའི་ཆོས་ལ་ཧཱུཾ། ཨོ་མོ་ལྷ་ས་མ་ཎི་ པདྨེའི་ཆོས་ལ་ཧཱུཾ།
- གཞས་རྐྱབ་མི་ད་མཆོད་རྟེན་བསྐོར་ཏེ་འོ་བརྒྱལ་ཡི། ད་མར་ཆང་བཞེས་པར་བྱོན་དགོ་པས། ཨོ་མོ་ལྷ་ས་མ་ཎི་ པདྨེའི་ཆོས་ལ་ཧཱུཾ། ཨོ་མོ་ལྷ་ས་མ་ཎི་ པདྨེའི་ཆོས་ལ་ཧཱུཾ།
- གཞས་རྐྱབ་མི་ད་གངས་སྟོད་བསྐོར་ཏེ་འོ་བརྒྱལ་ཡི། ད་མར་ཆང་བཞེས་པར་བྱོན་དགོ་པས། ཨོ་མོ་ལྷ་ས་མ་ཎི་ པདྨེའི་ཆོས་ལ་ཧཱུཾ། ཨོ་མོ་ལྷ་ས་མ་ཎི་ པདྨེའི་ཆོས་ལ་ཧཱུཾ།
- གཞས་རྐྱབ་མི་ད་གཡུས་སྟོད་བསྐོར་ཏེ་འོ་བརྒྱལ་ཡི། ད་མར་ཆང་བཞེས་པར་བྱོན་དགོ་པས། ཨོ་མོ་ལྷ་ས་མ་ཎི་ པདྨེའི་ཆོས་ལ་ཧཱུཾ། ཨོ་མོ་ལྷ་ས་མ་ཎི་ པདྨེའི་ཆོས་ལ་ཧཱུཾ།
- གཞས་རྐྱབ་མི་ལྟའི་ ཨེ་ཧུ་ཧུ་་་་ལྟའི། ལྟའི་་་ཨེ་ཧུ་ཧུ་་་།
- གཞས་དཔོན་འོ་ལགས་སོ། ལགས་སོ། ལགས་སོ་ལགས་ གནམ་སྲིདཔ་བརྒྱད་འཁོར་ལོ་སྤུབས་པའི་འོག ས་པདྨ་འདབ་བརྒྱད་ཐིངས་པའི་གདན། བར་བཀྲིས་རྟགས་བརྒྱད་ཚངས་པའི་དབྱངས།
- ཚངས་པའི་དབྱངས་ལས་དབྱངས་ཞུ་གེ གནམ་མི་ལོ་ཚེ་པའི་སྐར་མ་བཟང་། བར་མི་ལོ་ཚེ་པའི་སྒྱུ་སྐར་བཟང་། ཚེ་བཟང་དཀར་བཟང་དྲུག་ཅུ་དཔལ་གྱི་བཀྲིས་ཟླ་བའི་ཡར་ཚེ་ལུ་ ཕོ་འགྲོ་གཡས་ལས་མ་ཤོར་ མོ་འགྲོ་གཡོན་ལས་མ་ཤོར་ རྒྱལ་བ་ཡིད་བཞིན་ནོར་བུའི་སྐུ་མདུན་ལུ་ ང་བཅས་ར་ནཱ་ ལྕགས་མཁར་བླམ་གྱིས་ ང་བཅས་ར་ནཱ་ སེང་གེ་ལུ་ དར་མརྫོད་གཅིག་དང་ ཏི་རུ་བརྒྱ་ཐམ་པ་གཅིག་ལེགས་པས་དགོ།
- གཞས་རྐྱབ་མི་ལེགས་པས་དགོ།
- གཞས་དཔོན་འོ་ལགས་སོ་ ལགས་སོ་ ལགས་སོ་ལགས་ ང་བཅས་ར་ནཱ་ལྕང་བ་ལས་ ཨམ་པདྨ་ཆོས་སྒྲོན་གྱིས་ དར་མཛོད་གཅིག་དང་ ཏི་རུབ་ལྔ་བཅུ་ཐམ་པ་གཅིག་ལེགས་པས་དགོ
- གཞས་རྐྱབ་མི་ལེགས་པས་དགོ
