Skip to main content Skip to search
31 Jan 2012
41 min 8 sec
Video Overview
Creators: 
Columbia University, Tibetan Academy of Social Sciences, Tibet University, University of Virginia

In this video, Dorjé discusses how he followed his family’s trade in blacksmithing, his training as a blacksmith in the 1970s, his return to Chö, and changes in the economic livelihoods of Chö residents from the old to new societies.

Transcript search
No results found for this search
0 of 0
  • སྐྱེས་པ་
    ལྟ་ཕ་མའི་དུས་ནས་བྱས་སོ་སོ་ལྕགས་བཟོའི། གཙོ་གནད་ད་ལྕགས་བཟོའི་ལས་ཀ་བྱེད་ཀྱི་ཡོད་རེད། ཕ་མའི་དུས་ནས། དེ་ནས་ཟངས་བཟོ་གཏོད་ཡག གསེར་བཟོ་གཏོད་ཡག དངུལ་བཟོ་གཏོད་ཡག
  • ལྟ་འདིའི་ནང་ནས་སོ་སོའི་སྤོའོ་ལགས་ཟེར་དགོས་ཀྱི་རེད་པ་ལྟ། སྤོའོ་ལགས་དུས་སུ་ཆ་བཞག་ན་སྔོན་མ་རྩེ་ཐང་ཆ་བཞག་ན་ཨིན་ནི་ཨིན་མཛད་ཟེར་ཡག་ཅིག་ཡོད་བ།
  • ལྟ་ལོ་རུ་ང་ཚོའི་རྩ་་་དགོན་པའི་བཤད་ཚུལ་བྱས་པ་ཡིན་ན། འདི་དབུ་མཛད་ཚེ་རིང་་་ཟེར་ཡག་ཞིག་ཡོད་རེད། དེ་ཚོ་དབུ་མཛད་མིང་ཐོབ་པ་བྱས་དེ་ནུ་རུ་ཆ་བཞག་པ་ཡིན་ན། དབུ་མཛད་ཚེ་རིང་བུམ་པ་ཟེར་བ་་་ཤན་ཁོ་འདི་སྤྱི་ཚོགས་རྙིང་དུས་ལ་ལྟ་གྲྭ་ཚང་ནས་མི་་་འདི་པ་བར་མི་དང་འགལ་བའི་ལས་ཀ་བྱས་བྱས་་་ཉེས་དག་དེ་འདྲས་བཏང་། ལྟ་རྒྱག་པ་གཏོང་ཡག་ཡིན་ནའི་འདྲ།
  • རྟ་ལྕགས་གཏོང་ཡག་ཡིན་ནའི་འདྲ། ལྟ་ང་ཚའི་ཨིན་ཤན་འདི་གས་འདི་ཐེབས་པའི་གཞུག་གུ་ལ་ཡང་འདི་གས་གཞུག་ལ་འཐད་བྱས་གཞུག་གུ་རྒྱག་ན་ཡང་འདི་པ་མཆོད་ཆང་དང་ཞེ་དྲགས་བསྐྱལ་དགོས་་་།
  • ལྟ་ནམ་རྒྱུན་ནས་ལག་ཤེས་ཡག་པོ་གནང་བྱས་ལྟ་མི་མིའི་འདི་རེས་སང་ང་དང་ཆ་བ་མི་མང་ཚོགས་མདུན་་་མ་བཏང་མི། ལྟ་མར་ཆ་བཞག་ན་མར་མར་མར་ཨིན་ནི་དབུ་མཛད་ཟེར་ཡག་དེ་ལྟ་ལྷོ་ཁའི་རྒྱུད་འདའི་འདི་བ།
  • རྩེ་དྲུང་ཡིན་ནམ་ཀྲུང་གོ་ནང་ངས་འདི་ཤེས་ཀྱི་མི་འདུག རྩིས་དྲུང་ཡིན་ནམ་་་གོ་སོང་། ལྟ་འདིའི་་་་སང་ཁོ་འདི་ཨེ་རི་ཆུ་ལྷོ་ཁ་བརྒྱུད་བྱས་ལྟ་མི་དེ་རུ་གཞུང་ནས་བཅོས་བསྒྱུར་བྱས་ཁུངས་དེ་གཞུང་འབྲུ་དེ་འབྲུ་ཡར་ཚུར་། སྒེར་པའི་འབྲུ་ཟེར་ཡག་ར་པོ། ཀླུ་ཁང་འབྲུ་ཟེར་ཡག་ར་པོ། ལོ་ཚོ་འབྲུ་འདི་གཞུང་ནས་བཅོས་བསྒྱུར་བྱས་བྱས་འདི་ནས་ལག་ཤེས་བཟོ་ལྟ་ཤིང་བཟོ་ནས་ལྕགས་བཟོ་ནས་ཡུག་མུར་རུབ་རུབ་བཟོས་བྱས་འདི་ནས་བཞེངས་རྒྱོག་བ།
  • འོ་འདིའི་སྐབས་དུས་འདི་ནས་འོ་ཤིང་བཟོ་ཆེ་མོ་དེ་དང་། ལྕགས་བཟོའི་ཆེ་མོ་ཡུར་རུ་འོ་གདན་བཀྱག་བཟོ་ལྟ་བརྒྱབ་བྱས་ལྟ་དཔེ་དེ་ཚོ་བཟོས་བྱས་མར་ཤོག་བུ་ནང་བྲིས་བྱས། དེ་ནས་བཟོ་མཁན་འདི་གས་ལྟ་ཅོག་གོ་འདི་གས་ཀྱིས་བཟོ་དགོས།
  • ལྟ་འོ་འདུག་སེ་བྱས་འདི་གོ་དུས་དེ་ནས་མི་བཟོ་མཁན་དེ་ཚོའི་ནང་ལྟ་ཡག་པོ་མ་བྱུང་བ་དང་གཅིག་དང་བྱས་ནས། དེ་ནས་ཉེས་ཏག་བཏང་། དེ་དུས་སྐབས་མི་སྤྱི་ཚོགས་རྙིང་པ་ཡིན་ཙང་ཉེས་ཏག་བཏང་། ཤི་ནའི་མི་དེ་ལ་ཕང་སེམས་མེད་པའི་བཟོ་ལྟ་ཞིག་ཡོད་ན་མི།
  • འོ་འདུག་སེ་བྱས་བྱས་ལྟ་སོ་སོའི་འདི་སྤོའོ་ལགས་དུས་ནས་ལྟ་སྐད་གྲགས་བཟོ་འོ་འདུག་་སེ་ཡོད་རེད་ལྟ། ལྟ་དེ་ནས་ཚུར་ཚུར་ཚུར་བྱས་ལྟ་སོ་སོ་དུས་རིམ་ཆ་བཞག་ན་དམངས་བཅོས་བསྒྱུར་བོད་ལ་དམངས་གཙོ་བཅོས་བསྒྱུར་བཏང་བྱས་འདི་ལྟ་མི།
  • མོའོ་ཀྲུའུ་ཞིས་བོད་ལ་བཅིངས་བགྲོལ་བཏང་ནས་འདི་གས་གནང་བ་དེའི་ནང་ཆ་བཞག་ན། ལྟ་མི་ལག་ཤེས་ཤིག་མེད་ན་འཚོ་བ་མ་མི་སྐྱེལ་ཡག་གི་ཁོའི་འདིའི་བཟོ་ལྟ་ཞིག་དགོས་ཀྱི་ཡོད་ན་མི།
  • འོ་འདུག་སེ་བྱས་བྱས་སོ་སོས་ལག་ཤེས་བཟོ་མི་རྒྱུད་འཛིན་བཟོ་ལྟ་བྱས། ལྟ་དང་པོ་མི་འདི་པ་རྒྱའི་ནང་ཆ་བཞག་ན་ཕྲུ་གུ་མང་པོ་བྱས། ཕྲུ་གུ་བུ་བདུན་དང་བུ་མོ་བདུན་ཡོད་རེད། ཕྲུ་གུ་ཆུང་ཆུང་རྐྱང་རྐྱང་། ཕ་མའི་མཉེན་ཚན་བཅུ་དྲུག་ཁུངས། འོ་འདུག་སེ་བྱས་ལྟ་འདི་འདིའི་རྩར་འདི་བ་བསླབ་གྲྭ་དང་ཞེ་དྲགས་འགྲོ་ཡག་གོ་སྐབས་ཞེ་དྲགས་མེད་པ་ལ། སོ་སོ་ལ་ཆ་བཞག་ནའི་དམངས་བཙུགས་སློབ་གྲྭ་ལའི་ཞེ་དྲགས་འགྲོ་ཡག་མ་བྱུང་།
  • འདི་པ་སེམས་ཅན་ར་འཚོ་ཀ་ཕྱིན། དེ་ནས་འདི་པ་ཕྲུ་གུའི། ཕྲུ་གུ་ཆུང་བ་དེ་ཚོ་སྒལ་པར་འཁྱེར་ཡག་དང་འོ་དེ་ཚོར་མགོ་འཁོར་བྱས་དེ་ནས་རིག་གནས་བཟོ་ལྟ་ཆུ་ཚད་ཞེ་དྲགས་མེད་པ་དང་།
  • ལྟ་འོ་འདུག་སེ་བྱས་འདི་ནས་རིག་གནས་ཞེ་དྲགས་མེད་ཙང་ལག་ཤེས་ལ་བརྟེན་བྱས་དེ་ནས་སོ་སོས་དང་པོ་ར་འདི་ལྟ་འཕྱོངས་རྒྱས་ཤན་གྱི་ཕུ་རུ་འདི་ལྕགས་བཟོའི་སྒྲིག་འཛུགས་ཤིག་བཟོ། བཟོ་འོ་འདི་དུས་གོ་དུས་ཕར་བར་དེ་བདུན་བཅུའི་ནང་ཁུལ་འདི་པ་ཞིག་ཡིན་བ།
  • འུ་རུ་ལྕགས་བཟོའི་འདི་ཞིག་བཟོས་ནས་ལྕགས་བཟོ་འདི་གཞུག་གུར་ཁུངས་གང་ཡང་མེད་རྒྱོག་ཡང་། བཟོས་པ་སྒྲིག་འཛུགས་འདི། བཟོས་བྱས་ལྟ་སྒྲིག་འཛུགས་འདི་མི་འགན་འཁྱེར་མཁན་དེ་ཚོ་ཡག་པོ་མེད་པ་མི། དེ་ནས་འོ་ཚོའི་བཟོ་ལྟ་དགེ་ཕྲུག་ཡོད་པ། དགེ་ཕྲུག་དགུའི་ནང་ནས་ཕྲུ་གུ་བརྒྱད་ཀྱིས་རྐྱ་མ་ར་བརྐུས་ཡག་པོ་མ་བྱས་པ་བྱས། རེ་ཙ་རེ་ཙ་བསློགས་ཀོ
  • ང་གཅིག་པུ་བསྡད་པ་གཞུག་གུ་ལ། ང་གཅིག་པུ་བསྡད་ནས་ཤན་གྱི་འོ་འདི་རུ་བཟོ་ཁང་འདིའི་འགོ་འཁྲིད་ར་དེས་དེའི་ཤན་གྱི་ལྟ་འདི་ཟེར་དགོས་པ་ན། འོ་ཀུང་སིའི་དེ་དུས་ཀུང་བཟོ་ལྟ་་ ་་་མཉམ་ལས་ཁང་ཞིག་བརྒྱུད་སྤྲོད་བྱས། འོ་འདི་གས་འདི་འགོ་འཁྲིད་འདི་གས་ལ་་་བཟོ་ཁང་འདི་ཟིན་སྡོད་ཟེར།
