19 Jun 2013
30 min 8 sec
Video Overview
Creators:
Norbu Dradul, Tibetan & Himalayan Library
This video presents some insights into the normal and yet exceptional life of Ader the nomad.
ཨ་སྡེར་ནི་སྡེ་བའི་ནང་གི་འབྲོག་པ་དཀྱིལ་མ་ཞིག་ཡིན་ལ། ཁོ་རང་ཆུང་དུས་ནས་ཚན་རིག་དང་ཆོས་ལུགས་སོགས་སློབ་པར་དགའ་བས། རིག་གནས་ཆེ་ཆུང་ཀུན་ལ་མཁས་པའི་མི་ཞིག་ཏུ་གྱུར་པ་མ་ཟད་སྡེ་བའི་ནང་ལ་མཁོ་གལ་ཆེ་བའི་མི་ཞིག་ཏུ་གྱུར་ཡོད། ཁོ་རང་གི་མི་ཚེ་གང་བོར་སྡེ་བར་ཕན་པའི་བྱ་བ་སྒྲུབ་ནའང་ཁོ་རང་ད་ལྟ་སྡེ་བའི་ནང་གི་ཆེས་དབུལ་བའི་ཁྱིམ་ཚང་ཞིག་ཏུ་གྱུར་ཡོད།
阿德尔是一个普通牧民,虽然他从未有过上学的机会但从小时候对学习很感兴趣,完全通过自学掌握了很多知识和工巧。本片讲述他普通而与众不同的生活。
- ཨ་སྡེར།[གསལ་བོ་མིན་པ།]
- འདི་དག་ཐུགས་རྗེ་ཆེན་པོ་ཏག་ཏག་རེད།
- འཇིགས་བྱེད།
- མཁའ་སྤྱོད་དང་རྟ་མགྲིན།
- དེ་ནས་རྗེ་རིན་པོ་དང་སློབ་དཔོན།
- སློན་དཔོན་པདྨ་འབྱུང་གནས།
- འདི་ལྟུང་བཤགས་ཀྱི་ལྷ་རེད།
- བཤགས་ལྷ།
- [གསལ་བོ་མིན་པ།]
- འདི་འོད་དཔག་མེད་ཀྱི་ཞིང་ཐང་རེད།
- [གསལ་བོ་མིན་པ།]
- བཤད་མཁན་གཉིས་པ།ཆོས་ལུགས་ཀྱི་ཐད་ཡིན་ན།
- ལོ་རྒྱུས་ཀྱི་ཐད་ཡིན་ན།
- རྒྱ་ཡི་ལོ་རྒྱུས་ཡིན་ན།
- བོད་ཀྱི་ལོ་རྒྱུས་ཡིན་ན།
- ཁོ་ལ་བཤད་རྒྱུ་མེད་པ་གཅིག་ཀྱང་མེད།
- བཤད་མཁན་གསུམ་པ།ཁོ་རང་སློབ་གྲྭར་འགྲོ་མྱོང་མེད།
- འདི་འདྲའི་རང་བཞིན་གྱི་སྤྱི་ཚོགས་སྟེང་གི་མི་སེར་ཞིག
- ཕྱོགས་ཐམས་ཅད་ནས་ཡོན་ཏན་དང་ལག་རྩལ་ལྡན་པ།
- ཁྱད་པར་ཅན་འདི་ལ་བག་ཆགས་ཟབ་མོ་ཞིག་ཡོད།
- ཨ་སྡེར།ང་རང་ལ་བུ་ཕྲུག་མེད།
- བུ་ཕྲུག་མེད་མོད།
- ཨ་ཡེ་འདིའི་བུ་ཞིག་ཡོད་པ་རེད།
- དྲང་མོར་བཤད་ན་ཁོས་བལྟ་བཞིན་ཡོད་པ་རེད།
- ཁྱིམ་ཚང་ཁ་ཁ་བྱས་ནས་བསྡད་ཡོད།
- བུ་མོ་ཡང་ད་དུང་འགའ་ཞིག་ཡོད་པ་རེད།
- བུ་མོ་ང་ནང་བཞིན།
- མོ་རང་འཕྲུལ་རྟའི་ཐོག་ཏུ་བཞག་སྟེ་དེ་ནས་ཕར་ལ་འབུད་དུས།
- ཁང་བའི་རྒྱབ་ནས་འབུད་དུས་རླངས་འཁོར་དང་ཐོ་ཐུག་ནས།
