Video Overview
Denyam Lhünpo, a middle-aged man from Shalikhar village, narrates his own brief autobiographical account, underlining some of the core aspects of the life of lay Buddhist practitioners in Bhutan. He talks about his early learning and the teachings and initiations he received from various Buddhist masters. He also details his daily activities as a lay practitioner in the village, and ways of thinking as an ordinary lay Buddhist citizen.
- Shumar
- བདེ་མཉམ་ལྷུན་པོ་:Denyam Lhuenpo:ང་རའི་ ལམ་ལུགས་གནས་སྟངས་ཅིག་གི་སྐོར་ལས་འབད་བ་ཅིན་ ཨ་ཙི་ཅིག་ འ་ནཱེ་སྦེ་ མདོར་བསྡུས་ཅིག་སྦེ་ ང་གིས་ གནམ་མེད་ས་མེད་ ག་ནི་ཡང་མིན་འདུག། འ་ནཱི་ ཨ་ཙི་ཅིག་ ང་རའི་སྐོར་ལས་སྦེ་ ཨ་ཙི་ཅིག་ ཨ་ཙི་ཅིག་ འ་ནཱེ་སྦེ་ ཞུ་བཞག་བཞགཔ་ཨིན་ལགས།
- བདེ་མཉམ་ལྷུན་པོ་:Denyam Lhuenpo:ཏེ་འ་ནཱི་ ག་ཅི་བཟུམ་ཅིག་སྨོ་ཟེར་བ་ཅིན་ ཏེ་ང་ ཧེ་མ་ ཨ་ཙི་ཅིག་ ང་རའི་ ཨ་རྒས་ཚུ་ཡང་ སྟོད་པ་ལུང་དགོན་པ་ལུ་ མ་ཎི་དུང་ཕྱུར་དྲུག་དེ་ཅིག་ བཏོན་ཏེ་སྡོད་ནུག་ལགས། ང་བཅས་ར་ཨ་རྒས་ ཨ་རྒས་ དཔལ་ལྡན་དབང་འདུས་ཟེར་མི་ ཏེ་འ་ནཱི་ལས་ ལོག་སྟེ་འ་ནཱི་ལས་།
- བདེ་མཉམ་ལྷུན་པོ་:Denyam Lhuenpo:ཁོ་རའི་ ཁོ་རའི་བརྒྱུད་པ་སྦེ་ སྲས་ བུ་ གསུམ་ཡོདཔ་ བཞི་གི་དོན་དག་ལས་ ང་འདི་ ནུ་གཅུང་ ཆུང་ཤོས་ གནམ་མཁའ་ཡོད་ཟེར་ ཟེར་མི་གི་ བུ་ཅིག་ཨིན་ལགས། ཏེ་ང་རའི་ ཏེ་འ་ནཱ་ལས་ ང་བཅས་རའི་འབད་བ་ཅིན་ གཡུས་ཨ་ཙི་ཅིག་ ང་བཅས་རའི་ ཤ་ལི་ནང་སྦེ་སྡོད་དེ།
- བདེ་མཉམ་ལྷུན་པོ་:Denyam Lhuenpo:ཏེ་འ་ནཱི་ཚུ་ཡང་ དང་ཕུ་ ཆོས་ཅིག་འབད་དེ་ཨིན་ཟེརཝ་ལས་ ཏེ་ང་བཅས་ཀྱིས་ ཆོས་ཡང་དག་པ་ གནམ་མེད་ས་མེད་ འབད་མ་ཚུགས་རུང་ ཏེ་ང་བཅས་རའི་ སེམས་ཅན་སྲོག་གཅོད་བཟུམ་ཅིག་ ག་ནི་ཡང་མ་འབད་བར་ ཏེ་དེ་ལས་ ང་བཅས་རའི་ ཨ་ཙི་ཅིག་