  • དེ་ནས་ད་དུས་སྒང་ལ་ང་ལོ་ཡང་ཆུང་ཆུང་བ་ལ་དེ་ནས་འདི་་་མ་བྱས་ནས་ཁྱོད་རས་ཟིན་ན་ཡག་ཤོས་ཡོང་ཟེར་ངོ་རུ་ལྟ་འདིའི་དཀྱིལ་ནས་ཕྲུ་ཀུང་ནང་ནས་ཁྱོད་ར་ཡག་ཤོས་འདུག་ཟེར། གནང་བྱས་དེ་ནས་ང་ཕུ་ལ་བསྡད་ཡག་འདི་བྱས་པ།
  • འདི་བྱས་ཙང་ངས་ཆུས་ཆུས་ནས་ཁྱོད་ར་ཡིན་ཅིག་མིན་ཅིག་ཚུར་ཡོང་དགོས་ཟེར། ཕར་བསྡད་ན་འགྲིག་མ་བ་ཟེར། དེ་ནས་ངས་ཚུར་ཡོང་བ། ཚུར་ཡོང་ནས་ཆུས་ཆུས་ལ་སླེབས་པ་དང་། ཕར་ཕར་ངས་ལག་ཤེས་གལ་སྦྱངས་མེད་པ། དེ་དུས་སྒང་ལ་ཆུང་ཆུང་བྱས་ངའི་པ་ཕ་ནི་གཤགས་ཚར་པ་ན།
  • འོ་འདུག་སེ་བྱས་བྱས་དེ་ནས་དེ་ཆུས་ཆུས་འདི་རུ་ད་ལྟ་འདིར་ཟེར་མཁན་ཞིག་ཡོད་པ། ཀྲུང་ཧུའུ་ཆི་ཟེར་མཁན་ཞིག འོ་འདི་གས་ཁྱོད་ཨེ་ལས་ཤེས་པ་དེ་ཁྱོད་རས་ཅིག་ཟ་ཅ་ལག་འདི་ཁྱོད་རས་བཟོས། དེ་ནས་ལྕགས་བཟོ་དང་འདི་པ་ཉོས་བྱས་ཁྱོད་ཆུས་མར་ཡོང་བྱས་ཁྱོད་རས་བཟོས་ཤིག
  • ཨཱ་ནི་ངས་རྟགས་ཛོ་ཛོ་བྱས་བཟོས། ཨཱ་ནི་དེ་རིང་སང་ལྟ་མི་སོ་སོའི་འདི་ཅ་ལག་རྣམ་གྲངས་ཁག་བྱས་ན་ཞིང་པའི་ནང་ཐོན་སྐྱེད་དགོས་མཁོ་ཡིན་ནའང་འདྲ་མཚོ་བའི་དགོས་མཁོ་ཡིན་ནའང་འདྲ་དེ་པ་ཡོངས་རྫོགས་ངས་བཟོ་མི་ཐུབ་གང་མེད།
  • ལྟ་གཙོ་གནད་དེ་འདིའི་ནང་ནས་ང་ཚོའི་འགག་རྩ་ར་གཅིག་ལྟ་འཕྲུལ་ཆས་འདི་གས་ཉམས་བཟོ་བྱེད་ཀྱི་ཡོད་རེད་ལྟ། བཟོ་བཅོས་རྒྱག་ཡག་དང་ཉམས་བཟོ་བྱས་ཡག་ལྟ་མི་གང་ག་འཕྲུལ་ཆས་ར་འདི་ཉོས་དཔེ་ཤག་སིལ་མ་ཡོད་པ་འོ་འདི་བུ་ལོན་བཟོས་བྱས་དེ་ནས་འཕྲུལ་ཆས་འདི་ཉོས།
  • དེ་འཕྲོ་བརླགས་ཕྱིན་པ་དང་ལྟ་བཟོ་མཁན་མེད་ན་ཤར་ཀྱག་རྩེད་ཐང་ལ་འགྲོ་དགོས་ན། རྩེད་ཐང་ལ་ཕྱིན་སོང་ན་འཕྲུལ་ཆས་དེ་ད་རེས་མར་ཕྱིན་པ་ཡིན་ན་གླ་ནི་མེད་པ། མུ་རུ་དེ་བཟོས་པའི་གླ་ཞིག་སྤྲད། མེ་དེ་རིང་སང་ཁྲོམ་རྭའི་བེད་སོང་ཙང་ཁུངས་ཐུབ་པ་བཟོ་གི་མེད་བ། དེ་རྦད་བཟོས་བྱས། འོ་འདུག་སེ་བཟོས་བྱས།
  • ལྟ་འདི་ངས་འ་ལྟ་འོ་འདུག་སེ་བཟོ་ཡག་འོ་འདི་ང་་་གང་ཚང་ཉོ་ཡག་དེ་གུང་ཁྲན་ཏང་གི་བཀའ་དྲིན་བ། གུང་ཁྲན་ཏང་གིས་བོད་ལ་བཅིངས་འགྲོལ་བཏང་ནས། གང་བྱས་འོ་འདི་ཁ་ཐུག་བ་སྤྱི་ཚོགས་རྙིང་པའི་སྐབས་དང་ཆ་བཞག་ན་མི་༧རྒྱལ་བ་རིན་པོ་ཆེ་དང་རྩེ་ཕོ་བྲང་ལ་བཞུགས་པ་མི།
  • མང་ཚོགས་ལ་མི་ཁོ་སྐྱོབས་གསོ་བརྟེན་ཡག་མེད་པ། འགན་ལེན་ལྔ་ཟེར་ཨེ་འདྲས་གསུངས་ཡག་མེད་པ་མི། གུང་ཁྲང་ཏང་གིས་བོད་ལ་བཅིངས་འགྲོལ་བཏང་ནས་འ་[ད་]ལྟ་བར་དུ་སྐྱོབས་གསོའི་འདིའི་འོག་ལ་ཁག་གཅིག་མི་སོ་སོ་ཕ་མས་གསོ་མཁན་མེད་ལ་འགན་ལེན་ལྔ་སེ་བྱས་བྱས་རྒྱལ་ཁབ་ཀྱིས་ལྟ་རྟོག་བྱས་བྱས་གསོས་པ་ན་མི།
  • ལྟ་འདི་ནང་བཞིན་དེ་རེས་ཁ་མི་སྒེར་གཅིག་གིས་ལྟ་མི་འདི་མང་ཚོགས་ཆེད་དུ་ལས་ཀ་བྱེད་ཡག་བྱུང་ན་འདི་རྣམ་པ་ཡིད་ཆེས་ར་ཞེ་དྲགས་ཉུང་མི་ནུས་སང་འདི་རྦད་ད་ཁོ་ར་སོ་སོའི་ལས་ཀ་བྱེད་ཡག་མང་ཚོགས་ཁོ་རའི་སྒང་ལ་ལྟ་ཁ་ཕྱོགས་དང་མ་སོང་ནའི་མང་ཚོགས་ཁོ་རའི་སྒང་ལ་བཏང་བཞག་ཡོད་ལྟ། ལྟ་འདི་ལ་ཆ་བཞག་ན་མི་སྒང་ནས་མི།
  • ལྟ་ལྕགས་བཟོ་གཏོང་མཁན་ངོས་ནས་ཆ་བཞག་ན་ལྟ་ཁོ་འདི་ལྕགས་བཟོ་གཏོང་ཡག་ཟེར་ཡག་དེ་ཁོ་ཆང་རག་བཏུང་ཡག་མི་འདུག་ཁོ་ཡང་། ལྟ་ལྕགས་བཟོ་གཏོང་མཁན་ཟེར་ཡག་འདའི་ཁོ་ཆང་རག་བཏུང་བ་ཡིན་ན་མང་ཚོགས་ཀྱི་ལས་ཀ་ཞིག་བྱས་མི་ལག་ཅིག་བསྐྱལ་མི་ནང་ལྟ།
  • ཚུར་ཡོང་ནའི་འདྲ། སྔ་ཐོག་ལས་ཀ་ཨ་ནི་ཟེར་ཀ་བྱས་དེ་ནས་གང་ཚང་ཞིག་ལ་ཆང་འཐུང་། ཆང་འཐུང་ཙང་འདི་འོ་ཨཱ་ནི་མི་འདོད་པ་ཆེན་པོ་ཡོད་ནའི་གླ་འདི་ཉིན་གང་དགོས་ཡག་བྱས། དགོང་དག་ཆང་འདི་བཏུང་འདི་འོ་ལས་ཀ་ལྟ་ཕ་གིར་ཡག་པོ་མ་བྱས་པ་བྱས། དེ་ནས་མི་གིས་མིའི་མི་གཅིག་པུ་དེ་མི་རང་ཨེ་བྱས་པ་དང་མི།
  • ལྟ་འདུག་སེ་འདུག་སེ་བྱེད་མཁན་ཞེ་དྲགས་ཡོད་རེད། ལྟ་བོད་པའི་མི་ཟེར་མཁན་དེ་ཆང་རག་འཐུང་ཡག་དེ་དགའ་པོ་རེད་པ། ལྟ་ཁོ་འདི་ཞིག་ཁ་ལ་ཚུད་ཚར་སོང་ན་ལས་ཀའི་མཚམས་བཞག་པ་ན། ལྟ་སོ་སོར་ཆ་བཞག་པ་ཡིན་ན་ཉམས་མྱོང་འོ་འདི་གནང་བྱས་ཆང་རག་ཟེར་མཁན་དེ་ཁ་ལ་གང་གུ་ཞིག་མེད།
  • ཆང་རག་ཁ་ལ་ཕྱིན་མེད་མང་ཚོགས་ལས་ཀ་བྱེད་ཀ་ཡོང་ནའི་བསྡད་ས་ནས་དོ་དགོང་བར་དུ་ཧུར་ཐག་བར་ཐག་ཁོ་ར་བྱས་ནས་འདི་མི་གླ་གནང་བྱས་ན་མི། ཁ་ཤས་མི་དེ་འདོད་པ་ཁེངས་བ་ཞིག་བཟོས། དེ་མི་དེ་རང་ཁོ་མ་ཤེས་པ་དེས་ཤེས་པ་དེའི་རྩར་ཡོང་དགོས། དེ་ནས་ཕར་རྣམ་འགྱུར་ཡག་པོ་ཞིག་བསྟན།
  • ཨཱ་ནི་ངས་ལས་པ་བྱས་པ་དེ་ཚོ་ནི་མི་དེ་ལ་ལྟོ་གོས་འདུག འདི་འདི་ཡག་ག་བཟོ་དགོས་བསམ་པ་དང་། མི་འདི་ལ་ལྟོ་གོས་མེད་པ་སྡུག་པ་བཟོ་ག་བསམ་གང་མེད་པ། མི་གང་གས་ཟེར་བ་ལྟ་ཁྱེད་རང་རྡོ་རྗེའི་ལས་ཀ་དེ་དབྱེ་བ་སེ་གང་མེད་པ་ཟེར་པ་ལྟ།
  • འོ་འདུག་སེ་མི་སྔོན་མ་བྱས་ན་ལྕགས་བཟོ་གཏོང་ཡག་ཟེར་ཡག་དེ་སྡུག་ཅག་ཁུངས་ར་ཅིག་རྩིས་པ་ན་མི། ལྕགས་བཟོ་གཏོང་ཡག་དེ་རིགས་རུས་ནག་པོ་དང་། ཁ་མ་སྒྲིག་པ་དང་འདུག་སེ་ཟེར་བ་སྤྱི་ཚོགས་རྙིང་པའི་སྒང་ལ།
  • ལྟ་དེ་དཔེ་ཆ་བཞག་སོང་ན་འོ་འདུག་སེ་ཨིན་བེ་ཨཱ་ནི་ཨན་ལུགས་སྲོལ་ལྟ་ལས་ཀ་ཞིག་བྱས་བྱས་ལྕགས་ཀྱིས་ཧོབ་སྟེ་ཧོབ་སྟེ་ཚུར་བཏུབ་སོང་ན་རུས་ཁོག་དཀར་རྐྱང་དང་ཁྲག་དམར་པོ་རྐྱང་འདོན་པ་མ་གཏོགས་གཅིག་གིས་ཁོ་མི་ཁྲག་ནག་པོ་དང་རུས་ཁོག་ནག་པོ་གང་མེད་བ།
  • བྱས་ཙང་ངས་ཐེངས་གཅིག་ང་འཕྱོངས་རྒྱས་ཤན་[རྫོང་]ཁོ་རས་འདིའི་འཕྱོངས་རྒྱས་ཤན་ཡོངས་ཁོ་ར་ཉམས་མྱོང་སྤེལ་རེས་ཀྱི་འཚོགས་འདུ་ཞིག་ལ་བསྐོངས་གནང་བྱུང་། དེར་ཕྱིན་བྱས་ངའི་སྐེད་པའི་ལོགས་ནས་གྲི་བཏོན། ལག་པའི་སྒང་ལ་མཛུབ་མོ་བཤགས་བྱས་ངས་མང་ཚོགས་ཁོ་རའི་སྒང་ལ་བཏོན་དགོས་བསམ། དེ་དུས་ཁོང་རྣམ་ཚོས་གྲི་ལག་པ་ནས་འཕྲོག་གནང་ཤང་ཀྲང་[རྫོང་དཔོན་]དང་། ཨིན་ཅི་ཤང་ཀྲང་དང་ཟླ་བ་ཀྲུའུ་ཞི་དེ་ཚོས། འཕྲོག་གནང་སོང་།