- ང་རང་ཡང་སྤྱིར་ན་རྐང་ལག་བདེ་བོ་མིན་པའི་ཐོག་ལ་འདི་དུམ་བུ་གསུམ་དུ་བཅག
- ད་དུང་འཛེར་མ་ལྕགས་ཀྱིས་འཛེར་ཡོད།
- དེ་ནས་ད་དུང་མགོར་བརྒྱབ་ནས་ཕྲ་བ་ད་དུང་ཕྲ་ཁུང་འདུག
- མགོ་མར་ལ་བརྐོ་བརྐོ་བྱས་ནས་འདུག
- དབང་བོ་ཤོར་སོང་།
- འདི་ན་བརྐོ་བརྐོ་ཞིག་འདུག
- རཾ་ཡཾ་ཁཾ། ཨཱོཾ་ཨ་ཧཱུྃ།ཨཱོཾ་ཨ་ཧཱུྃ།ཨཱོཾ་ཨ་ཧཱུྃ།
- བདེ་ལེགས་ཐམས་ཅད་ཀྱི་རྩ་བ།
- དྲིན་ཆེན་རྩ་རྒྱུད་ཀྱི་བླ་མ།
- [གསལ་བོ་མིན་པ]
- བྱིན་རླབས་ཀྱི་རྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ།
- ཁྱེད་རྣམས་ཀྱི་ཞབས་ལ་བསང་མཆོད་རྒྱ་ཆེན་པོ།
- མཆོད། ཨཱོཾ་ཨ་ཧཱུྃ། རཾ་ཡཾ་ཁཾ།
- གཞན་ཡང་རྒྱལ་ཆེན་དུས་ཀྱི་རྒྱལ་བོ།
- ཕ་རྒྱུད་བསང་བ་འདས་བ་མ་རྒྱུད་འཁོར་ལོ་བདེ་མཆོག
- དཔལ་ལྡན་དུས་ཀྱིས་འཁོར་ལོ།
- ཡི་དམ་རྡོ་རྗེ་འཇིགས་བྱེད་བསང་བདག་ཕྱག་ན་རྡོ་རྗེ།
- [གསལ་བོ་མིན་པ]
- གཞན་ཡང་རྒྱུད་སྡེ་ཆེན་པོ་བཞི་དང་འབྲེལ་བའི་
- ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས།
- ཁྱེད་རྣམས་ལ་བསང་མཆོད་རྒྱ་ཆེན་པོ།
- མཆོད། ཨཱོཾ་ཨ་ཧཱུྃ། རཾ་ཡཾ་ཁཾ།
- [གསལ་བོ་མིན་པ]
- ལྷ་ཆེན་ཆོས་ཀྱི་རྒྱལ་བོ།
- མ་གཅིག་དཔལ་ལྡན་ལྷ་མོ།
- [གསལ་བོ་མིན་པ]
- ཕྱི་ནང་བསང་བའི་ལྷ་རིམ་སྡེ་བརྒྱད་སོགས།
- བསྟན་པ་ཡར་ཕྱེ་བའི་ཆོས་སྐྱོང་གྲགས་པ།
- འཇིག་རྟེན་པའི་སྲུང་མ།
- ཚེ་ལྷ་སྲོག་ལྷ་ཕོ་ལྷ་མོ་ལྷ་སྒོ་ལྷ་ཕྱུགས་ལྷ།
- གཞིའི་ལྷ་མགོ་བའི་ལྷ།
- སྲུང་མའི་ལྷ་སྐྱོབ་པའི་ལྷ།
- [གསལ་བོ་མིན་པ]
- རྫུན་འཕྲུལ་དང་ལྡན་པ་ཁྱེད་རྣམས་ཀྱི་ཞབས་ལ་བསང་མཆོད་རྒྱ་ཆེན་པོ།
- མཆོད། ཨཱོཾ་ཨ་ཧཱུྃ། རཾ་ཡཾ་ཁཾ།
- [གསལ་བོ་མིན་པ]
- བར་དབུས་གཙང་རི་བཞི་སྨད་མདོ་ཁམས་སྒང་དྲུག
- [གསལ་བོ་མིན་པ]
- སྲིད་པ་ཆགས་པའི་ལྷ།
- མཆོད། ཨཱོཾ་ཨ་ཧཱུྃ། རཾ་ཡཾ་ཁཾ།
- བཤད་མཁན་བཞི་བ།ཅི་རེད་ཟེར་ན།
- སྔོན་ཆད་སློབ་གྲྭ་དང་དེ་འདྲ་ཡོད་པ་མ་རེད།
- གྲྭ་བ་ཡང་མ་རེད།
- ཁོ་རང་ཏག་ཏག་ལ་མི་ཡ་མཚན་ཡིན་པ་རེད།
- ཚོར་བ་ཞིག་ལ་ཁོ་རང་ལ་གཅིག་དྲིས་ན།
