15 Feb 2012
32 min 43 sec
- ཨ་དོན།ལོ་བརྒྱད་ཀྱི་སྟེང་ནས་བཤད་ན།
- འདམ་ཁོན་ཚང་ལ་རྫི་བོ་བྱས་རབས་ནས་བཤད་ཨེ་རེད།
- འདམ་ཁོན་ཚང་ལ་རྫི་བོ་བྱས་ནི་རེད།
- རྫི་བོ་བྱས་དུས་ཟླ་བ་གཅིག་ལ་
- སྒོར་མོ་གཅིག་རེ་གཅིག་རེ་ལོན་ནི་རེད།
- ལོ་གཅིག་ལ་སྒོར་མོ་བཅུ་གཉིས་ལོན་ནི་རེད།
- དེ་ལྟར་བྱས་ཏེ་དེ་བ་ཚང་ལ་ལོ་གཉིས་གསུམ་ཙམ་ལ་བསྡད།
- དེའི་འཕྲོར་རུ་སར་རེད།
- རུ་སར་ལ་ཡང་རྫི་བོ་བྱས་ནི་རེད།
- རྫི་བོ་བྱས་དུས་རུ་སར་གྱིས་ཟླ་བ་གཅིག་ལ་
- སྒོར་མོ་གཉིས་གཉིས་བྱིན་ནི་རེད།
- དེ་སྟེར་དུས་རུ་སར་ལོགས་སུ་ཕལ་ཆེར་ལོ་གསུམ་ལ་བསྡད།
- གཡག་རེ་བཟུང་ནས་འགྲོ་ནི་རེད།
- གཡག་རྒན་གྱི་རྒྱབ་ཀྱི་སྤུ་ཟད་ཡོད།
- འཕོང་འགོ་གཡག་རྒྱབ་ཏུ་བཞག་ལ་སྒ་སོགས་སྟོད་རྒྱུ་མེད།
- གཡག་གི་སྒལ་བའི་སྟེང་གི་སྤུ་ཡང་ཟད་ཡོད།
- དགུན་ཁར་ར་བའི་ནང་དུ་བསྡུ།
- དབྱར་ཁ་ཟོག་བཏགས་འཇོག་ནི་རེད།
- གནའ་ཟངས་དཀར་མའི་
- ཕུར་བ་རེ་རེ་བརྡབ་ནས་ཟོག་འདོགས་དཔེ།
- རུ་སར་ལོགས་སུ་ལོ་བཞི་ལ་བསྡད།
- ལོ་བཞིའི་རིང་ལ་ཁོ་ཚང་གིས་དབྱར་ཁ་རྟ་ཡོད།
- དགུན་ཁར་བཞོན་པར་མཛོ་དང་གཡག་ཡོད་རྒྱུ་རེད།
- རུ་སར་ཚང་བཟང་ལ། སྦྱང་ཀིས་བསད་ཀྱང་འཛིང་མི་སྲིད།
- རྐུན་མས་ཁྱེར་ཏེ་བོར་མ་མྱོངས་པ་ལས།
- སྤྱང་ཀིས་མང་དུ་གསད་སྲིད།
- རྟ་ལོ་ཚེ་བཅུ་གྲངས་ཞིག་དང་ཟོག་བརྒྱ་ཁ་ཞིག་ཡོད།
- རུ་སར་ཞེས་ན་དེ་དུས་ཕྱུག་པོ་ཞིག་རེད།
- རུ་སར་ལོགས་སུ་ལོ་བཅུ་གསུམ་བར་དུ་བསྡད།
- ལོ་བཅུ་བཞིའི་ལོ་དེར་དབྲ་ཁྱུང་དང་
- ཧོར་ཤུལ་གཉིས་ཀྱི་རྟ་བོར་བར་ར་མདར་སོང་།
- ནུབ་མོ་རྟ་འོམ་ཁོག་ནས་བརྐུས་སོང་ནི་རེད།
- ཕྱི་ཉིན་སེར་ལེབ་དང་བྱེད་ནག་གི་མདོ། བྱེད་དཀར་གྱི་མདོ།
- གད་དམར་སྔོན་ཡན་ཆོད་དུ་རུ་ཡོད་ནི་རེད།
- དེ་དག་ལ་སྐད་ཞིག་བརྒྱབ་རྗེས་ཕལ་ཆེར་དེང་སྐབས་ཀྱི་
- དུས་ཚོད་བཅུ་གཉིས་འདས་ཏེ་གཅིག་ཙམ་ལ་ཐོན་ཡོད།
- དེ་ནས་ང་ཚོ་ཚང་མ་མཛོ་དགེ་ལུང་བའི་མདོར་དམག་འཚོགས་ཏེ།
- དེ་ནས་ཁ་བསྡུས་དུས་སྐྱ་མི་དྲུག་ཅུ་ལྷག་ཡོད།
- དེ་ནས་ང་ཚོ་མཛོ་དགེ་ལུང་བའི་ཁར་བུད་ནས་ཁོག་ཐུར་ལ་སོང་སྟེ་
- རྐ་ཆུར་བརྒལ་ནས་མཛོའི་བྲག་རོང་གི་ཁར་ཐོན་རྗེས་དགོང་མོའི་
- ཉི་མ་ནུབ་ལ་ཁད་ལ་བལྟས་དུས་ང་ཚོ་སྐྱ་མི་བཅོ་ལྔ་ལས་མེད།
- ཁྲིད་པའི་རྟ་བཞི་ཡོད། དེར་དབྲ་ཁྱུང་འགོ་བ་དང་ང་
- སང་སང་བསོད་དར། ཤར་དཀོན། སང་བཀྲ། ཙེ་རྒྱལ།
- སྤྲ་གསར་ཨ་མགོན། ཧོར་ཆུང་སོགས་མི་བཅོ་ལྔ་ཡོད།
- དེའི་ནུབ་མོར་མཛོའི་བྲག་རོང་གི་ཁ་ནས་ཉི་མ་ནུབ་ལ་ཁད་དུ་
- ཆུ་བརྙོག་པར་བལྟས་ན་རྗེས་ཆོད་ལ་ཁད་ཡིན་ལ་རིག་ཐུབ་པ་ཡིན་ནམ།
- རྗེས་ཆོག་ན་ང་ཚོའི་རྟ་ལ་ལག་ལེན་རྒྱུ་ཡོད་དམ་ཞེས་
- ཚོད་ལྟ་བྱས་དུས། རྟ་དག་ལ་ལག་ལེན་རྒྱུ་མེད་མཁན་གཅིག་ཀྱང་མེད་ལ་
- ཁུར་ནས་ཞོགས་གིན་འདུག་ནི་རྐྱང་བ་རེད།
- དེ་ལྟར་བྱས་ཀྱང་ང་ཚོས་རྗེས་མ་ཆོད།