  • ངས་ཟེར་ན་འདི་གསལ་པོ་བཟོ་དགོས་བ་ཟེར། འདི་སྤྱི་ཚོགས་རྙིང་པའི་བཤད་མཁན་གྱིས་བཤད། འཁྱེར་མཁན་གྱིས་འཁྱེར་བསྡད་ཡོད་རེད། དེ་ངའི་་་སླེབས་སོང་ང་ལ་འོ་འདི་ཤེས་མ་བྱུང་མ་གཏོགས། གལ་སྲིད་ཤེས་པ་ཡིན་ན་ངས་རྦད་དེ་ཁོ་ར་མི་དེ་གང་བྱས་ཁྲིམས་ཁང་ལ་འཁྲིད་བྱས་བཤད་ནུས་ཟེར།
  • དེ་བཀས་བཀོད་རྒྱུད་འཛིན་གྱི་བཟོས་པ་ཟེར། གང་བྱས་དེ་བཀས་བཀོད་རྒྱུད་འཛིན་གྱི་ཁོ་ལག་ཤེས་བཟོ་རིགས་ཟེར་ཡག་དེ་མི་རེ་རེར་མིང་འདྲ་མིན་སྣ་ཚོགས་རེ་བཏགས་བྱས་ཁོང་ཚོའི་གོང་ལ་ཤོར་དྭོགས་མི་དེ་མར་གནོན་ཅིག་ལ་མནན་བཞག་ཡོད་རེད།
  • ལྟ་སྔོན་མ་བཤད་ཚུལ་བྱས་ན་འདི་ཡོད་པ། ལྟ་སྤྱི་ཚོགས་འཕེལ་རྒྱས་མ་འགྲོ་བའི་རྒྱུ་མཚན་དེ་གང་ཡིན་ཟེར་ན། འོ་འ་ལྟ་འདི་དུ་ཡོས་རྔོད་ཡག་བྱེ་མ་འཚག་ཡག་ཅིག་འདུག་ན། བྱེ་མ་འཚག་ཡག་དེ་ནང་འཚག་དེ་བཟོས་པ་ཡིན་ན་བཟོ་མ་རུང་བ་ཟེར། དེ་ལ་ཨི་[ཁང་]ཁུང་ཇོག་ཇོག་ཡོད་པ་ཟེར།
  • ལྟ་ཡེ་རེ་ཁང་པ་བརྒྱབ་ཡག་གི་ས་ཕག་རྒྱག་ཡག་བག་སྒྲོམ་ཞིག་ཡོད་པ་ལྟ། ས་ཕག་མར་རྫོང་རྒྱག་བག་སྒྲོམ་བཟོ་མ་ཐུབ་པ་ཟེར། ལྟ་ཕར་ཚུར་མར་ལྕགས་ནུར་ཐེབས་པ་ཐག་པ་བཟོ་དགོས་པ་མི། ལྕགས་ནུར་་་མིག་བཟོ་་་པ་ཟེར། འོ་འདི་གས་བཤད་ཚུལ་ཡོད་པ་ལྟ།
  • ལྟ་འདི་ཤན་ཤོག་བུ་གང་གའི་ནང་འཛུགས་མ་རུང་བ་ཟེར། བླ་མ་འཁྲུངས་ན་མ་གཏོགས་འཛུགས་ཆོག་མ་རེད། ་་་རྒྱག་མི་རུང་བ་ཟེར་པ་ན་མི། ལྟ་དེ་ཚོ་དཔེ་ཆ་བཞག་འདི་ངས་ཁོང་ཚོས་བཟོས་དེ་ཁོང་ཚོས་ཆོས་བཟོ་ལྟ་ཞིག་ཨ་ནི་བྱས་བྱས་འདི་གས་ཟློག་པའི་ཁུལ་བ་ལྟ།
  • ལྟ་དེ་ཕར་བཏང་མི་གཅིག་པོ་དེས་བཟོས་མི་ཆོག་པ་ན་མི། ལྟ་དེ་ང་ཚོའི་ནུས་ཤུགས་དེ་དང་ཁོང་ཚོའི་འོ་མཛོ་དང་གཡག་བཏང་བྱས་འདི་འོ་འདི་བརྗེ་པོ་བརྒྱབ་བྱས་ལྟ་མི་སྔོན་མ་མང་ཚོགས་ཁོ་ཁྲལ་འུ་ལག་སྐྱེལ་དགོས་སོང་ཙང་ལས་ཀ་བྱེད་པ་སྐྱག་པ་ཤོར་ཤོར་བྱས་ནའི་རྩམ་པ་བྲེ་གང་དེ་ཡིན་ན་བྲེ་དོ་ཡིན་ན་འདི་མ་གཏོགས་གཅིག་གླ་སེ་གལ་གལ་མེད་པ་ན་མི།
  • ལྟ་ད་རེས་སང་བོད་བཅིངས་འགྲོལ་བཏང་ནས་གནམ་ས་བླ་འོག་ལྟ་བུའི་ཁོ་མི་འགྱུར་ལྡོག་དཔེ་མི་སྲིད་ཕྱིན་པ་ན། དེ་མིག་མཐོང་ལག་ཟིན་ཁོ་ར་ན་མི། ལྟ་འདུག་སེ་བྱས་བྱས་ཨཱ་ནི་དེ་ནས་མི་ཀྲུང་དབྱང་གིས་བོད་ལ་ཐུགས་འཁུར་ད་ག་ར་པོ་མི་འགྱུར་བ། དེ་ནས་མི་རང་སྐྱོང་ལྗོངས་ཡིན་ནའི་འདྲ། ས་ཁུལ་ཡིན་ནའི་འདྲ། ལྟ་མི་རྫོང་ཡིན་ནའི་འདྲ་མར་རིམ་བཞིན་རིམ་བཞིན་བྱས་བྱས་ལྟ་མི་རྦད་ད་ཁོ་ར་མང་ཚོགས་སྔར་དང་མ་འདྲ་བའི་ལྟ་འདི་པ་ཕར་ཤང་གྲོང་[རྫོང་དང་གྲོང་གསེབ་]ཡིན་ནའི་འདྲ། དེ་ཚོའི་ལམ་ཀ་ཡིན་ནའི་འདྲ། གློག་ཡིན་ནའི་འདྲ། ལྟ་ཤར་གཏོང་གསུམ་དེ་ཚོའི་ཐོག་ལ་ལྟ་དཔེ་མི་སྲིད་པའི་ཡར་ནས་མར་ཐུགས་འཁུར་གནང་བྱས།
  • ལྟ་འདི་ཁོ་གང་ཡིན་ཟེར་ན་མི། ལས་སླ་པོ་ཞོར་ལ་ཞོར་ལ་བསྒྲུབ་ཐུབ་ཡག་མེད་པ་མི། ཡར་ནས་མར་རིམ་བཞིན་རིམ་བཞིན་བྱས་ཡོང་དགོས་ན་མི། ལྟ་ཡ་གིར་ཁྱིམ་ཚང་གཅིག་ལས་ཀ་ཞིག་བྱས་ཡག་ཡིན་ནའི་ཁོ་མི་ཨེ་ལས་འདི་པ་ཕར་རྒྱུགས། ཚུར་གཅིག་ཚར་ཕྱིན། དེ་གས་ཧྲིག་ཏ་བྱས་པ་དང་། གཞུག་གུ་འདའི་གཞི་ནས་བརྒྱབ་པ་ན་མི།
  • འོ་འདི་ནང་བཞིན་བ་ན། ལྟ་མང་ཚོགས་བྱས་ན་འགའ་ཤས་ཀྱིས་རྣམ་གྲངས་ཡར་པ་རྒྱལ་ཁབ་ནས་ཡར་ནས་མར། དེ་ནས་ཀྲུང་དབྱང་ནས་ཐུགས་འཁུར་འགྲན་མེད་ཀྲག་འདི་པ་སྐྱག་རྫུན་ཤོད་རྒྱུ་དང་མང་ཚོགས་འོ་འདུག་སེ་ཟེར་མཁན་ཞེ་དྲགས་འོ།
  • ཡར་པ་ལྟ་མི་འདི་མི་མང་ཚོགས་ཁག་ཅིག་མི་གང་ག་གོ་རྟོགས་་་། ལྟ་ཁོ་ཚོར་ཡོད་པ་ར་དེ་ཚོ་ལྟ་མི་རིམ་བཞིན་ཧ་གོ་པ་ན་མི། འོ་འདུག་སེ་བྱས་བྱས་ལྟ་སོ་སོ་རང་ཉིད་ཆ་བཞག་ན་འ་ལྟ་ལས་ཀ་བྱས་པའི་ནང་མི་ཡར་ནས་མར་མི་ཀྲུང་དབྱང་གི་སྲིད་ཇུས་ཁག་དང་། རང་སྐྱོང་ལྗོངས་སྲིད་ཇུས་ཁག ས་ཁུལ་ཡིན་ནའང་འདྲ། རྫོང་ཡིན་ནའང་འདྲ། རྫོང་དང་ཤང་དང་དེ་ཚོའི་སོ་སོའི་ལས་ཀའི་མཐོང་ཆེན་དཔེ་མི་སྲིད་གནང་བ། རྒྱབ་སྣོན་གནང་རྒྱུ་ཡང་།
  • འོ་འདུག་སེ་བྱས་བྱས་བྱས་སོ་སོས་མང་ཚོགས་འདི་ལ་མི་མ་བརྗེད་པ་བྱས་བྱས་ལྟ་གང་ལྟར་མི་ཆོས་ཟེར་ཡག་དེ་བྱས་བྱས་མི་རེའི་ཁྱིམ་ཚང་ནས་སྒེར་པ་ཞེན་ཁོག་བྱས་བྱས་གྲྭ་ཚང་དང་དགོན་པ་འདི་པ་ཕྱིན་བྱས་མེད་པ་འདའི། བྱ་སྤྱོད་ངོ་མའི་ཐོག་ནས་ལྟ་མི་སེམས་བཟང་ན་ས་དང་ལམ་ཡང་བཟང་། སེམས་ངན་ན་ས་དང་ལམ་ཡང་[ངན།]
  • ལྟ་གཙོ་བོ་དེ་སེམས་ལ་རག་ལུས་བསྡད་ཡོད་པ་ན་མི། དེ་འོ་འདུག་སེ་བྱས་བྱས་སོ་སོའི་བསམ་བློའི་ཐོག་ནས་ལྟ་མི་སེམས་ཐག་གཙང་བཅད་ཀྱིས་ལྟ་ཏང་དང་མང་ཚོགས་ཆེད་དུ་འ་ལྟ་བར་དུ་ལས་ཀ་འོ་འདུག་སེ་བྱས་བསྡད་པ་ཡིན་ལ། ཕྱིས་བྱུང་འོ་ད་ག་རང་ཁོ་ར་བྱེད་རྩིས་རང་ཡོད།
  • སོ་སོའི་ཕྲུ་གུ་ལའི་སློབ་གསོ་འོ་འདུག་སེ་རང་རྒྱག་ཆོག ལྟ་ངའི་ཕྲུ་གུ་གཅིག་བ་འདི་གིས་ཡང་འདི་པ་ཕར་ཁྱིམ་ཚང་མང་པོ་ཞིག་གིས་ཟེར་གྱིས། ཁོང་ཚོའི་ཕྲུ་གུ་ཨར་པོ་ལྟ་ཕྱིན་ཡག་པོ་མ་བྱས་དུས་ཨ་ཇོ་ཚེ་རིང་རྡོ་རྗེའི་སློབ་སྦྱོང་ཞུས་རྐྱང་རྐྱང་ཟེར་བོ།
  • ངའི་ཕྲུ་གུ་བལ་བལ་རྐྱང་ཞིག་ཡོད། ཁོ་ལག་རྩལ་ཆ་བཞག་ན་ཁག་ཅིག་གི་ཐོག་ལ་ང་ལས་ཞེ་ག ལྟ་འཕྲུལ་ཆས་དང་དེ་ཚོ་ནི་བཟོ་མ་ཐུབ་པ་སེ་གང་མེད་པ། འདི་པ་སྦག་སྦག་ཡིན་ནའི་འདྲ། འདི་མོ་ཊའི་འདི་པ་ཡིན་ནའི་འདྲ། དེ་ནས་ཡར་ཀ་ཡིན་ན་འདྲ། གློག་ར་ཁོག་ཡིན་ནའི་འདྲ། འགྲོ་སྟངས་ཡིན་ནའི་འདྲ་ལྟ་དེ་རིང་སང་མི་ཚན་རིག་ལ་བརྟེན་བྱས་མི་འཕྲུལ་ཆས་མང་པོ་ཞིག་བཏོན་གྱི་ཡོད་ན་མི།