- ངོ་མས་དགེ་བཤེས་ཤིག་གི་ཆོས་བཤད་པའི་ནང་དོན་འདྲ་ཞིག་ཕལ་ཆེར་ཁོ་ལ་བརྫོག་རྒྱུ་ཡོད་རྒྱུ་རེད།
- ཨ་སྡེར།ངའི་ཤ་ཉེ་རླངས་འཁོར་ཀྱིས་བཅུར་བ་རེད།
- སྲུ་མོ་འཕྲུལ་རྟའི་ཐོག་ལ་བཞག་ནས་སོང་སྟེ་བསད་པ་རེད།
- ང་ཚོ་དམུ་སྒར་ལ་སོང་ནས་ཕྱིར་ཡོང་དུས།
- ཡང་ལག་སྐྱོར་འཕྲུལ་འཁོར་བྲག་ངོ་ནས་ལྡིང་སྟེ་མི་གསུམ་བསད་པ་རེད།
- དེ་མ་གཏོགས་མི་གཞན་གྱི་ཁྱིམ་ལ་འགྲོ་བ་མིན་ལ་ཉུལ་བ་ཡང་མིན།
- བཤད་མཁན་བཞི་བ།གནའ་ཞིག་ལ་དེ་འདྲའི་བཤད་སྲོལ་ཡོད་པ་རེད།
- ཕར་གྱི་རི་འདི་བསོད་ནམས་རེད།
- ཐང་དེ་དབང་ཐང་རེད།
- ལས་དེ་ལམ་རེད།
- དེ་ནས་མར་ལ་སོང་ན་བསོད་ནམས་ཟེར་བ་དང་དབང་ཐང་ཟེར་བ།
- ལས་ཟེར་བ་དང་ལམ་ཟེར་བ།
- [གསལ་བོ་མིན་པ།]
- རྒྱལ་ཁབ་ཀྱིས་ཁང་བ་རེ་ལས་བྱུང་།
- [གསལ་བོ་མིན་པ།]
- [གསལ་བོ་མིན་པ།]
- [གསལ་བོ་མིན་པ།]
- རང་རང་གིས་སྒོར་རྡོག་གཅིག་གཉིས་ལ་བལྟས་ནས།
- ཚང་མས་ཐུན་མོང་གི་ས་དེ་དེ་ལྟར་བྱས་ན་མི་འགྲིག་གི་ཟེར་མོད།
- རང་རང་གིས་སྒོར་མོ་ལེན་ཆེད་རང་རང་གི་ས་ཐོག་ལ་འདི་འདྲ་བཞག་ཡོད་ཀི།
- ཞོལ་གྱི་ཁ་སང་ང་ཚོ་ཡར་ལ་ཡོང་ས་དེ་རུ་འདི་འདྲའི་ཁང་བ་ལྔ་བཅུ་དྲུག་བཅུ་ཡོད་ཐལ།
- དེ་ཉིན་རླངས་འཁོར་གྱི་ལས་རིག་ས་རུ་ལས་མི་ཆོག་ཅེས་བཤད་མོད།
- དེ་ལྟར་ལས་ནས་བཞག་འདུག
- [གསལ་བོ་མིན་པ།]
- མི་མང་གི་གྲལ་དུ་ཡོང་ན་སྙིང་བོ་ཅི་ཡང་མེད་ཀི།
- སེམས་སྤྲོ་བོ་ཡོང་མི་ཐུབ།
- སྤྲོ་བོ་མི་ཡོང་ལ་སྣང་བ་མི་དྭངས།
- དེང་སང་གི་མི་ལ་བསམ་པ་འདྲ་མི་འདྲ།
- འགྲོ་སྲོལ་འདྲ་མི་འདྲ།
- དེ་འདྲ་ཡིན་ན།
- རང་རང་གི་བསམ་པ་ལ་མ་བསྟུན་དུས།
- མི་སྐྱིད་པ་རེད།
- བཤད་མཁན་བཞི་བ།ཡར་ལ་སྤྲད་པ་རེད།
- ཡར་ལ་སྤྲད་ནས་གྲལ་ལ་ཡོང་།
- ས་མི་ལེགས་པའི་རྣམ་རྟོག་མ་བསླང་།
- ས་མི་ལེགས་པ་ཤེས་པ་རེད།
- འདི་འདྲ་བཤད་པ་རེད།
- དེ་འདྲ་བཤད་པ་ཡང་ཡོད།
- འདི་འདྲའི་ཆ་ག་ཆག་གེ་ཡི་ནང་དུ།
- ངའི་དངོས་པོ་ཆ་བོ།
- ང་ལ་ཡོད་པ།
- ཁང་བ་བཤིག་ནས་འགྲོ།
- བཤད་མཁན་ལྔ་བ།ཨོ་་་རེད།
- ཨ་སྡེར།ཐུབ་ཀྱིན་མེད་ག