- རྗེས་མ་ཆོད་པར་ཤར་དཀོན་མི་ཁྲ་མོ་ཡིན་པས་ཤྭ་བ་སོགས་ཀྱི་
- རྗེས་དེད་མྱོངས་བས་ད་སྐབས་འདི་འདྲ་ཞིག་ལ་ཐོན་ཡོད་ཞེས་
- མཚན་གང་བོར་བརྒྱུགས་པར།
- ཕྱི་ཉིན་ཉི་མ་ཤར་དུས་བླ་བྲང་གླིང་གི་ཚོང་རར་ཐོན།
- རྟ་ཚོང་རར་བཏགས་ནས་རྔ་ཕྲེང་བཅད་ཟིན་མོད་
- བཙོང་རྒྱུ་མ་ཁོམ་པར་ང་ཚོ་དེར་ཐོན།
- མངོན་ཐོག་ལ་ཐོན་ནས་ཁོ་ཚོས་བཙོང་མ་ཕོད།
- དེ་ནས་བླ་བྲང་ཨ་བློ་ལ་གཏུག བླ་བྲང་ཨ་བློ་ལ་གཏུག་དུས་
- དབྲ་ཁྱུང་གིས་ཀྱང་ང་ལ་ཉི་མ་གསུམ་གྱི་ནང་དུ་ལམ་འཇོག་བྱེད་དགོས།
- ཁྲམ་པ་ལྔ་བོའི་འཛིན་རྟ་ལྔ་དང་། བརྐུས་པའི་རྟ་ལོ་ཚེ་བཅོ་བརྒྱད་པོ་ལ་
- རྟ་སར་ཕོ་གཞི་རེ་རེའི་སྐེ་འདོགས་རེ་རེ་བཤགས་བྱེད་པར་དགོས།
- དེ་ལྟར་མ་བྱས་ཚེ་གྱོད་ལ་ཁ་མི་རྒྱག
- རུ་ཤུལ་བྱུ་རུ་ནང་དུ་ཡོད་ལ་རུ་ཤུལ་བྱུ་རུ་ནི་ཁྲོ་ཆུའི་འདམ་མཁན་གྱི་རེད།
- དེར་ལྔ་བཅུ་མ་གསུམ་གྱིས་བཤགས་བྱེད་དགོས།
- དབྲ་ཁྱུང་སྤྲུལ་སྐུའི་ཆིབས་རྟ་རྐྱང་ནག་རེད་དེའི་རྔ་མ་བཅད་པར་
- དངུལ་ལྔ་བཅུ་མ་ཞིག་གི་བཤགས་བྱེད་དགོས་ཟེར།
- ཁོ་ཚོའི་འཛིན་རྟ་སོ་སོར་ལྟ་སྡེའི་གུར་གྱི་སྒོ་ཁ་ནས་
- མནའ་དཀར་བོ་དགེ་བ་རེ་རེ་སྐྱེལ་དགོས། དེ་ལྟར་མ་བྱས་ན་མི་ལེན།
- རྟ་སོ་སོར་དང་འཛིན་རྟ་དང་བཅས་མེད་ན་
- གྱོད་ལ་ཁ་མི་རྒྱག་ཞེས་ཟེར་བར།
- ལྷ་སྡེའི་འགོ་བར་བཤད་དུས་ཉི་མ་གསུམ་གྱི་ནང་དུ་ལམ་འཇོག་བྱས།
- བཅོ་ལྔའི་ལོ་ནས་བློས་ཚེ་ཚང་ལ་ལོ་གཅིག་གཉིས་ཙམ་ལ་རྫི་བོ་བྱས།
- ད་སྐབས་ཀྱི་ཀུན་ཆུང་ཚང་རེད།
- དགུན་ས་སྐུང་ལུང་ངམ་འགྱོག་རྭ་ཤད་ཀྱི་ནང་རེད།
- ཟོག་འཚོ་ས་སྐུང་ལུང་གི་སྨྱུང་ཆུང་ལུང་བ་ཞོལ་མའི་མཐའ་འཁོར་རེད།
- དབྱར་ཁ་ཟངས་དཀར་མ་འོམ་ཁོག་ཕྱོགས་སུ་སྤོར་དུས་འོམ་ཁོག་དང་
- ཟངས་དཀར་མ་ཚུར་ལུང་ཟིའི་ཁོག་ལ་སྤོར་དུས་
- ཡང་ལུང་ཟིའི་ཐང་རེ་ཡིན་རྒྱུ་རེད། དེ་འདྲ་རེ་རེད། དེར་ལོ་གསུམ་ལ་བསྡད།
- ལོ་གསུམ་ལ་བསྡད་ན་བཅོ་ལྔ། བཅུ་དྲུག བཅུ་བདུན། བཅོ་བརྒྱད་རེད་
- ལོ་བཅོ་བརྒྱད་ལ་ཐོན་དུས་ཨར་ཡག་གི་ལོགས་སུ་རྫི་བོར་སོང་།
- ཨ་ཡག་ལོགས་སུ་སོང་དུས་ཨར་ཡག་སངས་རྒྱས་གྱིས་
- ང་ལ་སྔོན་ལ་ལུག་རྫི་བྱེད་དགོས་ཞེས་སོང་ནི་ཡིན་མོད།
- རྗེས་སུ་ཟོན་ནས་ཉེ་ས་ཞང་ཐང་ཚང་རེད།
- དེ་བ་ཚང་གིས་ཕན་ཚུན་འབྲེལ་བ་བྱས་ཏེ་དེར་སོང་བ་ཡིན།
- དེར་སོང་ནས་ཨར་ཡག་ལོགས་སུ་ལོ་གསུམ་ལ་བསྡད།
- ལུག་རྫི་བྱེད་དགོས་མོད་ཁོས་ལུག་རྫིར་མ་བཞག་པར་རྟ་རྫི་བྱེད་དུ་བཞག
- དབྱར་ཁ་རྟ་ལུག་གཉིས་ཀ་འཚོས་དགོས་ནི་རེད།
- དགུན་ཁ་ལུག་བར་འབུད་དགོས་པས་ལུག་རྫི་ཞིག་བཞག་སྟེ།
- དབྱར་ཁ་རྟ་ལུག་གཉིས་ཀ་འཚོ་དགོས།
- ཟོག་ཚོ་གུང་ཞོས་བྱེད་དགོས་པས་ལྷས་ལ་དེད་ན།
- དགོང་ཕྱི་དྲོ་ཟོག་འདེད་མཁན་གྱི་གཡོག་མོ་ཞིག་ཡོད་པས་ཟོག་འདེད་འགྲོ།
- ངས་རྟ་ཚུར་ལ་དེད་དེ་ལུག་ལ་བོས་དེ་རུ་མཐར་དེད་ནས་
- རྟ་དག་སྦྲེལ་བ་སོགས་དེ་ལྟར་བྱས། དེར་ལོ་གསུམ་ལ་བསྡད།