  • ལྟ་དེ་ཚོ་སྔོན་བྱུང་ནང་བཟོ་བཅོས་རྒྱག་མཁན་མེད་ན་སྔོན་བྱུང་ནང་འཕྲོ་བརླགས་ཕྱིན་སོང་ན་འདུག་སེ་ཙོག་ཀེར་སྡོད་པ་དེ་ཨེ་ལས་རྩེད་ཐང་ལ་འགྲོ་དགོས་རྟག་པར་མི། རྩེད་ཐང་ལ་ཕྱིན་སོང་ན་དེ་ནས་འོ་འདི་མ་རུ་གཅིག་ཉོ་ག་བྱས། དེ་ཉོས་པ་དང་དེ་རིང་སང་ཅ་ལག་་་་ཨེ་རེ་བཟོ་དགོས། བཟོས་བྱས་འགའ་ཤས་ཅ་ལག་རྐང་གཅིག་ཤོག་བུ་ཤ་སྟག་དང་། ཤོག་བུས་ཨེ་འདྲས་དཔེ་བྲིས། ཤོག་བུ་ཕར་འདྲ་དེ་ནང་བཞིན་ཚུར་བསྐུར་ཕར་བསྐུར་ཨ་ལག་ཤེས་སོང་ན་དེ་ནས་དེ་ལྕགས་ཁང་ལ་བསྐུར་བྱས་འོ་འདུག་སེ་བཟོས་བྱས་བ།
  • ལྟ་དེ་ཚོ་ངའི་ལས་ཀ་མང་ཆེ་བ་ལྟ་གསར་གཏོད་བྱས་པའི་བཟོ་ལྟ་བ། གསར་གཏོད་བྱས་པའི་བཟོ་ལྟ། ལྟ་སྔོན་ན་གཅིག་དཔེ་ཆ་བཞག་ཅ་ལག་མི་སྤྱི་ཚོགས་རྙིང་པའི་སྐབས་ནས་བོད་ཀྱི་ཁོ་རའི་གོམས་གཤིས་གཞིར་བཟུང་བཟོ་དགོས་ཡག་དེ་ད་ག་བཟོ་གི་བ། ལྟ་འདི་ནས་ཁག་ཅིག་འགྱུར་ལྡོག་གཏོང་རྒྱོག་ལྟ།
  • གང་ཡིན་ཟེར་ན། སྔོན་མ་ཅ་ལག་ཁག་ཅིག་བེད་སྤྱོད་རང་འགྲོ་གི་མེད་པ་མི། བཟོ་མ་ཐུབ་པ་བྱས་ཡང་བེད་སྤྱོད་གང་མེད་པ། ཨེ་རི་སྔས་མ་དེ་ཁོ་གང་ཟེར་རྙིང་པ་ཐམས་ཅད་ལྷ་ཡི་ཚུལ་དུ་བཞག གསར་པ་ཐམས་ཅད་བདུད་ཀྱི་ཚུལ་དུ་བཞག ཟེར་ཡག་ཅིག་འདུག་ག གསར་གཏོད་བྱེད་ཡག་དེ་ལྟ་མི་བདུད་བ་ཟེར་ཡག་རྒྱ་མིའི་་་ཟེར་ཡག་བ་ན་མི་སྤྱི་ཚོགས་རྙིང་སྒང་།
  • དེ་འདི་པ་རྙིང་པ་ཞིག་རྦད་དེ་ཁོ་ར་ཁོ་རྙིང་པ་བ་བྱས་ཁོ་སྤྱི་ཚོགས་སྒང་ལ་བེད་སྤྱོད་གལ་མེད་ནའི་ཁོ་ལ་དད་པ་ཞེ་དྲགས་བྱེད་པ་མི། ལྷ་ནང་བཞིན། འོ་འདུག་སེ་བྱས་ཙང་ལྟ་སོ་སོའི་སྔ་སོང་ལས་ཀ་འདུག་སེ་བྱས། ཕྱིས་བྱུང་སོ་སོ་ལྟ་གཙོ་གནད་དེ་རིག་གནས་མེད་པ་འདི་གིས་འོ་འདི་་་།
  • གཞན་དཔེ་ཆ་བཞག་ན་མང་ཚོགས་ལ་དགོས་མཁོ་དེ་ཡོད་པ་ཁ་གོ་ཙང་སྔོན་མ་ངས་དམག་དཔྱད་ཕྱིན་བ། དམག་མི་བརྟག་དཔྱད་ཕྱིན་ནས་དམག་མི་གཟུགས་པོའི་ཆ་རྐྱེན་འདུམ་ལོན་བྱས་ང་ཚོ་མི་བདུན་ཕྱིན་པ། ང་གཅིག་པུ་གཟུགས་པོའི་ཆ་རྐྱེན་ལོན་བྱས་འོ་འདི་ཆུས་ནས་བཀག་འགོག་གནང་བྱས་རྡོ་རྗེ་དམག་མིར་ཕྱིན་ན་འགྲིག་མེད་བ་ཟེར།
  • ཁྱོད་ར་ཕྱིན་ན་ལྟ་མང་ཚོགས་ལས་ཀ་འདི་ལུས་བཞག ངས་ཆུས་ལ་དེ་དུས་ལོ་བདུན་ནམ་ཞིག་འདི་མི་བསྡད། མང་ཚོགས་ཀྱི་ལྟ་ཆུས་ནས་སྒྲིག་འཛུགས་བཟོས་དེ་ནས་མང་ཚོགས་ལ་བསྐོར་ར་རྒྱག་ཀ་ཕྱིན། དེ་ནས་འོ་འདུག་སེ་བྱས། ལྟ་དེ་ནས་ཤན་གྱི་ཕར་ལས་ཁུངས་བཙལ་བྱས་ལས་ཁུངས་ནུང་ནུའུ་ཇུའུ་ལ་ཕར་ཤོག་ཟེར།
  • ཁྱོད་ར་་་སྤྲོད་ནོ་ཟེར། ཡང་ཆུས་ནས་བཀག་བསྡོམ་གནང་། གཏོང་གནང་མེད། ལྟ་ངས་མར་་མར་དེང་སང་མི་ལས་ཁུངས་མི་རིག་གནས་ལ་ལྟ་ཡག་སེ་མེད་པ་ལས་ཁུངས་མི་ཡར་ཞེ་དྲགས་འདུག་མི། ངས་རྩེད་ཐང་མར་མར་འདི་ལ་གླིང་སྐོར་ཐེངས་གཅིག་མར་སྤོས། ཡང་ཁག་ཅིག་འདུས་པ།
  • འོ་འདི་གོ་དུས་ངས་ཐོ་ཕུལ། ཡང་ཆུས་ནས་ཧ་གོ་བྱས་གཏོང་མ་གནང་། འོ་འདུག་སེ་བྱས་ང་མདུན་ལམ་མང་པོ་ཞིག་ལྟ་ཆུས་ནས་མེད་པ་བཟོས་གནང་། ལྟ་མི་ཨ་ལག་བཏང་ན་མི་མང་ཚོགས་ཆེད་དུ་ན་མི། ཁོ་མང་ཚོགས་ལ་དགོས་མཁོ་འདི་ཡོད་ཙང་་་མི་འདུག མང་ཚོགས་ལ་དགོས་མཁོ་མེད་ན་ལྟ་མི་ཡ་བྱེད་མཁན་མེད་པ་མི།
  • འོ་འདུག་སེ་བྱས་བྱས་ལྟ་མང་ཚོགས་ལ་འོ་ང་ཚོའི་ལུང་ཆུང་ནང་ཆ་བཞག་ན་ལྟ་མི་ཨར་པོ་རང་བྱེད་ན་མ་གཏོགས་ཤིག་་་གལ་གུ་མེད་པ། ལྟ་ཁོ་་གང་ཡིན་ཟེར་ན་གཙོ་གནད་དེ་འཚོ་བ་སྐྱེལ་ཡག་དེ་ཞིང་འབྲོག་གཉིས་ལ་བརྟེན་ནས་བྱས་སྐྱེལ་བཞག་པ་ན།
  • ལྟ་ཞིང་པ་དང་འབྲོག་པ་ལ་བརྟེན་བྱས། ལྟ་ཞིང་འབྲོག་གཉིས་ལ་བརྟེན་གྱི་ཡོད་ཙང་ལྟ་འདི་་་ར་ཅིག་འདོགས། འོ་འདི་ལོ་གཉིས་གསུམ་ལྟ་ཕར་ཅིག་བཙོངས། ལྟ་རི་ཀླུང་བཟོ་ལྟ་འོ་འདི་སོང་ཙང་རེད་བྱས་བྱས། འོ་འདི་མ་གཏོགས་ཤིག་རྣམ་གྲངས་དང་ཤུགས་ཆེན་པོ་གལ་མེད་ཙང་དེ་མང་ཚོགས་ཤིག་སྤྲད་པ་གནང་མི།
  • དངུལ་དེ་སྤྲད་པ་ཡིན་ཙང་གླ་ལེན་མ་ཐུབ་ནའི། གླ་ལེན་མ་ཐུབ་ཙང་དེ་འོ་ང་རར་ཆ་བཞག་ན་ལྟ་མི་ངས་ལོ་རེར་རེར་མང་ཚོགས་འདི་འཕྲུལ་ཆས་ཨཱ་ནི་མར་མར་ཞོར་པར་ཞིག་བསྐྱོན་་་ཟེར་བ། འོ་འདི་པར་འཕྲུལ་ཆས་འོ་འདི་འདི་པ་ལྟ།
  • མི་ད་རེས་སང་སྤྱི་ཚོགས་སྒང་ཆགས་འདོད་ཡོད་པའི་མི་ཞིག་ཆགས་འདོད་ཡོད་ན་འཕྲུལ་ཆས་འོ་འདི་གིས་ཕན་ཐོགས་མེད་པ། ཁོ་མོ་ཊ་ཉོ་ཡག་ཡིན་ནའི་གང་ཉོ་ཡག་ཡིན་ན་ཁོ་མི་མཉམ་པོར་ཆེན་པོ་ཉོ་ཡག་ཅིག་མི།
  • ལྟ་ངའི་འོ་འདི་གང་ཡིན་ཟེར་ན་སྟོན་གྱི་ཟླ་བ་གཅིག་དང་གཉིས་བར་དུ་སྐྱག་པ་ཁོ་ར་ཞིག་བྱས། ཨཱ་ནི་མང་ཚོགས་ཀྱི་སང་་་དོ་པོ་དོ་དགོང་འདི་གས་བཟོས་བྱས་དངངས་སྐྲག་ཞེ་པོ་བྱེད་ཀྱི་ཡོད་ན་མི། ལྟ་སང་་་ཨ་ལག་བྱེད་འགྲོ་ཡོད་ན་མེད་ན། དྭོགས་བྱས་ཞེད་སྣང་ར་པོ་མེད་ཙང་འོ་འདི་དངངས་སྐྲ་ཞེ་པོ་ཞིག་བྱེད་ཀོ
  • ལྟ་ཡང་འཕྲུལ་ཆས་འདི་གས་ག་གལ་བྱེད་མི་དགོས། ཧྲིག་ཏ་ངས་བཟོས་བཞག་ན་མི། འོ་འདུག་སེ་བྱས་བྱས་མི་གང་ག་ལོགས་དད་པ་བྱས་བསྟོད་ཡག་བ། དེ་ནས་མང་ཚོགས་ཀྱིས་འདི་པ་ཕར་དཔེ་ཆ་བཞག་ན་སྟོན་ཀ་འདི་པ་གནམ་གཤིས་ཏག་ཏག་མ་བསྡད་པ་བྱས་བྱས་འབྲུ་རིགས་འདི་པ་རུལ་སུངས་བྱས་ཡག་སོགས་པ་འདི་པ་གཅིང་སང་ལྟ་འཕྲུལ་ཆས་འདི་གས་ཁོ་གོ་ཐང་བང་ཁྲི་སྟོང་པ་ལྟ་སང་གནམ་གཤིས་ཨ་ལག་གཏོང་མེད་ན་དོ་དགོང་མཚན་ནག་དགུང་ལ་གཏོང་བཞག་བ།
  • དེ་ནས་སང་གུང་ཡང་བྲལ་དེ་གས་བཏང་། ལྟ་ཁག་ཅིག་འཕྲུལ་ཆས་གཅིག་རང་ལས་མེད་ན་མི་དེ་ཁོ་གནངས་གཞེས་གཏོང་གི་རེད་བྱས་ནས་དེ་སྒུག་བསྡད་པ་ན། འོ་འདུག་སེ་བྱས་བྱས་མང་ཚོགས་གང་ག་གཏོང་གཟབ་པོ་བཏང་བྱས་ལྟ་རྦད་ད་ཁོ་ར་མང་ཚོགས་ཁོ་རའི་ཆེད་དུ་ལས་བྱེད་ཀྱི་ཡོད་ད་ལྟ་བར་དུ།
  • ལྟ་མི་ཏང་གི་ཆེད་དུ་མི་ང་རང་ཏང་ཡོན་གཅིག་ནས་རྫོང་གི་ཡ་གིའི་འདིའི་འདི་བ། འོ། རྫོང་མི་དམངས་མཐུན་ཚོགས་ཀྱི་མཐུད་མི་དང་ཤང་མི་དམངས་མཐུན་ཚོགས་ཀྱི་མཐུད་མི་བྱས། མར་བྱས་ན་ས་ཁུལ་གྱི་ཀྲང་ཞེ་ཝེ་ཡོན་ [政协委员] བ།