- བདེ་མཉམ་ལྷུན་པོ་:Denyam Lhuenpo:ཕྱི་རུ་དྲོ་པ་ཟེརཝ་ད་ ག་ཅི་སྨོ་ཟེར་བ་ཅིན་ དཀོན་མཆོག་གསུམ་ལུ་ གསོལ་བ་འདེབས་སུ་ཅིག་སྦེ་ཏེ་ རང་གིས་ གནམ་མེད་ས་མེད་ འབད་མ་ཚུགས་རུང་ སྡིག་པ་ཚུ་མ་འབད་བར་ འ་ནཱེ་སྦེ་ བསང་གསུར་རེ་ མདོར་བསྡུས་རེ་ ཕུལ་ཏེ་སྡོད་སྡོདཔ་ཅིག་ཨིན།
- བདེ་མཉམ་ལྷུན་པོ་:Denyam Lhuenpo:ཏེ་འ་ནཱི་འབད་ཞིནམ་ལས་ ཏེ་ང་བཅས་རའི་ མི་བརྒྱུད་འབད་བ་ཅིན་ འ་ནཱ་ ཨ་རྒས་ འ་ནཱི་ དཔལ་ལྡན་དབང་འདུས་ཀྱི་ འ་ནཱེ་འབད་དེ་ ཏེ་འ་ནཱ་ལས་ ཏེ་ང་རའི་ དུས་ལུ་ལྷོདཔ་ད་ཏེ་ ང་རའི་ ལོ་ཉི་ཤུ་རྩ་ལྔ་དེ་ཅིག་ལས་འབདཝ་ད་ ཏེ་ཨ་ཙི་ཅིག་ རང་གི་གཡུས་ཁར་ སྐྱབས་འགྲོ་སེམས་བསྐྱེད་འདི།
- བདེ་མཉམ་ལྷུན་པོ་:Denyam Lhuenpo:འ་ ད་ང་བཅས་རའི་ རྙིང་ཐིག(སྙིང་ཐིག)་ངན་འགྲོ་ཟེར་ ཏེ་འ་ནཱ་ལས་ཡར་བལྟ་ སྐྱབས་འགྲོ་སེམས་བསྐྱེད། ཡིག་བརྒྱ། མནྜལ། ཏེ་བླ་མའི་རྣལ་འབྱོར་ཟེར་ བཛྲ་གུ་རུ་ འབུམ་བརྒྱ་གཅིག་དེ་ཅིག་བགྱངས་བགྱངསམ་གྱི་ཨིན། དེ་ལས་ དེ་ལས་ ང་བཅས་རའི་ ནཱ་ལུ་ ང་བཅས་རའི་ ད་རུང་ ཨ་ཙི་རེ།
- བདེ་མཉམ་ལྷུན་པོ་:Denyam Lhuenpo:ཏེ་དེ་ལས་ ང་གིས་ ད་རུང་ར་ མ་ཎི་རེ་བགྱངས་ཏེ་ ཏེ་འ་ནཱི་ལས་ རྩ་གསུམ་གྱི་བསྙེན་པ་ཟེར་ ཏེ་ཕྱི་སྒྲུབ་བླ་མའི་རྣལ་འབྱོར། ནང་སྒྲུབ་རིན་འཛིན་བསྡུས་པ། གསང་སྒྲུབ་སྡུག་སྔགས་རང་གྲོལ་ལ་སོགས་པའི་ མ་ཎི་བགྱངས་ཏེ་ ཏེ་དེ་ལས་ ཏེ་དབང་ལུང་ལ་སོགས་པའི་ཚུ་ཡང་ ཏེ་ཨ་ཙི་རེ་ རང་གིས་ རྒྱུད་པ་(འབྱོར་པ)དང་བསྟུན་ཏེ་ ང་བཅས་རའི་ ཧེ་མ་ ཨ་ཙི་ཅིག་ དང་ཕུ།
- བདེ་མཉམ་ལྷུན་པོ་:Denyam Lhuenpo:སེར་ལྷག་པོའི་སློབ་དཔོན་ཟེར་མི་ བྱོན་བྱོནམ་ཨིན་པས། འ་ནཱི་ ཁེངས་ལས་སྦེ་བྱོན་ནུག། འ་ནཱ་ལས་བརྒྱུད་དེ་ ཧེ་མ་རྟོགས་ལྡན་ཤཱཀྱ་ཤྲཱི་ལས་ བརྒྱུད་བརྒྱུདཔ་ཨིན་པས་ལགས། ཏེ དེ་འབདཝ་ལས་ ཏེ་འ་ནཱེ་འབད་དེ་ དགའ་མང་གི་ སློབ་དཔོན་སྐུ་དབང་ཟེར་མི་གིས། དབང་ལུང་ཁྲིད་གསུམ་ ང་བཅས་ར་ ཨ་ཙི་རེ་ཞུ་སྟེ་ ཏེ་དེ་ལས་ ད་རུང་ར་