- ལོ་བཅོ་བརྒྱད། བཅུ་དགུ། ཉི་ཤུ། ཉེར་གཅིག་གི་སྟེང་ནས་
- དབྲ་ཁྱུང་གིས་ལྐུགས་ཀྱི་སྤྲ་སློང་མི་རུང་།
- སྟག་འབུམ་གྱིས་ཁོང་གི་ཁྲལ་འཇུག་གི་རུ་བ་བྱེད་དགོས་ཞེས་པར།
- སྤུན་ཆེ་བ་ནི་རབ་ཏུ་བྱུང་ལ་སྲང་མོ་ནི་དེང་སྐབས་ཀྱི་ཁོག་གཅེས་ཚང་ལ་
- སོང་བས། ལྐུགས་ཀྱི་སྤྲ་(གཞིས་ཀ)ངའི་མགོ་འཕང་།
- ངས་མཁར་ཤུལ་པད་མ་སྐྱིད་ཞེས་པ་ཨར་ཡག་གི་གཡོག་མོ་རེད།
- དེ་ཁྲིད་ནས་ཐོན།
- དེ་ནས་བཟུང་རྟ་མགྲིན་དབང་རྒྱལ་ངེད་གཉིས་ཐུག་ནི་རེད།
- རྟ་མགྲིན་དབང་རྒྱལ་དང་ངེད་གཉིས་ཐུག་རྗེས་ངེད་གཉིས་
- བོས་འཕེན་པར་མང་དུ་སོང་། དགོ་པ་དང་ཁ་ཤྭ་མང་དུ་བསད་ཡོད།
- དེ་ནས་བྱེད་ནག་ནང་གི་ལྡུན་རྐོན་དག་ལ་བོས་འཕང་ནས་
- དེ་དག་བདའ་རྗེས་ཤུལ་དུ་ཉལ་ཐུལ་དང་རྫ་མ་སོགས་
- ཅ་ལག་ཚང་མ་བླངས་ནས་དབྲ་ཁྱུང་གི་ལོགས་སུ་ཡོད་དུས།
- མཱ་དཀོན་ནི་དེ་དུས་ཨུ་ཡོན་ཡིན་ལ་བཅོས་སྒྱུར་བྱས་མེད།༡༩༥༤ ལོ་རེད།
- ༡༩༥༥ ལོའི་བར་དུ་ཟླ་བ་བཅུའི་རིང་ལ་ངེད་གཉིས་བཟུང་ཏེ་
- ལྷ་རྒྱལ་གླིང་གི་བཙོན་ཁང་ལ་བཅུག
- དེའེ་འཕྲོར་ཨར་ཡག་ནས་ཡོང་དུས་མ་རེད།
- དམེ་ཚང་ལ་བྲོས་ནི་འགྲོ་དུས་རེད། བཅོ་བརྒྱད་བཅུ་དགུ་ཞིག་རེད།
- དེ་དུས་དམེ་ཚང་ལ་གྱོད་ཁ་ཐུག་ཡོད་པས་
- དམེ་ཚང་ལ་རྐུ་བྱེད་ཞེས་ང་ཚོ་སྐྱ་མི་ལྔ་སོང་།
- དམེ་ཚང་གི་ས་སྲུང་བུད་ནས་བཤེར་བཞིན་ཡོད་པས་ཅི་ཡང་མ་ཐུབ་པར།
- མཐའ་བ་སྡེ་བར་རྟོལ་མོ་ཞིག་བརྐུས་ཏེ་བཤས་ནས་རུས་པ་དང་
- གོ་བ་ཐང་དུ་འཕང་རྗེས་འབར་ཁམས་དང་ད་ཚང་ཕྱོགས་སུ་སོང་།
- ཁྭ་ཞར་མ་ནི་ད་ཚང་དགོན་པ་དང་འབར་ཁམས་གཉིས་ཀྱི་བར་
- ཡིན་ལ་དེར་རྐུ་བྱས་པ་རེད། དེ་ནས་གྲོ་རྡེའུ་ཁོག་ལ་སོང་།
- གྲོ་རྡེའུ་ཁོག་འདིའི་ཆུ་ཁོག་ཕྱོགས་སུ་མར་བབ་ཡོད་ནི་རེད།
- གྲོ་རྡེའུ་ཁོག་ནས་ནས་ཕར་ཚུར་ལ་ཐང་ལུང་བར་མའི་ནང་ནས་ཚུར་བུད།
- ཐང་ལུང་བར་མར་ངེད་ཅག་གི་མཛོ་སོགས་དེད་ནས་ཐོན་རྗེས་
- ཉི་མ་གཉིས་གསུམ་ཞིག་གི་འཕྲོར།
- དེར་ས་ངན་པས་མཛོ་རེ་ལྷག་ཞོར་བྱས་པས་མཛོ་མང་པོ་ཞིག་མ་ཡོད།
- ངེད་ཅག་མི་ལྔ་བོར་མཛོ་ལྔ་ལྔ་ཐོབ་ཡོད་པ་སྡོམ་པའི་མཛོ་ཉེར་ལྔ་རེད།
- དེ་ལྟར་བྱས་ནས་དེར་ཐོན།
- རྗེས་སུ་རྐུ་བུད་བཞག་ནི་རེད་རྐུ་བུད་དུས་སྐབས་ཐོག་ནས་
- ཁས་ལེན་བྱས་ནི་རེད་མོད། སོག་པོ་ཚང་ལ་འཇལ་རྒྱག་མ་དགོས་པར་
- བཅོས་སྒྱུར་བྱས། བཅོས་སྒྱུར་ལ་ཐུག་པས་ཅི་ཡང་ལེན་རྒྱུ་མ་བྱུང་།
- བཅུ་དགུ། ཉི་ཤུ། ཉེར་གཅིག་སོགས་སུ་ཨར་ཡག་གི་ལོགས་སུ་སོང་།
- ཨར་ཡག་གི་ཟུར་ནས་རྟ་རྫི་དང་ལུག་རྫི་གཉིས་ཀ་བྱས།
- དེ་དུས་རུ་སྡེའི་ཁྱི་རྒན་དག་མང་དུ་རྡུང་མྱོངས།
- ཁྱི་རེ་གསད་ཀྱང་མྱོངས། དེ་འདྲ་ཞིག་རེད།
- ཨར་ཡག་སྡེ་བར་རྐ་ཆུའི་གོང་གི་བ་དེའུ་ཕྱོགས་སུ་
- དཔྱིད་རུ་སྤོར་བ་ན་ས་དེར་ཨར་ཡག་སྡེ་བར་སྒང་ཁ་གོང་མ་ཞིག་དང་
- བར་དུ་ཆུའི་གུག་འཁྱོག་གཅིག་ལས་མེད་པར་ཤྭ་རུ་སྐོར་ཞོལ་ན་ཡོད།