  • འོ་འདུག་སེ་བྱས་བྱས་ལྟ་སོ་སོ་ལས་ཀ་མི་ལས་གནས་བཟོ་ལྟ་འོ་འདི་གས་བ། དེ་ལ་བརྟེན་ནས་མི་དེ་ལ་དཔག་པའི་ནུས་པ་ཞིག་ཐོན་གྱི་ན་མི། ནུས་པ་མ་བཏོན་ན་ཁག་ཅིག་འོ་ཏང་ཡོན་ནང་ལའི་ཡོད། ཏང་ཡོན་ཡིན་ཟེར་བྱས་པ་མ་གཏོགས་མང་ཚོགས་ཀྱིས་ཁོ་ཏང་ཡོན་ཡིན་མིན་ཧ་གོ་ཡག་ཞེ་དྲགས་མེད་བ།
  • བྱས་ཙང་འོ་འདུག་སེ་བྱས་ཏང་ཡོན་ཡིན་ཟེར་བྱས་ཕར་ཞེ་པོ་ཞིག་བྱས་ཡོད་བཤད་བཞག་པ་འདི་བྱས་པའི་གཞུག་གུ་ནུས་པ་ཞིག་ཐོན་གྱི་ན་བ་མི། འོ་འདུག་སེ་བྱས་མི་ལྟ་མི་ཏང་གི་ལས་ཀའི་གཞོགས་འདེགས་བྱས་བྱས་གང་ག་ཚག་ཚུད་པོ་གནས་ཙང་ཡག་པོ་ཡོད་པ་ན་མི།
  • ཨཱ་ནི་མི་དེ་གྲོང་ཚོའི་ནང་ལའི་གྲོང་འཚོའི་འགོ་འཁྲིད་ལའི་གཞོགས་འདེགས་དཔེ་མི་སྲིད་བྱེད་དགོས་པ། གྲོང་ཚོའི་འདི་པ་མ་ཚད་འདི་པ་གཡས་གཡོན་གཅིག་གྲོང་ཚོ་དེ་ཚོ་མང་ཚོགས་ཀྱི་འདི་པ་ཁ་ལ་ཉན་ལ་མ་ཉན་གཅིག་ཏག་བྱས་ནས་རོགས་བྱེད་ཀ་ཤོག་ཟེར་བྱས་ཟེར་བ། ཡང་འགྲོ་དགོས་བ།
  • ཡང་ངས་ཚིག་འགའ་ཤས་ཤིག་བཤད་ནའི་མང་ཚོགས་ཉན་འཇོག་དྲང་པོ་ཁོ་ར་བྱེད་བ་ཡང་། ལྟ་ང་རས་འདི་སྔས་མ་ནས་སློབ་སྦྱོང་དང་གཅིག་འགྲོ་མྱོང་མེད་ཙང་ང་རས་འདི་ཆབ་སྲིད་ཐོག་ནས་དང་འདི་པ་འདི་འདི་རིག་གནས་མེད་ཙང་ཡིན་མདོག་ཁ་པོ་ཞེ་དྲགས་ཤོད་མ་ཐུབ་ན་མི།
  • ལྟ་སོ་སོ་ལག་ལེན་དངོས་ཀྱི་ནང་དེ་ནས་མི་ཞེ་དྲགས་བྱས་ཙང་འོ་འདི་ལ་བརྟེན་བྱས་ལྟ་ཆོས་ར་དེ་འོ་འདུག་སེ་བ། དེ་འདི་པ་ཕར་གྲོང་ཚོའི་ནང་ཆ་བཞག་ན་ཁོར་ཡུག་སྲུང་སྐྱོབ་བྱེད་ཡག་ནང་ཆ་བཞག་ན་ལྟ་འདི་ང་ཚོའི་རི་ཡ་གིའི་ན་ནིང་གཞེས་ཉིན་འདི་བྱེད་འོ། ཨར་པོ་གས་སྨན་ཞིག་ཡོད་བ། སྨན་ཞོ་རོ་བོ་རོ་ཟེར་མཁན་ཞིག་འདི་བཀོག་ནས་རྩ་ཐང་འཕྲོ་བརླག་བཏང་ངོ་།
  • ལྟ་བཏང་བྱས་འདུག་སེ་བྱས་ནས་ཤང་ལ་སྙན་སེང་ཞུས་བྱས་ཤང་ནས་དོ་དམ་བྱས་ཡོད། གྲོང་ཚོས་བྱེད་འོ། དེ་ནས་མང་ཚོགས་ཀྱིས་འདི་ལྟ་མི་མང་ཚོགས་མང་ཆས་འདི་བྱེད་མཁན་མེད་པ་ན། ལྟ་དེའི་ནང་ནས་ཡ་གི་མི་རྐུ་མ་བཟོ་ལྟ་སྡུག་ཤོས་འདི་གས་སོ་སོ་ཉོ་ཡག་དེ་ཧ་གོ ཁྱོན་ཡོངས་ལ་གཏོར་གཤིག་ཕྱིན་པ་དེ་ཧ་མི་གོ་བ་ཚོ།
  • ལྟ་ཨར་པོ་དང་ཤ་སྟག་ནས་ཡར་་་བཀོག རྩ་ཐང་ཡོད་པ་འདི་གས་འཕྲོ་བརླག་བཏང་ལྟ་མི་ཆུ་ཞིང་བཟོ་ལྟ་མི་ས་རི་མར་འགྱེལ་ཡོང་། འོ་འདུག་སེ་བྱས་བྱས་གཞུག་གུ་ལ་འདི་ཤང་ནས་དོ་དམ་གནང་བོ། གྲོང་ཚོ་དོ་དམ་བྱས་གོ ཡར་རུ་ཏང་ཡོན་ཚོགས་འདུ་ཚོགས་བྱས་འཚོགས་བྱས་ཉེས་ཚད་དང་དེ་ཚོ་གཏན་འབེབས་བཟོས། ཁྲིམས་མར་བཤད་བྱས།
  • ལྟ་ཁྲིམས་བཤད་ནས་ཡ་གིར་ཁག་གཅིག་གིས་ད་ག་ཕྱིན་པ་ན་མི། ཕྱིན་པ་དང་དེ་ནས་ངས་ཉིན་མ་ཞིག་ཐོབ་ཀྱག་གོ་ཀྱག་དེ་ནས་མི་འུ་ཐུག་པའི་བཟོ་ལྟ་བྱས་ཤན་སྤྱི་བདེ་ལས་ཁུངས་ལ་སྙན་གསེང་ཞུས་གོ
  • སྤྱི་བདེ་ལས་ཁུངས་རང་སྙན་སེང་ཞུ་རོགས་བྱེད་ཞེས་ཤང་ལ་འདུག་སེ་ཤང་ཀྲང་[རྫོང་དཔོན་]རྒྱ་མི་ཞིག་ཡོད་བ་དེ་མང་ཚོགས་ལ་མར་ཁྲིམས་བཤད་ནས་ཁག་ཅིག་གིས་དེ་ཁྲིམས་བརྩི་འཇོག་མ་བྱས་པ་དེ་ཁྲིམས་ཤེས་བཞིན་དུ་ཉེས་པ་བསགས་པའི་གཞུག་གུར་མི་བཀག་ཉར་བྱས་ན་ད་གས་་་ནི་སེ།
  • དེ་སྤྱི་བདེ་ལས་ཁུངས་ཀྱིས་མི་ཁ་ཤས་ཡོང་བྱས་ཁ་ཤས་བཀག་ཉར་བྱེད་རོགས་བྱེད་ཟེར་བྱས་དེ་ནས་བཀག་ཉར་བྱེད་འོ། བཀག་ཉར་བྱས་འོ་་་མ་བཤད་པ་བྱས་དེ་སྤྱི་བདེ་ལས་ཁུངས་ལ་མ་གིར་སྨན་ཉོ་ཡག་ཡིན་ཟེར་བྱས། སྨན་ཉོ་ཡག་གི་ཆེད་དུ་ཡོང་བ་ན་མི།
  • དེ་གས་ཆུས་པ་གནང་མི། ལྟ་འོ་འདུག་སེ་བྱས་ཙང་ཁག་ཅིག་བཤད། འོ་འདུག་སེ་ཟིན་ཤང་ལ་འཁྲིད་ཕྱིན་མོ། ཤང་ལ་འཁྲིད་ནས་འགོ་དཔོན་དེས་མ་རུ་དྲིལ་བསྒྲགས་བྱས་འདི་གས་བྱས་ནས་འདི་ནས་མི་གཏེ་པོ་ར་འདི་གས་་་ཕར་ཅིག་བཤད་ཀོ
  • འོ་འདུག་སེ་བྱས་བྱས་རྩ་ཐང་ལྟ་འདི་ད་ལྟ་ཉེས་ཆད་འདུམ་བཏང་ནས་མང་ཚོགས་ལ་འདི་མི་རེ་རེར་གང་བྱས་རི་ལོགས་ཕྱིན་པའི་གཞུག་གུར་ཤན་ནས་གཏན་འབེབས་འདི་བཟོ་ཀོ། སོ་སོ་སྦར་ར་གང་བྱུང་ཡོད་ནའི་བརྒྱ་ཐམ་པ། ཀོ་ཤོག་གང་བྱུང་ནའི་བརྒྱ་ཐམ་པ། འོ་འདི་ཤན་ནས་གཏན་འབེབས་བཟོ་གནང་ངོ་།
  • གཏན་འབེབས་བཟོ་གནང་ནས་ཤན་ནས་སྒྲིག་འཛུགས་བྱས། བསྡུ་ཀ་གཏོང་གནང་ངོ་། གང་བྱས་སྒྲིག་འཛུགས་བྱས་བསྡུ་ཀ་འགྲོ་མཁན་གྱིས་ཀང་བསྡུ་ནའི་མ་བསྡུ་ནའི་གང་བྱས་གཞུག་གུར་ངས་བསྡུ། བསྡུས་པ་དེ་ངས་གཅིག་ཞེ་པོ་ཞིག་བྱས་པ་ཡིན་ཟེར་བྱས། ང་རས་སྲིད་གཞུང་ལས་ཀའི་གཞོགས་འདེགས་བྱེད་ཡག་དེ་ཞེ་དྲགས་ཡོད་པ་ན་མི།
  • འོ་འདུག་སེ་བྱས་བྱས་དེ་ནས་འདི་ལྟ་རྩ་ཐང་འོ་འདི་ལ་ཆ་བཞག་ན་ལྟ་ང་ཚོའི་ཏང་གི་ཁུངས་འདི་གས་ཡང་གྲོང་ཚོ་ཡས་མས་གཉིས་ལ་རྩ་ཐང་རྒྱ་ཆེ་ཤོས། ཆེ་ཐག་ཆོད་བསྐོང་། ཉེས་ཆད་ཏང་གིས་དངུལ་ཕར་སྤྲོད་ཡག་བཟོས་བཞག་གོ ཉེས་ཆད་ཀྱི་དངུལ་ཁོང་རྣམ་ཚོས་འཁྱེར་མ་བསྡད་པ་བྱས། མང་ཚོགས་ལ་མར་སྤྲོད་ཡག་བཟོས་བཞག་ཡོད་རེད། འོ་འདུག་སེ་བཟོས་བཞག་ཡོད་རེད།
  • ལྟ་འདི་པ་ཕར་འདི་མ་ཚད་ཀྱི་འདི་པ་ཕར་སྨན་ཁང་འདི་པ་ཆ་བཞག་ན། ངས་ད་ལྟ་གློ་ཚད་སྔོན་འགོག་སྐོར་ད་ལྟ་གློ་ཚད་སྔོན་འགོག་ཀྲུང་དབྱང་ནས་མར་ནས་ཡར་འདི་ནོར་སྲིད་དང་ཞེ་དག་ནས་འགྲན་མེད་དཔེ་ཤག་དང་འདུག་སེ་འདོན་གནང་གནང་གོ་ཟེར་བ། ལྟ་ང་སྒེར་ཞིག་ངོས་ནས་ཆ་བཞག་ན། མི་སྒེར་ངོས་ནས་རྒྱལ་ཁབ་ཀྱི་ལས་བྱེད་པ་ཡིན་ནའི་འདྲ། ཏང་ཡོན་ཡིན་ནའི་འདྲ་སུ་ཞིག་གིས་ལྟ་རྟོགས་བྱེད་མཁན་བྱུང་མེད། ང་སྒེར་གཅིག
  • འོ་འདི་གོ་དུས་གློ་ཚད་སྔོན་འགོག་ཁོ་ལྟ། ལྟ་མི་གློ་ཚད་སྔོན་འགོག་འདི་དེ་དུས་སྒང་ཞེད་སྣང་ར་ཞེ་པོ་ཞིག་བྱེད་ཀྱི་འདུག་ག་མི། ལྟ་གློ་ཚད་སྔོན་འགོག་དེ་རྒྱ་ནག་མར་པ་མི་ཞེ་པོ་ཞིག་ཤི་གི་ཡོད་པ་ཟེར་ཡག་དེ་མར་ཡིག་ཆ་དང་དེ་ཚོའི་དྲིལ་བསྒྲགས་གནང་།