- གཞས་དཔོན་འོ་ལགས་སོ་ ལགས་སོ་ ལགས་སོ་ལགས་ ང་བཅས་ར་ནཱ་ ཚོང་དཔོན་རྩ་རྒས་ཀྱིས་ ནཱ་སེངྒེ་ལུ་ ཏི་རུབ་ ༥༠ ཐམ་པ་ཅིག་ལེགས་པས་དགོ
- འོ་ལེགས་སོ།
- གཞས་དཔོན་འོ་ལགས་སོ་ ལགས་སོ་ ལགས་སོ་ལགས་ ང་བཅས་ར་ནཱ་ ཨཔ་རྒཔོ་བགྲེསཔ་(?)གིས་ ང་བཅས་ར་ནཱ་ སེང་གེ་དར་མཛོད་གཅིག་དང་ ཏི་རུ་བརྒྱ་ཐམ་པ་གཅིག་ ལེགས་པས་དགོ
- གཞས་དཔོན་འོ་ལགས་སོ། ལགས་སོ། ལགས་སོ་ལགས་ གནམ་སྲིདཔ་བརྒྱ་འཁོར་ལོ་སྤུབས་པའི་འོག། ས་པདྨ་འདབ་བརྒྱད་ཐིངས་པའི་གདན། བར་བཀྲིས་རྟགས་བརྒྱད་ཚངས་པའི་དབྱངས། ཚངས་པའི་དབྱངས་ལས་དབྱངས་ཞུ་གེ།
- གཞས་རྐྱབ་མི་འོ་ལགས་སོ་ ལགས་སོ་ལགས་ ང་བཅས་ར་ནཱ་ སཱར་གྱིས་ ང་བཅས་ར་ནཱ་སེངྒེ་ལུ་ ཏི་རུབ་ ༥༠ ཐམ་པ་ཅིག་ ལེགས་པས་དགོ
- འོ་ལགས་སོ་ ལགས་སོ་ ལགས་སོ་ ང་བཅས་ར་ནཱ་བདེ་སྐྱིད་གླིང་བཞུགས་མི་ ཨམ་པདྨ་མཚོ་མོ་གིས་ ཏི་རུ་ ༥༠ ཐམ་པ་གཅིག་ལེགས་པས་དགོ
- འདི་དང་འདྲཝ་སྦེ་ ང་བཅས་ར་ནཱ་ ཞབས་བྲོ་རྐྱབ་མིའི་གྲས་ཁར་ལས་ མེ་ཌཱམ་ ཀུན་བཟང་མཚོ་མོ་གིས་ ཏི་རུ་ ༥༠ ཐམ་པ་གཅིག་ ལེགས་པས་དགོ་་་
- གཞས་དཔོན་འོ་ལགས་སོ། ལགས་སོ། ལགས་སོ་ལགས་ གནམ་སྲིདཔ་བརྒྱ་འཁོར་ལོ་སྤུབས་པའི་འོག། ས་པདྨ་འདབ་བརྒྱད་ཐིངས་པའི་གདན། བར་བཀྲིས་རྟགས་བརྒྱད་ཚངས་པའི་དབྱངས། ཚངས་པའི་དབྱངས་ལས་དབྱངས་ཞུ་གེ།
- ང་བཅས་ར་ནཱ་སྣ་ཆེ་འཕེལ་ལས་ མ་ཎི་འགྱངས་མི་ ཨ་རྒས་སེངྒེ་གིས་ ཏི་རུ་ ༥༠ ཐམ་པ་ ལེགས་པས་དགོ་་་
- ལེགས་པས་དགོ་་་
- ལགས་སོ་ ལགས་སོ་ ལགས་སོ་ལགས་ ང་བཅས་ར་ནཱ་སྦྱིན་བདག་གིས་ ཏི་རུ་་་
- ལེགས་པས་དགོ་་་
- ཏི་རུ་ ཏི་རུ་་་
- འོ་ལགས་སོ་ ལགས་སོ་ ལགས་སོ་ ང་བཅས་ར་ནཱ་་་
- འོང་ལགས་སོ་ ལགས་སོ་ ལགས་སོ་་་ ང་བཅས་ར་སེང་གེ་ལུ་ ཏི་རུ་ ༥༠ ཐམ་པ་གཅིག་ལེགས་པས་དགོ་་་