- ཨར་ཡག་ལ་འདོག་མེད་མང་བས་མནའ་མས་གཡག་འགའ་མེད་ཞེས་པར།
- ཕྱི་ཉིན་ང་ཤྭ་རུ་སྐོར་ལ་འདྲི་རུ་སོང་དུས་ང་ཁྱིས་དེད་དེ།
- ངའི་རྟ་རྒོད་ཁ་བཏུལ་ནས་ཉི་མ་གསུམ་བཞི་ཞིག་ཡིན།
- གད་པ་ཁང་བའི་མཐོ་དམའ་ཙམ་ཞིག་གི་སྟེང་ནས་ཁྱིས་དེད་དེ་འཕང།
- དེའི་འདབས་ན་ཤྭ་ཚང་གི་སྦྲའི་ཆོན་ཐག་བཞི་ལྔ་ཙམ་ཡོད་པ་
- ངའི་སྐེ་ལ་བསྐོན་པས་མུད་པའི་སྐྱི་མོ་བཤུས་ཏེ་
- ཨོལ་མདུད་ཀྱི་རུས་པར་ཐུག་ལ་ཁད་བྱས་འདུག
- ཨར་ཡག་སངས་རྒྱས་ཆུ་ཁ་མའི་ནང་ནས་ཡོང་པ་རེད།
- སྔོན་ལ་མི་ཤ་ཞིག་ལ་ཐུག་པ་རེད།
- ཨར་ཡག་སངས་རྒྱས་ཀྱི་ཕ་དང་ཨ་ཁུ་གཉིས་ཀྱིས་
- མ་བློན་དམེ་ཚང་ལ་མགོ་བཏགས་པས་དམེ་རུ་མའི་ནང་དུ་ཡོད་ནི་རེད།
- ཨར་ཡག་བློ་ཆོས་ཀྱིས་ཨར་ཡག་ཤར་བཟའ་ཚང་ཁྲིད་ཡོང་པ་རེད།
- ཚེ་རིག་ཚང་ཁྲིད་ཡོང་པ་རེད། མཱ་རིན་ཚང་ཁྲིད་ཡོང་པ་རེད།
- དེ་ལྟར་ཁྱིམ་ཚང་ལྔ་ཁྲིད་ཡོང་པ་རེད།
- ཨ་མཆོག་སྒར་བར་མགོ་བཏགས་པ་ཡིན།
- དེ་ལྟར་ཨར་ཡག་གི་ལོགས་སུ་བསྡད་དུས་ཨར་ཡག་ཕུན་རྡོར།
- ཨར་ཡག་ཚག་སྐྱབས་ནི་ཨར་ཡག་སངས་རྒྱས་ཀྱི་ཕ་རེད།
- ཨར་ཡག་ཕུན་རྡོར་ནི་ཨར་ཡག་སངས་རྒྱས་ཀྱི་ཨ་ཁུ་རེད།
- ཤར་བ་ལྷ་འགྲིག་ནི་སྡེ་བ་དེའི་མི་རྐྱང་རེད།
- ཤར་བ་ལྷ་འགྲིག་ནི་འགྲན་ཟླ་དང་བྲལ་བའི་དཔའ་རྒོད་ཅིག་ཡིན།
- ཤར་བ་ལྷ་འགྲིག་ལ་སྙན་ཤུལ། ཨར་ཡག་གི་བུ་ཆུང་བ།
- ཕུན་རྡོར་དང་ཚག་སྐྱབས་གཉིས་ཀྱི་ནུ་བོས་
- ལུ་གུ་ཞིག་བརྩད་པར་སྙན་ཤུལ་ཞེས་པས་བསད།
- སྙན་ཤུལ་ཞེས་པས་བསད་རྗེས་ཨར་ཡག་བློ་ཆོས་ཀྱིས་
- མཛོ་ལ་ཞོན་ཏེ་ཁོ་ལ་བསམ་ནག་བྱས་པ་རེད་ཟེར་ནས་ཉུལ།
- གཞན་དག་གིས་འཕྱ་དམོད་ཀྱི་ཚུལ་དུ་
- བསམ་ནག་ཡིན་ལ་ཚ་བོ་སྟག་མོ་འདྲ་བ་བསད་སོང་ཟེར།
- དེ་ནས་ཨར་ཡག་བློ་ཆོས་ཀྱིས་ཨ་མཆོག་སྒར་བར་མགོ་བཏགས།
- ཨར་ཡག་ཕུན་རྡོར་དང་ཨར་ཡག་ཚག་སྐྱབས་གཉིས་ཀྱིས་
- དམེ་ཚང་ལ་མགོ་བཏགས། ཨར་ཡག་གི་བུ་གསད་མཁན་ནི་
- སྙན་ཕྲུག་ཟེར་བ་དེ་རྔ་བའི་ཚོང་རར་སོང་དུས་ལྷ་འགྲིག་གིས་བསད།
- ལྷ་འགྲིག་གིས་བསད་པར་ལྷ་འགྲིག་གི་མགོར་འཁོར་བ་ཆ་ཚང་ཞིག་བཞག
- རྒྱུ་རྟ་ནོར་ལུག་གསུམ་གྱི་ཁར་མགོ་ལ་སྦྲ་དང་ཁྱིམ་ལ་དོ་ཆ་བརྩེགས་པ་
- སོགས་ཨར་ཡག་གི་ཁྱིམ་ཁ་ཚོས་ལམ་འཇོག་བྱས།
- མི་བསད་པས་རྗེས་སུ་དམེ་ཚང་གི་སྙན་ཤུལ་ལ་མི་སྟོང་འཇལ་བ་རེད།
- ཨར་ཡག་ཨ་མཆོག་མའི་ནང་དུ་ཡོང་དོན་དེ་རེད།
- རྗེས་སུ་ཨར་ཡག་སངས་རྒྱས་ཨ་མཆོག་ཧུ་ར་མའི་དབལ་དཔར། བྲོས་སྟག
- གོ་རྒྱལ་ཚང་གི་བུ་སོགས་མི་བཅུ་བཞི་
- གོང་གི་བྲིས་ཁོག་གནས་ཆུང་གི་རྩར་བསད།
- གོང་གི་གཡོ་འོག་ཏུ་ཚུད་དེ་མཚན་ཉིད་དུ་ཚོགས་འདུར་ཤོག་ཞེས་
- གཉེར་བ་དང་ཚོ་བའི་མི་དག་མཉམ་དུ་སོང་བར་ཚང་མ་དེར་བསད།
- གཡོ་ཐབས་ལ་བསྒྱུར་ནས་བསད།
- ཨ་མཆོག་ཧུ་ར་མའི་ཇག་དམག་བསྒྲིག་པར་དོགས་པས་ཡིན།
- དེའི་ཤུལ་དུ་ཨར་ཡག་སངས་རྒྱས་ཚོ་མིར་བཞག
- ཚོ་མི་ཚང་མ་བསད་པས་ཡིན།