  • དེའི་གློ་ཚད་སྔོན་འགོག་དེ་འགོག་སྒྲིལ་བྱེད་ཡག་དེ་ལ་གཅིག་བསོད་ནམས་དཔལ་འཛོམས་དང་དེ་ནས་ལ་ཕུག་དཀར་པོ་དང་ཙོང་དང་གཅིག་ཞེ་པོ་་་གནང་གནང་། འོ་དེ་ཚོ་ད་ལ་ཀྲང་
    ཞེའེ་[政协]མར་ནས་ཡིག་ཆ་ཞིག་སླེབས་བྱུང་། དེ་ནས་ངས་ཡིག་ཆ་འོ་འདི་འདི་གཅིག་པུ་འཁྱེར་ནའི་མ་འགྲིག་ན་མི།
  • དེ་ནས་དེ་མར་ལྕགས་པར་རྒྱག་ཀ་ཕྱིན་བྱས་ལྕགས་པར་འདི་བརྒྱབ་པ་ཡིན། ༡༠༠བརྒྱབ་པ་ཡིན། དེ་བརྒྱབ་ནས་དེ་ནས་ཤར་ཀྱག་རོང་ནས་མར་མར་ང་རའི་གློག་འཁྲིད། དེའི་གོ་དུས་ལྟ་སོ་སོ་དངུལ་ཉོ་ཡག་སེ་མེད་པ་ན། ངས་ཟམ་པ་གཅིག་རྡོ་བསྐྱལ་བྱས་འོ་གོ་དུས་སྒོར་༩༠༠༠ཡིན་ནམ་གཅིག་བྱུང་།
  • ལྟ་དེ་ནས་སེམས་ཐག་གཅད་བྱས་སྒོར་གྲོང་ཚོ་རེ་རེར་སྒོར་བརྒྱ་བརྒྱ་སྤྲད། དེ་ནས་ཡིག་ཆ་དེ་ནས་རེ་རེ་སྤྲད། དེ་ནས་གྲོང་ཚོའི་འགོ་ཁྲིད་ལ་ཕར་སྣེ་ཤན་ར་དེ་གློ་ཚད་སྔོན་འགོག་བྱེད་ཡག་གི་སྨན་འོ་འདུག་སེ་བྱས་ཉོ་ཡག་ཡོད་བ་ཟེར།
  • ལྟ་འདི་འོ་འདི་ཚན་རིག་ཐོག་ནས་བརྟག་དཔྱད་བྱས་བྱས་གང་བྱས་འོ་འདི་ཕན་ནུས་ཡོད་པ་རྐྱང་རྐྱང་རེད་བ་ཟེར། དེ་འོ་འདི་ཉོས་བྱས་བྱས་མང་ཚོགས་གྲོང་ཚོ་མི་་་ཡོད་པ། མང་ཚོགས་མི་རེ་ངོ་རེས་སྨན་དེ་ཉོས་སྤྲད་རོགས་བྱེད་ཟེར་ལྟ་དེ་ཉོས་འཁུ་བ་དེ་སྟེར་བ་ན་བསྐོལ་བྱས། འོ་འདི་སྤྲད་རོགས་བྱེད་སེ།
  • བྱས་བྱས་་་ཤང་ཡོངས་ཁོ་ར་ངས་་་བཏང་ཕྱིན་པའོ། གྲོང་ཚོ་ཆུང་ཆུང་ཉི་ཤུ་ཐམ་པ་ཡོད་པ། གྲོང་ཆུང་ཉི་ཤུ་ཐམ་པ་་་ན་འདུག དེ་ནས་ཇ་ཐང་སློབ་གྲྭ་གཉིས་དང་། སློབ་ཆུང་དྲུག་བྱས་དེ་ནས་ཉིས་སྟོང་བརྒྱད་བརྒྱ་བརྒྱབ།
  • འོ་འདུག་སེ་བྱས་བྱས་ལྟ་མི་འདི་མི་ང་ར་སྒེར་གཅིག་གིས་སེམས་ཐག་གཙང་གཅད་ངང་ནས་འོ་འདུག་སེ་བྱས། ད་དེ་མི་སོ་སོས་དེང་སང་རྩེད་མོ་རྩེ་བའི་བཟོ་ལྟ་བྱེད་རྒྱོག་མིན་བ་མི། མ་རྩ་དེ་མར་མང་ཚོགས་ལ་བཏང་བ་ཡིན་ན་ང་རང་བཏང་བ་དང་ཁྱད་མེད་པ་ན་མི།
  • ལྟ་ང་རའི་ངོས་ནས་ད་ལྟ་ཡིན་ནའི་ཕར་ཙམ་ལ་གཅིག་ལ་ན་ཚ་འགའ་རུ་ན་བསྡད་ཡོད་ན་ཁ་ཤས་ཚུར་ཚུར་བྱས་དྲག་ཡོད་པ་ན་མི། འོ་འདུག་སེ་བྱས་བྱས་རྒྱལ་ཁབ་ནས་འགྲོ་སོང་ད་ག་ར་པོ་ཞིག་གཏོང་གནང་གི་ཡོད་རེད། ང་ར་སྒེར་གཅིག་ཆ་བཞག་པ་ཡིན་ནའི་ལྟ་འདུག་སེ་ང་རའི། མ་གཞི་ང་རས་དཀའ་ལས་འདུག་སེ་རྒྱག་གི་ཡོད་རེད་འདའི། ལྟ་འདི་སེམས་ཐག་གཙང་བཅད་ངང་ནས། ་་་མ་གཏོགས་གཅིག་གིས་དེ་ཡིག་ཆ་གཅིག་པུ་བསྐྱལ་བྱས་དཔེ་ཤག་དེ་མ་སྐྱེལ་ན། ཡིག་ཆ་གྲོང་ཚོའི་འགོ་ཁྲིད་ཀྱིས་བྱེ་བྱག་ལ་མ་སྤྲད་ན་འདི་མར་ནས་ཡིག་ཆ་བསྐུར་གནང་བའི་དམིགས་གལ་བྱུང་མེད་ན།
  • འོ་འདུག་སེ་བྱས་བྱས་སོ་སོས་འདི་གློ་ཚད་སྔོན་འགོག་འོ་འདུག་སེ་བྱས་པ་ཡིན། དེ་ནས་འདིའི་ནང་ནས་ཆ་བཞག་ན་ད་ལྟ་ངའི་ནང་ལ་དབུལ་པོའི་ཁྱིམ་ཚང་བུ་མོ་གཅིག་གསོས་བསྡད་ཡོད།
  • བུ་མོ་དེ་ལ་ཆ་བཞག་པ་ཡིན་ན་ང་ཚོའི་གྲོང་ཚོའི་ནང་ལ་ཏང་ཡོན་མི་བཅུ་གསུམ་ཡོད་པ། ཏང་ཡོན་བཅུ་གསུམ་ནང་ནས་ཏང་ཡོན་རེ་རེས་དབུལ་པོའི་ཁྱིམ་ཚང་རེ་རེ་རྩིས་སྤྲད་བཞག་ཡོད་རེད་ལྟ།
  • ལྟ་འདི་འཕྱོངས་རྒྱས་ཤན་ཡོངས་ཁོ་ར་གཞན་དག་ནས་མ་བ། འོ་འདུག་སེ་རྩིས་སྤྲད་བཞག་ཡོད་རེད། ལྟ་དེའི་ནང་ནས་གཞན་དག་དེ་ཚོས་མིག་ལྟ་གི་ཡོད་དམ་མེད་ན། ངའི་ཁོངས་འདི་བུ་མོ་དེའི་ཨ་མ་དེའི་ནང་ལ་འདི་བྱས་སོང་འདི་ན་བསྡད་ཡོད་རེད། བུ་མོ་དེ་ཨར་པོ་བཏང་བྱས་མར་མར་མར།
  • ཨར་པོ་ཕྱིན་པ་དང་གླིང་སྐོར་ཐང་ཨར་པོ་བཏང་བྱས། གླིང་སྐོར་ཐང་ཨར་པོ་མར་མར་མར་ཏན་ཧྲི་[བརྙན་འཕྲིན་]ལྟ་གིན་བསྡད། ཏན་ཧྲི་ལྟ་གིན་ལྟ་གིན་དགོང་མོ་དུས་ལ་ནད་ཕོག་པ་ཟེར་ན། ནམ་སྐྱོན་བཟོ་ལྟ་ཕོག ནམ་སྐྱོན་ཕོག་ཙང་དེ་དེ་མི་ནམ་རྒྱུན་་་ན་མི། དེ་ནས་ཡར་བྱེད་མཁན་སེ་མེད་པ་བྱས། དེ་གཞུག་ལ་ཨར་པོ་གིས་རོགས་བཟོ་ལྟ་བྱས་ཕར་རུབ་ཚུར་རུབ་བཟོ་ལྟ་བྱས། སེལ་སྨན་ཞུ་ག་གློ་འགོག་་སྐྱེལ་་།
  • སྐེ་རགས་ཉོས་ནས་མི་འདི་འདུག་སེ་སླེབས་པའི་གོ་ཚང་འདི་མི་ཤི་ཚར་བ་དང་ཁྱད་སེ་མི་འདུག སོ་སུབ་ལག་བཞི་ཅར་འདར་ཞུམ་མི་འདུག སྐད་ཆ་ཤོད་ཐུབ་ཡག་མི་འདུག དེ་ནས་ངའི་ནང་ལ་གཞོན་པ་ཤོ་རྒྱག་མཁན་གཞོན་པ་ལྔ་ཡིན་ནམ་ཞིག་ཡོད། དེའི་དགོང་མོ་འདའི།
  • དེ་ནས་ངས་བུ་མོ་མིག་ལྟ་ག་ཕྱིན་པས་བུ་མོ་འདི་འོ་འདུག་སེ་བྱས་བསྡད་པ་ན། དེ་ནས་ངས་ཚུར་ཡོང་བྱས་ང་ཚོའི་ཤང་ནས་དེ་ཡོད། ཤང་ཀྲང་བུ་ཆུང་ཡོད། དེ་ནས་ཤང་ཀྲང་བུ་ཆུང་དེ་བྱས་ལྟ་བུ་མོ་འདི་འདུག་སེ་བཞག་ན་གང་འགྲིག་གི་མ་རེད། གང་བྱས་ཁྱིམ་ཚང་མི་་་ལྟ་སྐྱོང་བྱེད་ཡག་ཁུངས་བ། ངས་དེ་ལ་ཀུན་བཟང་མོ་ཊ་དེ་གཡར་རོགས་དེ་མོ་ཊ་དེ་སྐྱེལ་བྱས་སྨན་ཁང་སྐྱེལ་པ་ཟེར།
  • སྨན་ཁང་བསྐྱེལ་བྱས་མོ་ཊའི་ཁུངས་དེ་ཤང་གིས་སྤྲད་གནང་ན་ཤང་ལ་ཨེ་ལས་ཤང་ཀྲང་དེ་འདྲ་གནང་ཆོག ཤང་ཀྲང་གཞོན་པ། ཤང་གིས་སྤྲད་མ་གནང་ན་དེས་ན་ངས་གཏོང་བྱེད་དགོས་བྱེད་པ་ཟེར། ལྟ་ཨེ་ལས་སྨན་ཁང་འགྲོ་སོང་འདི་གས་གཏོང་ནོ་ཟེར། བྱས་བྱས་དེ་བུ་མོ་དེ་ཁོང་ཚོ་ཤོ་རྒྱག་མཁན་གཞོན་པ་འདི་གས་ལ་འདི་ལྟ་ཁྱེད་རང་ཚོ་འདི་དགོན་པ་དང་ཤ་སྟག་འདྲ་ཆགས་པོ་བྱས་ཕྱིན་ན་མ་ཕྱིན་ནའི། གལ་མེད་པ་ཟེར།
  • བུ་མོ་འདི་འོ་འདི་རུ་འོ་འདུག་སེ་བྱས་བསྡད་ཡོད་པ་ཟེར། སང་ཞོགས་སྒལ་པར་འཁྱེར་མཁན་མི་དགོས་པ་ཟེར། ཁྱེད་རང་འགྲོ་མཁན་ཡིན་པ་བྱས་པ་ཡིན། འགྲོ་ཡག་མིན་ན་ང་འདི་པ་མི་ལག་རྒྱག་ཡག་ཁྱད་འདུག་བྱས་པས། གཞོན་པ་ལྔ་འདི་གས་འདུམ་ "ང་འགྲོ་ཡག་ཡིན། ང་འགྲོ་ཡག་ཡིན།" བྱས་བྱས་དེ་ནས་འོ་འདི་གས་འཁྲིད་ཕྱིན་པ་ཡིན། སང་ཞོགས་འདའི།
  • དེ་ནས་འདི་གས་ཀྱིས་སྒལ་པར་འཁྱེར་དེ་ནས་མོ་རའི་ཨ་མ་འདི་ལ་སྐྱེལ་རོགས་བྱེད་ཟེར། ་་་ཡོད་པ་ན། གཡབ་བཟང་་་། དེ་ནས་འོ་འདིའི་རྩར་འཁྲིད། བུ་ནད་གཡོག་མི་གཉིས་འཁྲིད། དེ་ནས་དེའི་ནང་ཡུན་འགའ་རུ་ཞིག་བསྡད་དོ། གཞུག་ལ་ཡང་བསྐྱྲར་ཞིག་ཕྱིན་པོ།