- བཤད་མཁན་གསུམ་པ།དེ་འདྲ་ཡིན་ན་འདྲ།
- རུ་སྡེ་གྲོང་ཁྱེར་ལ་ཁོ་ཡིས་རོགས་ཤིག་བྱས་ན་འདྲ།
- ཅི་ཞིག་ལས་རུང་རིན་པ་ཡིན་སྟེང་ནས་སྐར་མ་གང་ལེན་པ་མ་རེད།
- ཁོ་རང་གི་འཚོ་བའི་སྟེང་ནས་བཤད་ན་དབུལ་བོ་ཞིག་རེད་ཅེས་བཤད་ན་མི་ཆོག་རྒྱུ་མེད་ཀི།
- ནམ་ཡིན་རུང་ཁོ་ལ་ཤ་ཉེ་བུ་ཞིག་ཡོད་པ་དེ།
- དེ་ཡིས་རོགས་བྱེད་པ་དང་དེ་ཡིས་གསོས་ནས་བསྡད་ཡོད་པ་མ་གཏོགས།
- གཞན་ཁོ་ཡིས་ཡོང་སྒོ་བཙལ་བཞིན་མེད།
- བཤད་མཁན་དྲུག་པ།བདེ་མོ་བདེ་མོ།
- ཨ་སྡེར།ང་ལ་འདི་ཚད་རོགས།
- བཤད་མཁན་བདུན་པ།འདི་ཚད་དགོས་སམ།
- ཨ་སྡེར།མང་སོང་ན་སྒོར་མོ་མེད།
- བཤད་མཁན་བརྒྱད་པ།སྒོར་མོ་མེད་དམ།
- འདང་ངམ།
- ཨ་སྡེར།འདང་གི།
- འདི་ཡང་ད་དུང་མང་འདུག
- བཤད་མཁན་བདུན་པ།འདི་ད་དུང་མང་འདུག་གམ།
- ཨ་སྡེར།རིན་གོང་དམའ་མོ་བྱེད་བཞིན་ཡོད་དམ།
- བཤད་མཁན་བརྒྱད་པ།མེད།
- ཨ་སྡེར།རིན་གོང་དམའ་མོ་བྱེད་བཞིན་མེད།
- བཤད་མཁན་དགུ་བ།ད་དུང་ཅི་ཞིག་དགོས།
- ཨ་སྡེར།ད་ཅང་མི་དགོས།
- བཤད་མཁན་བཅུ་བ།ང་ཚོ་བོད་ཀྱི་ལཛྙ་ཟེར་བ་འདྲ།
- སྔགས་ཟེར་བ་འདྲ།
- འདིའི་སྐོར་ལ་ཁོ་རང་ཧ་ཅང་ངར།
- ང་ཚོའི་ས་ཆ་ཆུང་ཆུང་ཡིན་པ་རེད།
- ཟངས་དཀར་འདི་ས་ཆ་ཆུང་ཆུང་ཡིན་པ་རེད།
- ཁོ་རང་ཆུང་དུས་ནས་ས་ཆ་འདི་རུ་བསྡད།
- ཕར་ཚུར་ལ་མི་འགྲོ་བ།
- མཐོང་རྒྱ་རིག་རྒྱ་མེད།
- རིག་གནས་ཡོད་རུང་།
- འདི་གཞན་གྱིས་ཤེས་མཁན་མེད་ཀི།
- ཨ་སྡེར།[གསལ་བོ་མིན་པ]
- [གསལ་བོ་མིན་པ།]
- བཤད་མཁན་གཉིས་པ།སྤྱིར་ན་ཁང་དམར་དགོན་པའི་འདུ་ཁང་བཞེངས་བའི་སྐབས་སུ།
- དེའི་སྒོ་ཡི་རྒྱལ་ཆེན་ལྡེབས་རིས་དེ་ཨ་སྡེར་ཡིས་བྲིས་པ་རེད་ཟེར།
- དེ་ནི་གཞན་དང་མ་འདྲ་བའི་ལག་རྩལ་གྱི་ཁད་ཆོས་ཤིག
- བལྟས་ན་ཁོ་ལ་ཡོད་པ་འདྲ་ཞིག་རེད།
- དེ་ནི་ཁོ་རང་གི་དགོན་པ་རེད།
- དེའི་སྟབས་ཀྱིས་ལག་རྩལ་ཡོད་པ་ཕུད་ཀྱང་ཡོད་རྒྱུ་རེད།
- ཕུད་ཡོད་ཀི་བསམ།
- དེའི་རི་མོ་ཡི་སྟེང་ནས་དེའི་ཚོན་མདངས་ཞིག
- དེའི་རི་མོ་ཡི་ཉམས།
- ཐམས་ཅད་ཀྱི་སྟེང་ནས་གསོན་ཉམས་ཡོད་པ།