- གཉེར་བ་བསད་ལ་གཉེར་བ་ནི་ཚ་རུ་མ་ཞིག་རེད།
- མཚན་ཉིད་དགོན་པའི་ནང་གི་རབ་བྱུང་བ་ཞིག་གཉེར་བར་འཇོག་སྲིད།
- དེ་བས་ང་ཡང་ཨར་ཡག་ལོགས་སུ་ཡོད།
- རྗེས་སུ་ཨར་ཡག་ལོགས་སུ་ལོ་གསུམ་ལ་བསྡད་པར་
- ཨར་ཡག་སངས་རྒྱས་ཀྱི་ཤ་ཉེས་དབྲ་ཁྱུང་སྟག་འབུམ་གྱི་
- ཚ་བུའི་ཆུང་མ་ཁྲིད་ནས་དམེ་ཚང་ལ་སོང་།
- དམེ་ཚང་ལ་སོང་བར་དབྲ་ཁྱུང་སྟག་འབུམ་དང་ལྷ་མགོན།
- དེ་དུས་ལྷ་མགོན་མ་བསད་གོང་རེད། བཅོས་བསྒྱུར་མ་བྱས་གོང་རེད།
- དེ་དུས་ལྷ་མགོན་དང་གྱོད་དོན་བྱུང་། དབྲ་ཁྱུང་སྟག་འབུམ་གྱིས་
- ང་ལ་ལྐུགས་ཀྱི་གཞིས་ཀ་ཁྱོད་ཀྱི་འཛིན་དགོས་ཟེར།
- ཨར་ཡག་སངས་རྒྱས་ཀྱིས་ང་ལ་ཁྱོད་མ་འགྲོ་དང་དབྲ་ཁྱུང་ལ་
- བཤགས་བྱེད་པས་ཆོག ངས་ཁྱོད་ལ་
- གཞིས་གསར་འཁོད་དེ་སྒོ་ཁར་ཟོག་འདོགས། ཁྱིམ་དུ་དོ་ཆ་རྩིགས།
- ཁྱོད་རང་གིས་ཨ་མཆོག་མའི་ནང་ནས་
- ཆུང་མ་བསམ་བཞིན་པ་ཞིག་ཚོལ་དང་ཟེར་མོད། ངས་དེ་ལྟར་མི་བྱེད།
- དབའ་ཤུལ་ལྷ་མགོན་དང་དབྲ་ཁྱུང་སྟག་འབུམ་གཉིས་ལ་
- ད་ལྟ་འདི་འདྲའི་གྲགས་པ་ཆེ་ལ།
- ད་དུང་ཁྱོད་ཀྱི་ཤ་ཉེས་སྟག་འབུམ་གྱི་ཚ་བུའི་ཆུང་མ་ཁྲིད་དེ་
- དམེ་ཚང་ལ་སོང་བས་རི་ཆེན་གྱི་ཐོད་པ་དང་ཆུ་ཆེན་གྱི་གཉེར་མ་
- ངས་ཐོ་སྤྲད་དགོས་དོན་མི་འདུག
- ང་དེའི་བར་ཏུ་མི་འདུག་ཞེས་ཚུར་ཟངས་དཀར་ལ་ཐོན།
- མཁར་ཤུལ་གྱི་བློ་བཀྲའི་མ་ཁྲིད་དེ་ཐོན། ང་ནི་སྨྱོན་པ་ཡིན་འདུག
- བློ་བཀྲའི་མ་དང་ངེད་གཉིས་ལ་ལོ་ཉི་ཤུ་ལྷག་གི་བར་ཁྱད་ཡོད་མོད།
- དེ་ཁྲིད་ནས་ཟངས་དཀར་ལ་ཐོན་ཏེ་སྐུགས་ཀྱི་
- གཞིས་བཟུང་ནས་ངེད་གཉིས་དེར་བསྡད།
- དེར་བསོད་སྟོབས་ཚང་གི་བུ་ངེད་གཉིས་ཀྱིས་རྒྱ་དག་ལ་བོས་འཕང་བས་
- བཙོན་དུ་ཟླ་བཅུའི་རིང་ལ་བསྡད། དེར་ཉལ་ཐུལ་དང་། རྫ་མ།
- འབྲས་ཉུང་ཙམ་སོགས་ཡོད་པ་ངེད་གཉིས་ཀྱིས་བརྐུས་ཏེ་བྱེད་དཀར་གྱི་
- ལྕང་གསེབ་ཞིག་ཏུ་བསྐུང་ནས་ཉིན་བཅུ་ལྷག་ལ་མ་བླངས།
- ཉིན་ཞིག་དངོས་པོ་དེ་དག་བླངས་ཏེ་ཉལ་ཐུལ་ཁྲ་ཁྲ་ཞིག་ཡོད་པ་
- བླངས་ནས་ཕྱི་ནང་གཉིས་ཀ་གས་གཉིས་སུ་བགོས་ཏེ་ཁྱེར་བར་
- པད་མ་སྐྱིད་ཀྱི་འཕོང་མགོར་བལྟས་ཏེ་མཱ་དཀོན་གྱིས་རྐུ་འདི་
- མགོ་སྟོང་ཞིག་གི་ཚུལ་ཡིན་ལ་བོས་འཕང་ཚུལ་སོགས་ལ་
- བལྟས་ན་རྐུ་འདི་དུས་ཐུང་ལ་ཤེས་སྲིད་ཟེར།
- ཁྱིམ་ལ་ཉུལ་ཏེ་རྫ་མ་དང་ཉལ་ཐུལ་ཕྱི་ཤུན་སོགས་
- རྙེད་པར་རྐུན་མ་ཤེས་ནས་ངེད་གཉིས་དེར་བཟུང་།
- དེ་དུས་ཐབ་ནག་ཚང་གི་རུ་འདིར་ཡོད།
- ད་ལྟའི་རོང་རུའི་བསོད་ཁོ་ཚང་རེད།
- དེར་རོང་རུའི་བསོད་ཁོའི་ཆུང་མ་དང་མཉམ་དུ་བསྡད་ཡོད།
- རྟ་མགྲིན་དབང་རྒྱལ་བསོད་སྟོབས་ཚང་གི་བུ་ཡིན་ལ་ཕྱུག་བདག་རེད།
- ང་མ་རབ་ཡིན་པས་ངེད་གཉིས་བཟུང་སྟེ་ཟླ་བ་བཅུ་ལ་བཙོན་དུ་བསྡད།
- ལྔ་བཅུ་ང་ལྔའི་ལོར་ཕྱིར་བཏང་། ཕྱིར་གཏོང་བའི་དུས་ནི་སྨྱུང་གནས་ཀྱི་
- ཚེས་བཅོ་ལྔའི་ཉིན་ངེད་གཉིས་ལྷ་རྒྱལ་གླིང་ནས་བཏང་།