  • འོ་འདུག་སེ་བྱས་བྱས་སྨན་བཅོས་ཐེངས་གཉིས་བྱས་ནས་བུ་མོ་འདི་ལྟ་དེ་རེས་སང་ལུག་འཚོ་བ་ལའི་འགྲོ་ཐུབ་པ། འདི་པ་བ་འཚོ་བ་ལའི་འགྲོ་ཐུབ། ཡང་འོ་འདུག་སེ་འགྲོ་ཐུབ་པ་དང་ཁྱིམ་ཚང་ཡོད་པ་འགའ་ཤས་ཀྱིས་ནམ་རྒྱུན་རོགས་བྱེད་ཡག་མེད་པའི་སང་ངའི་ལུག་འཚོ་རོགས་སོང་ཟེར་ཡག་ཅིག གནངས་ངའི་བ་འཚོ་རོགས་སོང་ཟེར་ཡག་ཅིག ཕྱུགས་རྫི་གནང་མི།
  • དེ་འོ་འདུག་སེ་བྱས་བྱས་ཨ་མ་དེ་གཞུག་གུ་ལའི་འདི་བྱས་གོ་ཀྲན་ན་ཚའི་བཟོ་ལྟ་ཞིག་ཨ་མ་དེ་ན་སོང་ན། ན་པ་དང་སྨན་ཁང་ཕྱིན་ཀོ། སྨན་ཁང་ཕྱིན་པ་དང་ངའི་ནང་ནས་མི་ཞིག་བཏང་བྱས་རོགས་བྱས་པ་བཏང་། བཏང་ནས་སྨན་ཁང་གིས་ཨིམ་ཆི་འདི་བཤད་པ་ན། ན་ཚ་དེ་ལ་ཐབས་ཤེས་མེད་དོ་ཟེར། ན་ཚ་འདི་སྨན་ཁང་ལ་ཕྱིན་ནའི་ཐབས་ཤེས་མེད་དོ་ཟེར་བྱས་བྱས་ཡར་སློག་བཏང་མི།
  • ཡར་བསློགས་པ་མཇུག་འདི་པ་ཨིམ་ཆི་འདི་བཤད་བཞག་ནོ་དེའི་ན་ཚ་འདི་ལ་ཐབས་ཤེས་ཡོད་པ་འདའི་ནི་འདོན་ཡག་མེད་པས་བཤད་གནང་མི། པད་ཤག་མེད་པ་ཟེར་བ་ན། ལྟ་འོ་འདུག་སེ་བྱས་ཨ་མ་འདི་མེད་པ་ཆགས། ཨ་མ་འདི་མེད་པ་ཆགས་པ་དང་སོ་སོ་གཅིག་པུ་ན་མི། འོ་འདུག་སེ་བྱས་དེ་ནས་ངས་སེམས་ཐག་ཁོ་ར་བཅད།
  • ལྟ་ང་གཅིག་ནས་ཏང་ཡོན་བ། ང་ལ་དབུལ་པོའི་སྦྱིན་བདག་་་བཏང་བཞག་པ་མི། ངས་བུ་མོ་འདི་ཚུར་བསྐོངས་བྱས་ལྟ་ན་ནིང་གཞེས་ཉིན་ལོ་ནས་ངའི་ནང་ལ་བསྐོངས་བྱས་ངའི་མི་དང་མཉམ་པོར་འཚོ་བ་སྐྱེལ། བཟའ་གོས་སྡོད་གསུམ་འདུམ་ངས་འགན་ལེན་བྱས།
  • མོ་རས་ཞིང་ཁ་དང་འདི་པ་གཅིག་དང་བོག་མོ་རའི་འདི་མོ་རའི་ཁང་པའི་ནང་། ལྟ་ཡང་རྗེས་མ་དྲག་པ་བྱས་ན་མི་སོ་སོའི་ཅ་ལག་ལ་འགྱུར་བ་གང་མེད་པ། སོ་སོའི་ཁང་པའི་ནང་སོ་སོ་སོ་མཚམས་མཚམས་མི་ལྟ་ག་བཏང་། དེ་ནས་རྗེས་མ་དྲག་ཐང་ཐང་ཆགས་ན་མི་ཡང་་་བྱས་ན་མི་ཕར་ཚུར་་་བཤད་ཀྱི་ན་མི། གནས་སྐབས་གང་ཆད་འགྲོ་སོང་དེ་ཚོ་ངའི་ནང་ནས་བཏང་། ཨཱ་ནི་ངའི་ནང་ནས་གསོས་བཞག་གོ
  • འོ་འདུག་སེ་ངས་ལས་ཀ་བྱེད་ཡག་དེ་མ་ཚད་འདི་པ་བྱེད་རོགས་ཞེ་དྲགས་ཡོད་བ། ཆོས་སྒང་ལ་དོན་ཐོག་འཁྱོལ་བྱས་པ་མ་གཏོགས་གཅིག་གིས་ཡང་ངའི་སྐྱག་རྫུན་བཟོ་ལྟ་ཞིག་དང་། འོ་གཅིག་གང་ཡང་ངས་གཅིག་གཅིག་གཅིག་བྱས་པ་ཡིན། མས་མས་མས་བྱས་པ་ཡིན་ཟེར་བྱས། འོ་དེ་སྐྱག་རྫུན་བཤད་གང་ཅི་ཡང་མེད། བྱས་ཡག་དེ་མི་ཁོ་དྲང་པོ་དྲང་ཤག་བྱས། བྱས་ཙང་ད་ལྟ་བར་དུ་མང་ཚོགས་ཀྱི་མི་ང་ཚོའི་ཆུས་མ་ཚད་པའི་འཕྱོངས་རྒྱས་ཤན་གྱི་འགོ་ཁྲིད་མང་ཚོགས་ཀྱི་ཧ་གོ་རེད་ལྟ།
  • ལྟ་མི་མང་པོ་ཞིག་སླེབས་བ་འདི་པ། ལས་ཀ་བྱེད་ཀ་ཁ་ཤས་ལ་བརྒྱབ་ནས་སླེབས་པ་འདི་པ། ལས་ཀ་བྱེད་ཀ་ཁ་ཤས་ལ་བརྒྱབ་སླེབས་བ། ཁ་ཤས་གློག་ཏོ་བཏང་བྱས་པ། དེ་ནས་འདི་པ་མ་ཚད་ཤར་ཀྱག་མར་པ་རྒྱང་རྩེ་དང་། གྲ་ནང་དང་། ལྷ་སའི་སྟོད་ལུང་ཤ་སྟག་ནས་སླེབས་པོ། ལག་ཆ་ཤིང་བཟོ་ལྟ་བཟོ་ཀ། ཤིང་བཟོའི་ལག་ཆ་ཤ་སྟག་གང་ས་གང་ལ།
  • ང་ཚོའི་འདི་ཤིང་བཟོའི་ལག་ཆ་་་བརྒྱད་་་དྲུག་ཅུ་ཐམ་པ་དང་། ཏེབ་ཙག་བཞི་བཅུ་ཐམ་པ། ལྟ་ཤིང་བཟོ་དེ་ཚོས་ངའི་རྩར་ནས་ཉོས་ནས་བཞི་བཅུ་དང་དྲུག་ཅུ་ལྟ་ཉོས། ལྟ་རྒྱང་རྩེ་དང་འོ་གླན་ཤན་མར་པ་མར་བཙོངས་ན་་་བརྒྱ་ཐམ་པ་བྱས། འདི་ལ་ཏེབ་ཙག་དྲུག་ཅུ་ཡིན་ནམ་བདུན་ཅུ་དང་བརྒྱད་བར་དུ་བྱས་ཁོང་ཚོས་བཙོངས། དེ་ལྷག་མེད་ཟེར་བྱས་འོ་འདུག་སེ་བཟོ་བར་སླེབས་བ།
  • དེ་བཙོངས་པ་ཧ་དགོས་ཀྱི་ཡོད་ན་མི་ག་གེར་ཟེར་གྱི་མེད། འ་ལྟ་ནས་་་ལྟ་མི་ཁག་ཅིག་འོ་འདུག་སེ་ཉོས་འཁྱེར་འགྲོ་བ་གཞན་དམངས་ཆས་་་། སོ་སོས་ཉིན་མའི་གོང་ཚུར་བཟོ་ཀ་སླེབས་བ། འགའ་ཤས་་་ལྕགས་བཟོས་ངས་འདུམ་བཏང་། སོ་སོས་ཐོ་བ་བརྒྱབ་དེ་ནས་འཁྱེར་འགྲོ་བ། ཁག་ཅིག་མི་ང་རས་རང་བཟོས་དེ་ནས་འདུག་སེ་བསྐུར་བཞག་པ།
  • ལྟ་འདི་པ་ཕྲུ་གུ་ཁག་ཅིག་ལ་ཆ་བཞག་ན་ངས་གཞོན་པ་དེ་ཚོར་ཟེར་གྱི་ཡོད་རེད། ཁྱེད་རང་ཚོ་ལག་ཤེས་གང་སློབ་ཡག་ཡོད་ནའི་སློབ་ཤིག་ཟེར། ཤིང་བཟོ་གཏོང་ཡག་ཡིན་ནའི་འདྲ། ལྕགས་བཟོ་གཏོང་ཡག་ཡིན་ནའི་འདྲ། པང་ལེབ་གཏོང་གཏོང་ཡག་ཡིན་ནའི་འདྲ། གང་གཏོང་ཡག་ཡིན་ནའི་གཏོང་།
  • ཁྱེད་ཚོས་ལག་ཤེས་གང་འཚམས་ཤེས་སོང་ན་ལག་ཆ་ག་གལ་མ་བྱེད་ཟེར། ལྟ་འདུམ་ངས་བཟོ་ནོ་ཟེར། ངས་འདིའི་ནང་ལ་འོ་འདུག་སེ་་་འགའ་རོ་ཡོད་བ། ལྟ་ཤིང་བཟོ་ཆུང་ཆུང་དེ་ཚོ་གང་བྱས་་་བྲལ་མེད་ཡོད་པ་ཕྲུ་གུ། ལྟ་སྦྱོང་བརྡར་བཟོ་ལྟ་ཐོན་གཡས་གཡོན་ལ་འགྲོ་མཁན་ཞེ་དྲགས་ཡོད་བ།
  • གང་བྱས་ལག་ཆ་མང་ཆས་་འོ། ལྟ་འདི་རུ་ལག་ཆ་བཟོ་མཁན་འདི་རུ་ཡོད་ཙང་དེ་ན་ཁོང་ཚོ་ལག་ཆ་སེམས་ཁྲལ་བྱེད་དགོས་ཀྱི་མེད་ན། ལྟ་ས་ཁུང་གཞན་དག་ཡིན་ན་སྔོན་ལ་ཤིང་བཟོའི་དགེ་རྒན་ཞིག་བྱུང་ནའི་ལག་ཆ་འདི་དེ་ལས་ཐག་རིང་སར་ཉོ་བར་འགྲོ་དགོས་ན་མི།
  • འོ་འདུག་སེ་བྱས་བྱས་ལྟ་མི་གྲོང་ཚོའི་ནང་ཕན་ཐོགས་དང་མ་སོང་ནའི་འོ་འདུག་སེ་བྱས་བསྡད་ཡོད་པ། དེ་ནས་མི་ཤན་དང་ཕར་ཕར་ཁོང་རྣམ་ཚོས་མི་འགྲོ་དགོས་ལྟ་ཅི་དག་ཨེ་ནས་ལན་བྱས་ནས་བསྔགས་བརྗོད་ཡང་ཡང་ཕར་ཕར་ཕར་་་འགོ་འཁྲིད་དང་འདི་ཤང་ཀྲང་་་ན་འདྲ། ཤང་ཀྲང་ཁོང་རྣམ་རྒན་གཞོན་སུ་འདྲེན་ནའི་འོ་འདི་པ་ཤང་དང་འདི་པ་ལྟ་མི་མང་ཚོགས་ཡག་་་། མང་ཚོགས་ཀྱིས་ཉན་འཇོག་བྱེད་པ། ལྟ་འདི་པ་ཕར་འོ་འདུག་སེ་ཚོགས་འདུའི་འགོ་འཁྲིད་དང་འདི་པ་དེ་འདྲས་རྒྱབ་སྐྱོར་ལེན་ཤོག་ཟེར།
  • དེ་ནས་ཡང་རྗེས་མ་ང་ཚོས་ཀྱིས་འདི་པ་ཕར་དཀའ་ངལ་དམིགས་བསལ་ཐུགས་སོང་ན་རོགས་བྱེད་ནོ་ཟེར་འདུག་སེ་སླེབས་བ། ཁོང་རྣམ་ཚོས་མི་ལྟ་ལྟ་སྟངས་ཡག་པོ་ང་རས་ཡག་པོ་བྱས་བསྡད་བ།