- དེའི་ཚོན་གྱི་ཚོན་མདངས།
- ཐམས་ཅད་ཀྱི་སྟེང་ནས་ཡ་མཚན་རེད་བསམ།
- ང་ཚོར་ཚོར་བ་དེ་འདྲ་སྟེར།
- ཨ་སྡེར།ལ་ལ་ངས་བྲིས།
- བཤད་མཁན་བཅུ་གཅིག་པ།ཁྱེད་ཀྱིས་བྲིས་པ་རེད།
- འདི་དང་ཕར་ན་གཅིག་ཡོད་པ།
- བཤད་མཁན་བཅུ་གཉིས་པ།འདི་ཅི་ཞིག་རེད།
- ཨ་སྡེར།[གསལ་བོ་མིན་པ]
- དེ་དུས་མིག་གིས་རིག་པས་ཞིབ་ལས་བྱས་ནས།ས
- ད་བར་མིག་གིས་ཀྱང་མི་རིག
- རྒྱལ་ཆེན་ཏེ་རྒྱལ་ཆེན་བཞི་བོ།
- [གསལ་བོ་མིན་པ]
- ཕར་ཕྱོགས་སུ་འགྲོ།
- [གསལ་བོ་མིན་པ]
- བཤད་མཁན་བཅུ་གསུམ་པ།རེད་ཡ།
- ཨ་སྡེར།[གསལ་བོ་མིན་པ]
- བཤད་མཁན་བཅུ་གཅིག་པ།ཕལ་ཆེར་མེད་ཀི།
- ཨ་སྡེར།[གསལ་བོ་མིན་པ]
- བླ་མ་ཡི་དམ་དགོན་མཆོག་གསུམ།
- སྐྱབས་མགོན་ཐུགས་རྗེ་ཅན་ལ་འབུལ་བར་འགྱུར།
- བཤད་མཁན་གཉིས་པ།ང་ཚོ་བོད་ལ་བཤད་རྒྱུ་ཞིག་ཡོད་པ།
- ནོར་བུ་རང་ལ་ཡོད་དུས་ནོར་བུའི་ནོར་ངོ་མི་ཆོད།
- ཟེར་བ་དེའི་ལོག་འདུག
- མཉམ་གཅིག་ཏུ་འདུག་དུས་དེས་འདྲ་མི་འདྲ་ལས་པ་རེད་ཅེས་བཤད་པ་མ་གཏོགས།
- དེ་ལ་མཐོང་ཆེན་བྱེད་པའམ།
- དེ་ས་གནས་ཀྱི་སྲིད་གཞུང་དང་།
- ས་གནས་ཀྱི་མགོ་ཁྲིད་ཡིན་ན།
- དམངས་ཚོགས་ཡིན་ན་དེར་རྒྱབ་སྐྱོར་བྱེད་པ།
- དེ་གསོ་སྐྱོང་བྱེད་པ།
- ཚང་མས་དེ་སྐྱོར་བ།
- འདི་ལ་བལྟ་ས་ཡོད་ལ་ས་གནས་ལ་གོ་ཆོད།
- ཁོ་རང་ལ་ཡང་ཕན་ཐོགས་བསམ་རྒྱུ།
- དེ་འདྲ་ཚང་མའི་སེམས་ལ་ཤར་མ་ཐུབ།
- བཤད་མཁན་བཅུ་གཉིས་པ།ཅི་ཞིག་ཡིན་པ་སུས་ཤེས།
- ཨ་སྡེར།ཨ་་་
- བཤད་མཁན་བཅུ་གཉིས་པ།ཅི་ཞིག་ཡིན་པ་གསལ་བོ་མི་ཤེས་མོད་ཟོག་འདྲ་ཡོད་ཀི།
- ཨ་སྡེར།ད་དུང་བདེན་པས་མེད།
- དེ་ཅི་ཞིག་ཡིན་པ་ཁྱེད་ཀྱིས་རྒྱང་མཐོང་ནང་ལ་གཅིག་བལྟས་ན་ཨེ་ཤེས།
- རིལ་དཀར་འདི་བདུད་རྩི་རིལ་དཀར་ཟེར་བ་དེ་རེད།
- སེ་འབྲུ་རིལ་དཀར། སེ་མེ་རིལ་དཀར།
- གྲུབ་ཐོབ་རིལ་དཀར། བདུད་རྩི་རིལ་དཀར།
- རིལ་དཀར་ལ་རིགས་མང་པོ་ཞིག་ཡོད་པ་རེད།
- བདུད་རྩི་རིལ་དཀར་དེ་ལེགས་པོ་རེད།
- བཤད་མཁན་བཅུ་གསུམ་པ།ཁྱིམ་ཚང་གང་ཡིན་རུང་ཁོ་ཡིས་རྡོ་བརྐོས་གཅིག་རེ་བརྐོ་བ་རེད།
- འདི་ཡི་ཁྱིམ་ཚང་གསར་བ་རྣམས།