- དེ་ནས་ཟངས་དཀར་ལ་ཐོན། ལྔ་བཅུ་ང་བརྒྱད་ལ་ཐོན་དུས་ཇག་པར་བུད།
- དེ་ནས་བློ་བཞིན་ཚང་གི་གོ་ཁར་ལྕེབས་ཏེ་བློ་བཞིན་ལ་ཆུང་མ་འཕྲོག་རྒྱུ་བྱས།
- དེ་ནས་བཙོན་དུ་ཁྱེར་བར་བཀོད་པ་བྱས་བསྡད་ཡོད།
- རྗེས་སུ་མ་འཁོར་བར་པད་མ་སྐྱིད་ཀྱིས་དབྲ་ཁྱུང་གི་ཆུ་ཁ་མའི་རྟ་རྫི་ཞིག་ལ་
- དཔེ་བཞག་ཏེ་ངའི་ཕྲེང་བ་དང་རྟ་སྒ་སོགས་ཡར་སྤྲད་པས་
- ངའི་སེམས་སུ་མ་སོང་བས་ང་ཡང་མ་འཁོར།
- དེ་ནས་བློ་བཞིན་ཚང་གི་གོ་ཁར་ལྕེབས།
- བློ་བཞིན་ཚང་གི་གྱོད་དོན་དབྲ་ཁྱུང་གིས་
- ཨ་དགེན་མགོན་ལེབ་བློན་པོ་ཡིན་པས་གཅེས་ལ་འགེབ་སྲུང་བྱེད་པ་རེད།
- ངས་གཟུ་དེ་ཟློག་དགོས་ན་ལྔ་བཅུ་མ་བཅུ་གསུམ་འཇལ་དགོས་ཟེར་ཏེ།
- བསམ་བཞིན་དུ་བཟའ་འཐོར་བྱེད་དུ་བཅུག
- དེར་དབྲ་ཁྱུང་སྟག་འབུམ་གྱིས་ང་ལ་ཁྱོས་ངོ་འཕྲད་བཞིན་པ་ཞིག་
- བཟློག་ཡོད་ཟེར་ཏེ་སྟོན་ཀར་རྩྭ་འཐུ་རུ་བཅུག
- དབྱུག་པས་འགའ་ཞིག་བརྡུང་བ་ལས་གཞན་ཅི་ཡང་མ་བྱས།
- བློ་བཞིན་ཚང་གི་ལོགས་སུ་ཡང་ང་བཙོན་ལ་ཁྱེར།
- དེ་དུས་བཅོས་བསྒྱུར་ལ་ཐུག་ཡོད་ལ་ལོ་གསུམ་ལ་
- ལྷ་རྒྱལ་གླིང་ནས་བཙོན་དུ་བསྡད།
- ཇག་དམག་གི་ས་ནས་མགོ་འདོག་ཞུས་ཏེ་ཕྱིར་ཐོན་སྐབས་ང་ལ་
- རྟ་བཟང་པོ་ཞིག་ཡོད་པ་ལུང་ཁ་མགོས་ང་ལ་དམག་ལམ་ཁྲིད་བྱེད་པར་
- ཁྱོས་རྟ་དེ་ངེས་པར་དུ་དགོས་ཞེས་པར། རྟ་ཧ་ཅང་བཟང་པོ་ཞིག་ཡིན།
- ངས་ཁོ་ལ་ཁྱོད་མི་དྲང་ཞེས་གདོང་ལ་ཁུ་ཚུར་གྱིས་བརྡུང་པར།
- ཨ་དམ་དེ་དུས་ཀྲི་པུའུ་ཧྲུའུ་ཅི་ཡིན་ལ་དེ་ནི་ལུང་ཁ་མགོའི་
- སྲང་མོ་ཡིན་ནི་རེད། དེའི་རྐྱེན་གྱིས་ང་བཙོན་དུ་བཅུག
- བཙོན་དུ་སྔ་གཞུག་གཉིས་ལ་སོང་བའི་དབང་གིས་
- རྗེས་མར་ལོ་གསུམ་གྱི་རིང་ལ་བཙོན་དུ་ལུས།
- ཇག་པར་ཟངས་དཀར་སྟོད་མ་ཚང་མ་བུད་དུས།
- ཡེ་ཤེས་ཁ་ར་ཐོན་དེ་སྐྱ་མི་དྲུག་ཅུ་ལྷག་གི་ནང་ནས་
- སྐྱ་མི་སུམ་ཅུ་ལྷག་གིས་མགོ་འདོག་ཞུས།
- ངའི་ཤ་ཉེ་རང་གཤེགས་པ་དེར་རྟ་འཇོག་རྒྱུ་བཤད་མོད།
- ཁོས་ང་ལ་རྟ་མང་པོ་ཡོད་ལ་
- ཁྱོད་ལ་རྟ་གཅིག་པུ་ལས་མེད་པས་རང་གིས་ཁྱེར་ཟེར།
- ངས་རྟ་འདི་ཁྱེར་རུང་ང་ལ་དབང་མིན་མི་ཤེས་ཞེས་པར་
- ཁོས་དབང་རུང་མ་དབང་རུང་ཁྱོས་རྟ་ང་ལ་མི་དགོས་ཟེར།
- ཁོས་མ་བཟུང་བར་ངའི་རྟ་རྗེས་སུ་ལུང་ཁ་མགོས་ཁྱེར།
- རྟ་ལ་རྒོད་མ་རེ་སོགས་བློ་བཞིན་ཚང་གི་ལོགས་སུ་ཡོད་པར་
- བློ་བཞིན་དེ་ཡང་མི་ངན་ཞིག་མ་ཡིན་པར་བདག་བྱས།
- ཞོན་རྟ་དེ་རྫ་ནང་སོགས་སུ་དམག་ཁྲིད་དེ་སོང་བར།
- ཇག་པ་དག་རྫ་ནང་དུ་ཡོད་སྟབས་རྫ་ནང་དུ་སོང་བར་
- རྟའི་རྐང་བ་དཀར་པོ་ཡིན་པས་གྱོལ།
- རྐང་བ་གྱོལ་བས་རྫ་ནང་དུ་སོང་སོང་མཐར་བློ་བཞིན་ལ་བྱིན།
- བློ་བཞིན་གྱིས་རྟ་འཚོས་འདུག་པར་ཁ་དོན་གྱིས་རྟ་ལེན་དགོས་བསམ་ཏེ་
- རྟ་ལེན་པར་ཉི་མ་ཕྱི་དྲོ་གཉིས་ལ་ཐོན་མོད་
- རྟ་ལྷས་ན་མེད་པས་འཁྱེར་མ་ཐུབ།
- དེ་ནས་བློ་བཞིན་ཀྱིས་ངེད་ཚང་གི་རབ་བྱུང་ལུག་རྫི་ཅན་པོར་
- ཁྱོད་སོང་ནས་རྟ་ཁྱེར་ཏེ་བདག་བྱོས།