- འོ་ལགས་སོ་ ལགས་སོ་ ལགས་སོ་ང་བཅས་ར་ནཱ་ ཨམ་ཚེ་རིང་ཆོས་སྒྲོན་གྱིས་ སེངྒེ་ལུ་ཏི་རུ་ ༥༠ ཐམ་པ་གཅིག་ལེགས་པས་དགོ་་་
- ལགས་སོ་ལགས་ ང་བཅས་ར་ནཱ་ སཱར་(sir) ངག་དབང་རྒྱ་མཚོ་གིས་ ཏི་རུ་ བརྒྱ་ཐམ་པ་གཅིག་ལེགས་པས་དགོ་
- ང་བཅས་ར་ནཱ་ མ་ཎི་བགྱངས་མི་ ཨང་རྒས་པདྨ་ལྷ་མོ་གིས་ ཏི་རུ་ ༥༠ ཐམ་པ་ལེགས་པས་དགོ་་་
- བབས་ཤིག་བབས་ཤིག་ ཧ་ཧ་ཧ་་་
- ཡ་་་བཞེས་ད་ཨ་ལྕོ་་་
- འོ་ལགས་སོ་ ལགས་སོ་ ལགས་སོ་ལགས་་་
- མི་འགྱོ་ང་བཅས་ད།
- འོ་ལགས་སོ་ལགས་་་
- ཡ་དབའི་བསྒྱིར་ཤིག
- གཞས་རྐྱབ་མི་ཨོ་མོ་ལྷ་ས་མ་ཎི་ པདྨེའི་ཆོས་ལ་ཧཱུཾ། ཨོ་མོ་ལྷ་ས་མ་ཎི་ པདྨེའི་ཆོས་ལ་ཧཱུཾ།
- གཞས་དཔོན་ད་སྤང་སྟོད་བསྐོར་ཏེ་འོ་བརྒྱལ་ཡི། ད་གཟིམ་ཤོག་གཟིམ་ཤོག་སེང་ཆེན་དཀརམོ།
- གཞས་རྐྱབ་མི་ཨོ་མོ་ལྷ་ས་མ་ཎི་ པདྨེའི་ཆོས་ལ་ཧཱུཾ། ཨོ་མོ་ལྷ་ས་མ་ཎི་ པདྨེའི་ཆོས་ལ་ཧཱུཾ།
- གཞས་དཔོན་ད་གངས་སྟོད་བསྐོར་ཏེ་འོ་བརྒྱལ་ཡི། ད་གཟིམ་ཤོག་གཟིམ་ཤོག་སེང་ཆེན་དཀརམོ།
- གཞས་རྐྱབ་མི་ཨོ་མོ་ལྷ་ས་མ་ཎི་ པདྨེའི་ཆོས་ལ་ཧཱུཾ། ཨོ་མོ་ལྷ་ས་མ་ཎི་ པདྨེའི་ཆོས་ལ་ཧཱུཾ།
- གཞས་དཔོན་ད་གཡུས་སྟོད་བསྐོར་ཏེ་འོ་བརྒྱལ་ཡི། ད་གཟིམ་ཤོག་གཟིམ་ཤོག་སེང་ཆེན་དཀརམོ།
- གཞས་རྐྱབ་མི་ཨོ་མོ་ལྷ་ས་མ་ཎི་ པདྨེའི་ཆོས་ལ་ཧཱུཾ། ཨོ་མོ་ལྷ་ས་མ་ཎི་ པདྨེའི་ཆོས་ལ་ཧཱུཾ།
- གཞས་དཔོན་ད་གཟིམ་ཤོག་གཟིམ་ཤོག་སེང་ཆེན་དཀརམོ། ད་གཟིམ་ཤོག་གཟིམ་ཤོག་སེང་ཆེན་དཀརམོ།
- གཞས་དཔོན་ཨོ་མོ་ལྷ་ས་མ་ཎི་ པདྨེའི་ཆོས་ལ་ཧཱུཾ། ཨོ་མོ་ལྷ་ས་མ་ཎི་ པདྨེའི་ཆོས་ལ་ཧཱུཾ།
- གཞས་རྐྱབ་མི་ལྟའི་་་ ལྟའི་ཧུ་ཧུ་ཧུ་་་ ལྟའི། ལྟའི་་་ལྟའི་ཧུ་ཧུ་ཧུ་་་ ལྟའི་་་ལྟའི་ཧུ་ཧུ་ཧུ་་་ལྟའི་་་། ལྟའི་ཧུ་ཧུ་་་།