- མར་ལ་ཁྱིམ་ཚང་གསར་བ་ཡོང་ཡོད་པ་མ་གཏོགས་རྡོ་བརྐོས་མ་བྱས་པའི་ཁྱིམ་ཚང་གཅིག་ཀྱང་ཡོད་རྒྱུ་མ་རེད།
- ཁོ་ལ་རྡོ་ལེབ་གཉིས་ཡོད་ན་གསུམ་ཡོད་ན།
- མ་བརྐོས་ས་མེད།
- ཨ་སྡེར།འདི་དག་ང་རང་གིས་བརྐོས་པ་རེད།
- བཤད་མཁན་ལྔ་བ།ལོ་ག་ཚོད་འགོར་ཡོད་རྒྱུ་རེད།
- ཨ་སྡེར།ལོ་ཉི་ཤུ་སུམ་ཅུ་ཙམ་འགོར་ཡོད།
- བཤད་མཁན་གཉིས་པ།ཐོག་མར་དེའི་སྐབས་ལ་ཚོགས་ཁང་ཆེན་མོ་ཞིག་ཡོད་པ་རེད།
- མཉམ་སྤྲོ་ཁང་ཆེན་པོ་ཞིག་ཡོད་པ་རེད།
- དེ་ལ་པོ་ཏ་ལ་ཞིག་ཁོ་བོས་འབྲི་དགོས་ཞེས།
- ཐོག་མར་ང་ཚོའི་རྒྱབ་ལྗོངས་ལ་དེ་འདྲ་ཞིག་ལས་དགོས་ཞེས་ཐུག་པ་རེད།
- དེར་ཁ་ཐུག་དུས་བོད་ཀྱི་ལྷ་བཟོ་མང་པོ་ཡོད་ཀི།
- ལྷ་བཟོ་མང་པོ་ཡོད་མོད།
- ལྷ་བཟོ་ཡི་ནང་ན་སྲོལ་རྒྱུན་གྱི་ལྷ་བཟོ་དང་།
- དེ་མ་གཏོགས་པའི་གསོན་ཉམས་ལྡན་པ།
- དེའི་འཕྲོ་ནས་རྒྱབ་སྣུམ་ཚོན་གྱི་རི་མོ་བོད་ཀྱི་ནང་ན་འབྲི་ཤེས་མཁན་མེད་ཀི།
- དེ་དུས་ཨ་སྡེར་རིག་གནས་ཀྱི་ཕྱོགས་གང་ཐད་ནས།
- ཁོ་ཡི་སྐྱེས་སྟོབས་ཀྱི་ཤེས་རབ་དང་སྦྱངས་སྟོབས་ཀྱི་ཡོན་ཏན།
- དེ་ལྟར་བཟོ་ཡིན་ན་ལྷ་བཟོ་ཡིན་ན།
- མགར་ཡིན་ན་ཅི་ཞིག་ཡིན་ན་ཁོ་བོས་ཤེས།
- དེ་འདྲའི་དམངས་ཁྲོད་ཀྱི་མི་སེར་དཀྱུས་མ་ཞིག་རེད།
- དེ་འདྲ་ཞིག་རེད།
- དེ་ན་དེ་ལ་འབྲེལ་འདྲིས་ཤིག་བྱས་ན་ཁོས་སྣུམ་ཚོན་གྱི་རི་མོ་འདི་འབྲི་ཨེ་ཐུབ།
- སྣུམ་ཚོན་གྱི་རི་མོ་འབྲི་ཐུབ་སོང་ན།
- གཅིག་ན་དེར་གཅོག་རྒྱུ་མེད་ཀི།
- གཉིས་ན་ཚོན་དེའི་ཡུན་རིང་གི།
- དེ་ཆུ་ཡིས་མི་འཇིག
- དེ་བས་དེར་འབྲེལ་འདྲིས་ཤིག་བྱེད་དགོས་ཞེས།
- དེ་བས་ང་ཚོས་ཐད་ཀར་དུ་ཨ་སྡེར་ལ་འབྲེལ་བ་བྱོས།
- བཤད་མཁན་བཅུ་བཞི་བ།ཁོ་བོས་ཁང་དམར་དགོན་པའི་མགོན་ཁང་གི་
- དེར་ཅིག་འབྲི་དགོས་ཟེར་བས་ངེད་གཉིས་ཀྱིས་
- མགོན་ཁང་ནང་དུ་ཁོར་རོགས་བྱེད་དགོས་ཟེར།
- དེ་བས་ཁོ་ལ་རོགས་བྱེད་དུ་སོང་ནས་སློབ་མ་བྱས་ཏེ།
- ཇ་སྐོལ་བ་དང་ཚོན་སོགས་གྲ་སྒྲིག་བྱས།
- དེ་འདྲའི་རོགས་བྱས་ཏེ།
- དེ་འདྲ་བྱས་ནས་བསྡད།