- དེ་མིན་ན་རྟ་འདི་ལེན་པར་ཐེངས་གཉིས་ལ་ཐོན་པས་
- གོང་གི་ལག་ཏུ་ཤོར་སྲིད་ཟེར་བར། རྟ་དེ་ངའི་ཕུ་བོའི་བླངས།
- རྗེས་སུ་དབྲ་ཁྱུང་གི་རྟ་ཁྱུ་ནས་རྟ་སར་མང་པོ་
- དམག་ལ་བཙོང་པ་དང་མཉམ་དུ་བཙོང་།
- དེ་དུས་ཚང་མར་འུར་ལངས་ཡོད་དུས་རེད། དམག་ལ་བཙོང་།
- འགྲོ་ཚུལ་ཟེར་རྒྱུད་མེད་པར་སྐྱེས་པ་འགྲོ་འདོད་པ་ཚང་མ་ཇག་པར་བུད།
- འགྲོ་མི་འདོད་པར་ཡུལ་ནས་འདུག་མཁན་དག་ལ་ལག་གི་བོས་དང་ལག་ཆ།
- འགྲོ་མ་འདོད་པ་དག་ལ་ལག་ཆ་སོགས་མེད་ན་རྟ་བཟང་པོ་
- ལག་ནས་བླངས་ཏེ་སོང་། དེ་ལྟར་ཟླ་བ་གཉིས་ཙམ་གྱི་རྗེས་སུ་
- ཕྱིར་མགོ་འདོག་ཞུས། རྗེས་སུ་ཡང་ངག་ལོ་ཚང་ལ་ལྕེབས།
- ངག་ལོ་ཚང་གི་ལོགས་སུ་ཡོད་དུས་ཕྱུག་ར་སྡེ་བའི་སྐྱེས་མ་ཚོས་
- རྒྱ་འཕགས་མ་དང་གཅིག བསྟན་འཕེལ་མ་རྒན་སོགས་ཀྱིས་
- ཆུང་མ་གཅིག་གི་སྟེང་དུ་སྐྱེས་པ་གཉིས་བསྡད་མི་ཆོག་ཞེས་བཤད་པར།
- ངག་ལོས་ཚོགས་འདུའི་སྟེང་ནས་ཁོ་ལ་དཔལ་ལོ་དེ་ཕས་བྱིན་པ་ཡིན།
- བདེ་ལོ་མནའ་མར་ཡོང་མོད་མ་བསྡད་པའི་ཚབ་དུ་བྱིན་པ་ཡིན།
- ང་ལ་དབང་ན་ངས་ཨ་དོན་ལ་བྱིན་པ་ཡིན།
- ང་ལ་མི་དབང་བར་ཁྱེད་ཅག་ལ་དབང་ན་ཁྱེད་ཅག་གིས་
- འདོད་པ་ལྟར་བྱོས་ཟེར་བས་རྗེས་སུ་གོང་རིམ་དང་སྐྱེས་མ་ཚོས་
- ང་ལ་གྱོད་བཤད་སར་མ་སོང་། དེ་ནས་ཟོག་རྫི་ལུག་རྫི་བྱས།
- ཞིན་ཅང་ལུག་འཚོས་པར་དཔྱིད་ཀ་ཞིག་ལ་སྤྱང་ཀིས་
- ཞིན་ཅང་ལུག་མང་པོ་བསད་ལ་མང་པོར་རྨས་ཕོག་པར་བྱས།
- ངའི་རྫིརོགས་བློ་བྱམས་རེད་མོད་བློ་བྱམས་གྱི་ཆུང་མའི་
- ཨ་ཞང་སྨན་ཁང་དུ་ཡོད་པར་རོགས་བྱས་ནས་སོང་བའི་
- ཤུལ་དུ་ང་ཁེར་རྐྱང་དུ་ལྷག་པས་མ་ཐུབ་པ་ཡིན།
- ཁ་བ་བུ་ཡུག་འཚུབ་སྟེ་མང་པོ་བསད། སྤྱང་གིས་བསད་ལ་རྨས་པར་བྱས།
- ང་སྨྱོན་པ་ཡིན་པས་རྨས་མ་ཚང་མར་སྐེ་བཅད་དེ་བསད།
- ཨ་ཕུན་དང་བཟོད་པ་ཞེས་རྨེ་བ་ཞིག་ཡོད་པ་གཉིས་ལྟ་རུ་ཐོན་དུས་
- མཉམ་དུ་སྤུངས་ཡོད་པ་ལས་གཅིག་རེ་ཡར་བསླངས་པར་
- ཁང་ཁྱིམ་གྱི་མགོ་མཇུག་གི་བར་ཐག་ཙམ་རེར་བུད་འགྲོ་མོད།
- དེ་གཉིས་ཀྱིས་བལྟས་ནས་སོང་རྗེས་སྨན་པར་མ་བསྟན་ཏེ་
- ཚང་མ་བསད་ནས་བཤས། དེར་ཡང་ལུག་གི་དོན་གྱིས་ཞྭ་བཀབ།
- ཚན་གཙོ་དང་ཡུལ་དམག་ཡིན་པས་རེད།
- མཇལ་གྲོས་དམག་ལ་སོང་ནས་ཐོན་ནི་རེད།
- གྲོ་རྡོག་རྒྱུ་མེད་ཡིན་པས་འབྱོར་མེད་ལ་བརྩིས་པ་རེད།
- དེ་གཉིས་འགོ་བ་བྱས་ཏེ་མང་དུ་བརྡུང་།
- བཞོན་མ་ཚན་ཁག་བཅུ་ལ་ནུབ་མ་བཅུ་ལ་བརྡུང་།
- ངས་ཉིན་དཀར་ལས་ཀ་སྒྲུབ་སྟེ་རྡོ་གཏོར་སར་རྡོ་གཏོར་བ་དང་།
- ཉིན་དཀར་ཤུལ་དུ་རྟ་མེ་སྐྱབས་བརྡུང་པ་ན།
- ནུར་མོར་རྟ་མེ་སྐྱབས་ཀྱིས་ང་བརྡུང་པར་
- ལྕགས་མདུང་གི་ནང་དུ་སྟ་མ་སྟེའུ་གཉིས་བརྒྱུས་ཏེ་
- གྱེན་དུ་ལངས་ནས་ལག་ཏུ་འདེགས་དགོས།
- དེ་དུས་བློ་བྱམས་ཐོན་དེ་མགྱོགས་པོར་ལས་ཀར་ཤོག་ཟེར།
- དེ་དུས་རྩིད་པ་འབྲེག་སྐབས་ཤིག་ཡིན་པས་
- དེར་ཤོག་ཟེར་བར་ང་ཚོ་ཚང་མ་བྲག་ཁུང་ནས་ཕབ།