- མགོན་ཁང་བྲིས་ཚར་རྗེས་པོ་ཏ་ལ་ཞིག་འབྲི་དགོས་ཟེར།
- པོ་ཏ་ལ་ཞིག་འབྲི་དགོས་ཟེར་བས་ཡང་རོགས་བྱས།
- དེ་བས་ངས་རོགས་བྱས་ནས་ངེད་གཉིས་ཀྱིས་ལས།
- གྱེན་ཐང་གི་ཤིང་ཆེན་པོ་ཞིག་བཞོག
- རི་འཐེན་ཁ་བྱས་ནས།
- ཉི་མ་ཁ་ཤས་ལ་ངེད་གཉིས་ཀྱིས་རི་འཐེན།
- པོ་ཏ་ལའི་ཐིག་རྩ་ཁོ་བོས་བརྒྱབ།
- ང་ཁོ་བོའི་སློབ་མར་གྱུར་ནས།
- བཤད་མཁན་ལྔ་བ།རེད་རེད།
- ཆུ་རི་བྲག་རི་ཚང་མ་ངས་བྲིས་པ་རེད།
- ད་དུང་ནགས་ཚལ།
- དེ་མིན་གཞན་ཚང་མ་དགེ་རྒན་གྱིས་བྲིས་པ་རེད།
- དང་ཐོག་ངེད་གཉིས་ཀྱིས་འབྲི་དུས།
- ངས་དགེ་རྒན་ལ་རོགས་བྱེད་དགོས་པ་རེད།
- ངེད་གཉིས་ཀྱིས་ཤིང་རིང་པོ་འགའ་བཙལ་ནས།
- དེ་ཤིང་བཟོ་ཞིག་ལ་གཞོག་ཏུ་བཅུག་ནས།
- དེ་ནས་ངེད་གཉིས་ཀྱིས་སྒྲོམ་ཞིག་ལས་པར་ཉིན་གསུམ་འགོར་སོང་།
- དེ་ནས་སྒྲོམ་ལས་ཚར་རྗེས་རི་ཆུ་རྣམས་བཟོས།
- རི་ཆུ་རྣམས་བཟོས།
- བཤད་མཁན་གཉིས་པ།དེ་བས་ཚང་མས་དེར་དགའ་བསུ་ཧ་ཅང་ཐོབ།
- རང་བཞིན་གྱི་ཕྱུགས་རྫི་ཞིག་གིས་ལག་རྩལ་འདི་འདྲ་འདོན་ཐུབ་པ་འདི་ཧ་ཅང་ཡ་མཚན་ཆེ།
- ལྷག་པར་དུ་ང་ཚོ་བོད་ཀྱི་རང་བཞིན་གྱི་མི་སེར་ཞིག་གིས།
- སྣུམ་ཚོན་འདི་འདྲ་ཞིག་ཤེས་པ་འདི་ཧ་ཅང་ཡ་མཚན་ཆེ།
- ཚང་མའི་བསྔགས་བརྗོད་ཐོབ།
- ཨ་སྡེར།བྱེ་མ་འདི་ཚང་མ་ཆུའི་ནང་ནས་བླངས་པ་རེད།
- ཁྱེད་ཚོའི་སྨན་བཀོལ་སྤྱོད་བྱས་མྱོང་།
- མེད།
- ཉིན་ཁ་ཤས་ལ་བཀོལ་སྤྱོད་བྱས།
- ཁྱེད་ཚོའི་སྨན་ཉུང་ཙམ་མ་གཏོགས་མེད།
- སྨན་བཅོ་ལྔ་མ་གཏོགས་མེད་པས་མི་འདང་གི།
- ང་ཚོ་ཞིང་གྲོང་གི་དཔལ་འབྱོར་གྱི་ཆ་རྐྱེན་ཞན།
- སྐད་ལ་བལྟས་ན་འདར་འདར་ཞིག་རེད།
- ཁྱེད་ཚོ་སོང་དུས་ཁྱོད་ལ་ཁབ་རྒྱག་ཏུ་བཅུག་ཟེར་རམ།
- ལོ་གསར་ལ་དཀའ་ངལ་ཆེ།
- ཁྱིམ་ཚང་ཕྱུག་པོ་ཚོ་དང་གོ་ས་ཡོད་མཁན་ཚོ།
- དེ་ཚོའི་ཧམ་པ་འདྲ་ཞིག་བྱིས་པ་ཚོར་ཡང་དེའི་ཚོད་ཀྱི་ཧམ་པ་ཡོད་ཀི།
- དེང་སང་སྤྱི་ཚོགས་ཀྱི་སྟེང་དུ་བྱིས་པ་དེ་འདྲ་ཡོད།
- སྤྱི་ཚོགས་ནགས་པོའི་ནང་དུ་ལས་བཞིན་པ་གཙོ་བོ་དེ་ཚོ་རེད།
- མི་སྡུག་པོ་ཞིག་མགོ་ཁྲིད་ལ་བསྡད་ནས་གཅིག་འཛིང་ན།
- [གསལ་བོ་མིན་པ]