- དེའི་རྗེས་ནས་དམག་སར་མར་རིག་འཛིན་ཞེས་པ་ཞིག་ཡོད་པ་ཐོན།
- དེ་དུས་ལས་བྱེད་ཚན་ཁག་ཉུལ་མཁན་རེ་ཡོད་པ་དེས་
- ང་ལ་ལྐུགས་དོན་ཁྱོད་ཀྱི་མཛུབ་མོ་རིང་ན་གནམ་མི་ཁེབ།
- རྟ་མགྱོགས་ཀྱང་དགོ་བ་མི་ཟིན། ཁྱོས་ལེགས་པོ་མི་བྱེད་པ་ཅི་ཡིན་
- ཞེས་གཤེ་གཤེ་མང་པོ་གཏོང་ཁུལ་བྱས་ཏེ་སྲུང་འགེབ་བྱས།
- དེའི་ནས་ལོ་གཉིས་ཙམ་གྱི་རྗེས་སུ་བཀྲ་འབྱོར་གྱིས་ཞྭ་མོ་བླངས།
- དེ་ནས་མི་སེར་གྲས་སུ་ཐོན། ཞྭ་མོ་ལོ་འགའ་ལ་གྱོན་ཡོད།
- རྒྱུ་རང་མགོར་བགོས་པ་ནས་
- ན་ནང་གཞིས་ནང་ཞིག་ལས་མ་ཡོང་པར།
- དཔལ་ལོར་གཡོག་བྱས་ནས་བསྡད་པ་ལས་དེའི་བར་དུ་
- ཨ་བྱིན་སྤུན་ཚོས་འཁོར་བ་བཟུང་ནས་བསྡད་པ་ཡིན།
- ང་དེ་ལྟར་སྐྱིད་པོ་བྱས་ནས་བསྡད་པ་ཡིན།
- ལོ་དྲུག་ཅུ་རེ་ཞིག་ལ་ཐོན་པའི་བར་དུ་
- འཁོར་བའི་ནང་དུ་བསྡད་པ་རེད།
- ལོ་དྲུག་ཅུ་རེ་ཞིག་ལ་ཐོན་རུང་རྟ་རྒྱུག་འགྲན་ཁུལ་བྱས།
- རྟ་ལ་དགའ་བས་རྟ་རྒྱུག་བྱེད་རྒྱུ་བྱས་པར་
- ཁྱི་ལོ་སོགས་ཀྱིས་ཕུ་བོ་ཁྱོད་སྨྱོས་ཟིན།
- ཁྱོད་ཉིན་ཞིག་རྟས་གསད་སྲིད་ཟེར་མོད།
- ང་རྟ་ལ་དགའ་བས་རྟ་རྒྱུག་སོགས་བྱས།
- བདུན་ཅུར་བུད་པ་ནས་ཅི་ཡང་མ་བྱས་པར་བསྡད་པ་རེད།
- དཔོན་པོས་ཅི་ཟེར་བ་ཚོ་མི་ཚོས་སྐད་གཏོང་བར་འགྲོ་དགོས་ནི་རེད།
- འགྲོ་ལུགས་ནི་དཔོན་པོ་དང་ཚོ་མི་ཚོའི་ཚུལ་རེད།
- རུ་སྐོར་བཞི་ཡོད་པར་ཚོ་མི་བཞི་ཡོད།
- ཚོ་མི་བཞི་སུ་སུ་ཡིན་ཞེས་ན། ལྷ་ལུང་མའི་ཚོ་མི་ཡེ་ཤེས་ཁ་ར་རེད།
- ཁྱེད་ཚང་གི་ཨ་ཕའི་གཉེན་ཉེ་ཡིན་ལ་ཨ་ཁུ་རེད།
- ཐུབ་བསྟན་ནི་ཡེ་ཤེས་ཁ་རའི་བུ་རེད།
- དེ་ཚོ་མི་གཅིག་རེད། ལྷ་ལུང་མའི་ཚོ་མི་རེད།
- འདུས་བའི་སྐོར་ཀྱི་ཚོ་མི་ནི་ཧོར་ཤུལ་ཚག་ཆུང་མགོ་རིལ་རེད།
- ལྔ་བའི་སྐོར་ལ་དབའ་ཤུལ་སྐོར་ཟེར་བ་དེར་དབའ་ཚག་ཟེར་བ་
- འདུས་བ་བསོད་ཕུན་མག་པར་བསྡད་ཡོད་པ་དེ་ཚང་རེད།
- དམེ་སྐོར་གྱི་ཚོ་མི་ཨ་དགེན་མགོ་ལེབ་རེད།
- དབྲ་ཁྱུང་སྐོར་ལ་ཚོ་མི་ཡོད་ནི་མ་རེད་དབྲ་ཁྱུང་ཁོ་རང་རེད།
- ལ་རྩེའི་འདབས་ཀྱི་རུ་སྐོར་ལྔ་བོ་དེ་དག་རེད།
- མི་ཚེ་ཞེས་པ་མི་རྟག་པ་ཡིན་ནི་རེད།
- འཇིག་རྟེན་ཁམས་ནས་བསྡད་ཚེ་མི་རྟག་པ་དངོས་གནས་རེད།
- རྒྱུ་ཡོད་པ་ལ་ཡོད། མེད་སར་མེད།
- སྐྱིད་པོ་བྱས་ནས་བསྡད་ཀྱང་ན་བ་གསུམ་ཐོན་ཚེ་མི་སྐྱིད་པ་རེད།
- དེ་ལྟར་བྱས་ཚེ་འཇིག་རྟེན་ཁམས་འདི་མི་རྟག་པ་ངོ་མ་རེད།
- འཇིག་རྟེན་ཁམས་འདིར་བླ་མ་ཚོས་མི་རྟག་ཟེར་མོད།
- མི་རྟག་པ་དངོས་ནས་རེད། ང་རང་གིས་ཀྱང་དེ་ལྟར་འདོད།
- དེ་ལས་འཇིག་རྟེན་འདིར་དེ་འདྲའི་སྐྱིད་པར་
- འདོད་རྒྱུ་ཡང་ཆེན་པོ་མེད།
- རྒྱུ་ཡོད་པའི་ཕྱུག་པོ་ཞིག་ཡིན་ན་ཁོའི་རྒྱུ་དེ་
- སུས་བརྐུས་འགྲོ་འམ་འཕྲོག་སྲིད་དམ་བསམ་དགོས་ལ།
- དབུལ་བོ་ཞིག་ཡིན་ན་བཟའ་ཚང་གང་བོའི་
- ཁ་ཇི་ལྟར་གསོ་དགོས་སམ་བསམ་དགོས།
- དེ་བས་འཇིག་རྟེན་ཁམས་འདི་མི་རྟག་པ་རེད་འདོད་དོ།།