- འདུག་ས་འདི་ལོག་ཨེ་འགྲོ་བསམ་པ་མ་གཏོགས།
- འདིའི་མི་ཆོག་པ་མེད།
- [གསལ་བོ་མིན་པ]
- དེ་ན་ཨེ་ཡོད་བལྟས།
- མེད་ན་བཟང་བོ་དག་ཡོད།
- དེ་མེད་ན་རིན་གོང་སླ་མོ་བྱེད་བཞིན་པ་ཨེ་ཡོད་བལྟས།
- [གསལ་བོ་མིན་པ]
- བཤད་མཁན་བཅུ་གཉིས་པ།སེམས་ཆུང་བྱེད་མཁན་ཞིག་ཡིན།
- བདེན་རྫུན་མི་ཤེས།
- ངས་འདི་ཤེས་དགོས་ཟེར་མཁན་ཞིག་ཡིན།
- བརྙན་འཕྲིན་ལ་བལྟས་ན་ཅིག་ན་ཅིག་དང་མིག་ན་མིག
- ཁ་རོག་གེར་སྡོད་དང་དེ་ལྟར་མ་བཤད།
- བཤད་ཉན་པ་མ་རེད་གོ་ཉན་པ་མ་རེད་ཅེས།
- དེ་འདྲ་བཤད།
- ཨ་སྡེར།དེ་ཉིན་ཞིག་ལ་བརྙན་འཕྲིན་ནང་དུ་གཏོང་བཞིན་འདུག
- མདོ་ཞིག་ལ་བུད་མ་མྱོང་བར་ལུང་མགོ་ཞིག་ཏུ་བསྡད་པའི།
- བྲག་ནང་ནས་ཚུར་ལ་ཡོང་།
- མདོ་ཞིག་ལ་ཚེ་གང་བོར་བུད་མ་མྱོང་བ་ཞིག
- [གསལ་བོ་མིན་པ]
- ཁོ་ཚོས་དེ་དྲན་ཡོད་རྒྱུ་རེད།
- གོ་རྒྱུ་རིག་རྒྱུ་མང་བས་སེམས་ལ་དྲན་རྒྱུ་ཡང་མང་རྒྱུ་རེད།
- འདི་རེད་ལ།
- བཤད་མཁན་ལྔ་བ།ཨེ་རེད།
- ཨ་སྡེར།འདི་ཡག་པ་རེད།
- དེའི་ཡན་ན་ཡག་པ་ཡོད་དམ།
- འདི་ཡག་གམ།
- འདི་ཐུ་ས་རེད།
- འདི་ཡང་ཅིག་ཐུ།
- བཤད་མཁན་ལྔ་བ།འདི་སྟོབས་ཀི།
- ཨ་སྡེར།འདི་ཐུའམ།
- བཤད་མཁན་ལྔ་བ།ཐུ།
- ཨ་སྡེར།འདི་ཐུ།
- འདི་དཔེ་ཞིག་བཞག་ན།
- ཁོར་ཡུག་ལ་བལྟས་ན་དལ་འབྱོར་གྱི་གྲུ་གཟེངས་སྟེང་ལ་བུད་དང་ངེད་གཉིས་འགྲོ་ཞེས་པ་དེ་རེད།
- ཅིག་ལ་འགྲོ་མཁན་ཞིག་ལ་འདི་རྟེན་འབྲེལ་ཞིག་ཏུ་ལོག་ཡོད་པ་རེད།
- [གསལ་བོ་མིན་པ]
- ངས་བྲིས་པ་རེད།
- འདི་ཚོས་བཤད་ན་བུད་མེད་རྣམས་ལ་ཡོན་ཏན་མང་པོ་ཡོད་ཟེར།
- བཤད་མཁན་ལྔ་བ།བཤད་རྒྱུ་མེད།
- ཨ་སྡེར།ཁྱིམ་གྱི་བུ་མོ་བྱེད་དུས་གཡོག་མོ་ཡང་ཡིན་པ་རེད།
- འབྲུ་དྲུག་བཟང་བོ་འདེབས་སའི་ས་ཞིང་ཡང་ཡིན་པ་རེད།
- [གསལ་བོ་མིན་པ]
- དེ་མེད་དུས་ཆད་ཐུབ།
- འཇིག་རྟེན་ནས་སྐྱེ་བ་ལེན་དགོས་ནའང་།
- བུད་མེད་རྣམས་ཀྱི་ལུས་ནས་མ་གཏོགས་མི་ལུས་ཤིག་མི་ལོན།
- བུད་མེད་རྣམས་ལ་མར་བཤད་བྱེད་རྒྱུ་མེད།
- ང་རང་བུད་མེད་རྣམས་ལ་དགའ་ལ་བུད་མེད་རྣམས་ལ་སྤྲོ།