  • ང་རས་མི་མ་བྱས་ཐམས་ཅད་བྱས་ལྟ་ད་རེས་སང་རིག་གནས་ཡོད་པ་ཁག་ཅིག་གིས་འོ་འདུག་སེར་ཟེར་མཁན་ཞེ་དྲགས་ཡོད་དོ་གོ མ་བྱས་པ་ཐམས་ཅད་བྱས་པ་ཡིན་བར་རྩོམ་བརྒྱབ། ངའི་གྲོགས་པོས་ངས་མ་བྱས་པ་ཐམས་ཅད་ཁྱེད་རས་ཁོས་ཅི་ཅི་ཅི་མར་མར་མར་བྱས་པ་ཟེར་གསར་འགྱུར་ལས་ཁུངས་ལ་དང་དེ་ཚོ་གཏོང་གནང་ནའི་དེ་ཁོ་ར་པད་ཤག་ཡོད། གཅིག་པུ་དེ་ག་གལ་མ་བྱས་ནའི་འོ་འདི་ལ་མིང་བཟོ་ལྟ་ཡོད་པ་འོ་འདུག་སེ་བྱེད་མཁན་ཞེ་དྲགས་བ།
  • ལྟ་ང་ཚོའི་བཟོ་ལྟ་རིག་གནས་མེད་ནའང་ནམ་ཡིན་ལ་དངོས་གནས་དྲང་གནས་ཏང་དང་མང་ཚོགས་ཆེད་དུ་སྔར་ནས་ད་བར་དུ་ལས་ཀ་འདི་ལྷག་བསམ་རྣམ་དག་བྱས་པ་དེ་རིག་གནས་མེད་ཙང་འོ་འདི་བྱེད་མཁན་མ་བྱུང་བ་བྱས། གོང་འབྲེལ་བྱེད་མཁན་མ་བྱུང་བ་བྱས། དེ་ནས་འོ་འདུག་སེ་བྱས་ལས་འགྲོ་ན། གཞན་དངོས་གནས་དྲང་གནས་བྱས་ན་ཤ་སྟག་སྔོན་མ་གསར་འགྱུར་འགོད་མཁན་རང་སྐྱོང་ལྗོངས་ནས་ཕར་ས་ཁུལ་དང་མར་པ་ཕེབས་སོང་། དེ་ནས་རྒྱ་རིགས་པ་ཤ་སྟག་ཡིན་ཙང་ངས་ཧ་མ་གོ་པ་ན།
  • གནང་ཡག་བྱས་ན་ཁྱོད་ར་རྒྱ་ནག་དང་ཤ་སྟག་འགྲོ་ཐུབ་ཀྱི་རེད། ཁྱོད་ར་མི་གཅིག་ལ་འགྲོ་སོང་གཏོང་དགོས་མེད་ཟེར། འོ་འདི་རྒྱ་ནག་ལ་འགྲོ་་་གནང་ཡོད། དེ་མི་དེ་་་གཞུག་གུ་ལ་མི་དེ་ནས་ངས་མི་དེ་ཧ་མ་གོ་གཞན་མི་རྒྱ་ནག་དང་ཤ་སྟག་དཔེ་ཆ་བཞག་ན་ན་ནིང་ཆ་བཞག་ན་ང་ཚོའི་ལྷོ་ཁ་ནས་མི་གཉིས་ལྟ་ད་ལོ་ཕྱི་ཟླ་ལྔ་པའི་ནང་ཕྱིན་པ་ན་དེ་ནས། རྒྱལ་ཡོངས་་་དཔེ་བཟང་མི་གཉིས།
  • རྒྱལ་ཡོངས་འདིའི་ནང་ལྟ་ཤན་ནས་ང་མར་སྤོ་གནང་བ་འདའི་ཡ་གིའི་བུག་ལ་ཡིག་ཆ་ཨ་ལའི་གང་བཟོས་མེད་། ་་་ཁྲིད་ཀ་བྱེད་ནའི་འཕྱོངས་རྒྱས་ཡིག་ཆ་ཨ་ལའི་གང་མེད་ཟེར། དེ་ལས་ཀ་བྱེད་ནས་རྩེད་ཐང་མར་པ་གཞན་དག་ཕར་བཞག་ལུང་པ་གང་ས་གང་ནས་ཨར་པོ་སླེབས་སྡོད་ཡོད་ན་མི། ཨར་པོ་ཀས་ཧ་གོ་རེད་པ།
  • ཨར་པོ་འདུམ་འཛོམས་པ་དང་དེ་ནས་སོ་སོ་སོའི་ལུང་པའི་ནང་ལ་ལས་ཀ་ག་རེ་གང་བྱས་ཡོད་མེད། མི་ག་རེ་ཡོད་མེད། ཨ་པོར་གྱིས་ཤོད་རེས་གཏོང་གི་ཡོད་ཕར་ཚུར། འོ་འདུག་སེ་བྱས་ལུང་པ་གཞན་དག་ཨ་པོར་མང་ཤས་ཀྱིས་ཟེར་བོ། "ཁྱེད་ནང་བཞིན་བྱེད་མཁན་གང་ཡང་མེད་པ།" ཟེར།
  • ལྟ་དེ་རིང་སང་སྲིད་ཇུས་ཁོ་ར་རྦད་ད་ཁོ་ར་སྲིད་ཇུས་ཁོ་ར་ད་ག་བ། དེ་མི་དཔལ་འབྱོར་འཕེལ་རྒྱས་བཏང་བྱས་ཁོ་མི་ལས་ཁུངས་སྤྱི་མི་སུ་གས་སུའི་གོང་ཞུ་ཐུབ་ཐུབ་ན་མི། དེ་མི་་་འདུག་སེ་མི་མགོ་བོ་ལ་བཞུས་བྱས་གཅིག་གི་ད་དུང་ངས་གྱོང་འཁྱེར། མི་ག་ཚོད་ཡོང་ནའི་འདོད་བློ་དེ་སྒྲུབ་བྱེད་དགོས་ན།
  • འོ་འདུག་སེ། ལྟ་མི་སོ་སའི། ཀྲུང་དབྱང་གི་སྲིད་ཇུས་ར་དེ་ཚོ་དངོས་གནས་དྲང་གནས་ཡང་དག་པ་ཡིན་པ་ཧ་གོ་བྱས་ཡར་ནས་མར་གནང་ཡག་བྱས་ན་མི་མང་ཚོགས་དང་དེ་ཚོར་རིམ་བཞིན་རིམ་བཞིན་བྱས་བྱས་ཁོ་་་སྤྱི་ཚོགས་སླེབས་ཡག་དང་། དེ་ནས་ལྟ་རྣམ་གྲངས་དང་དེ་ཚོ་མང་དུ་གཏོང་ཡག་དང་། ཤང་རྫོང་ཁག་ལམ་ཀ་བཟོ་ཡག་ཡིན་ནའི་འདྲ། གློག་བཟོ་ཡག་ཡིན་ནའི་འདྲ་དེ་ཚོའི་སྒང་ལ་འགྲན་མེད་འོ་ལྟ་གནང་ཡག་གྲངས་མེད།
  • འོ་འདི་ད་ལྟ་ཁག་ཅིག་གློག་མ་བྱུང་བ་ཞེ་དྲགས་བསྡད་ཡོད་རེད། གློག་དང་ཤ་སྟག་སྐར་མ་གཅིག ལྟ་འདི་ལམ་ཀ་དང་དེ་ཚོ་ཁག་ཅིག་ལ་ཡག་པོ། ལྟ་ལམ་ཀ་མང་ཆས་ཨོའོ་ཙམ་བཟོས་འདུག
  • ལྟ་གློག་མེད་པ་ཁག་ཅིག་ཡོད་རེད། ལྟ་དེ་ཚོ་ཁག་ཅིག་འ་ལྟ་གྲོ་ཞིག་དང་དེ་ཚོ་ང་ཚོའི་འདི་པ་འཐག་ཀ་སླེབས་ཀྱི་ཡོད་པ། ང་ཚོ་ནར་བཏང་བ་ན། ལྟ་འདི་གས་ཡ་གི་ཁོང་ཚོ་ལ་འདི་འདི་ཟེར་འོ། ང་ཚོའི་འོ་ལ་ད་དུང་སྤྱི་ཚོགས་རྙིང་པ་ཞིག་བསྡད་པ་ཟེར། འོ་གློག་མེད་ཟེར་ཡག་གོ་དོན་ལ་བྱས་ན།
  • བྱས་ཙང་དེ་ཚོ་མི་སྒང་ནས་གནང་ཡག་ཞེ་དྲགས་གནང་གི་ཡོད་པ་དེ། དེ་མི་ང་ཚོའི་འཕྱོངས་རྒྱས་ཆ་བཞག་ན་ཡང་འདི་ནོར་སྲིད་དང་དེ་ཚོ་གཞན་དག་ཐོག་ནས་ཁེ་ལས་ཤུགས་ཆེན་པོ་བྱས། འདི་བ་གཏེར་ཁ་ཁག་ཟེར་ཡག་འདྲ་པོ། གཅིག་ཡོང་ས་ཡོང་ཁུངས་གལ་མེད་པ་ན་མི། པད་ཤག་རང་ཤན་འགོ་འཁྲིད་ཀྱིས་བྱས་འཇོན་ཐང་བཏོན་སློང་ཀ་འཐད་བྱས་འོ་འདུག་སེ་ལམ་ཀ་བཟོས་པ་དང་དེ་ཚོ།
  • གཞན་དག་ལྟ་སོ་སོས་འབྲས་བོ་བཟོ་ལྟ་རྒྱག་ན་བྱས་འཇོན་ཐང་བཏོན་འདིའི་ནང་བ་མ་གཏོགས་ཤན་རང་ཁོ་གཏན་འཇགས་རྒྱུ་ནོར་བྱས་ཤུགས་ཆེན་པོ་གལ་མེད་པ་ན། བྱས་ཙང་གྲོང་ཚོའི་འགོ་འཁྲིད་དང་ཤ་སྟག་ཕལ་ཆས་གཡས་གཡོན་ལ་འགྲོའོ། མར་མར་རྩེད་ཐང་མར་ཕྱིན། ་་རྩར་ཕྱིན། དེ་ནས་ཏིག་ཙམ་ཏིག་བྱུང་བ་དང་ཤན་ལ་སྙན་སེང་ཞུས་འོ་འདུག་སེ་སློང་ཀ་ཕྱིན་འདུག་སེ་བྱས། ཤན་ནས་རྒྱབ་སྐྱོར་གནང་ཡག་མི་ཡག་པོ་གནང་བ་ན།
  • དྲི་བ་ལེན་མཁན་
    དགོན་པའི་འདི་ཤིག་ཡོད་པ།
  • སྐྱེས་པ་
    ལགས་འོང་།
  • དྲི་བ་ལེན་མཁན་
    དགོན་པ་ཡ་སྐུ་ཤོག
  • དྲི་བ་ལེན་མཁན་
    ལྟ་དགོན་པའི་འདི་གས་ཨུ་ཚུགས་ཚ་པོ། དགོན་པ་ལའི་ངའི་ངས་དོ་དམ་བཟོ་ལྟ་མང་པོ་བྱས་བ། དགོན་པ་ལ་ཡར་ཡར་ཡིན་ཡག་བྱས་ན་མི་དགོན་པའི་སྔས་མ་ནས་ཡ་གིར་ཡར་དོ་དམ་གནང་ཡག་སྐུ་ཤོག་ཁག་བྱས། དེ་ནས་དགོན་པའི་སྒྲིག་སྲོལ་བཟོ་ལྟ་འདི་དང་འདུག་སེ་བཟོ་ན། དེ་གོང་ལ་ང་མེད་ལ། ཁོང་རྣམ་ཚོ་ཤན་གྱིས་གནང་ཡག་དུང་ཀྲང་པུའུ་[འཐབ་ཕྱོགས་གཅིག་གྱུར་]དེ་ཚོས་བཟོ་གནང་བ་རེད།
  • ལྟ་མཇུག་ལ་འོ་དེ་ཡར་ཡར་ན་ནིང་གཞེས་ཉིན་འདི་པ་ནས་ཡང་འདི་གཅིག་གནང་མི་དགོན་པའི་ཡ་གིར་ཀྲུའུ་རིན་གཙོ་བོ་གཅིག་རིན་པོ་ཆེ་གཅིག་ཡོད་རེད། ལྟ་རིན་པོ་ཆེ་སྙུང་གནང་གཙང་གྲྭ་པ་ཕལ་ཆས་ཕར་ཚུར་ཞེད་སྣང་ཚེར་འཚེར་སྣང་གལ་མེད་པ་བྱས་གཡས་གཡོན་ལ་འཁྱམས་བསྡད། དེ་ནས་འོ་ཡ་གིར་་་འཚོ་ག་ཕྱིན།
  • ལྟ་འོ་འདུག་སེ་གནང་རྒྱུ་མེད་བ་ཟེར། ལྟ་ནང་ནས་འགྲོ་སོང་མ་ཉུང་ཞིག་བཏང་བྱས་ཁྱེད་རྣམ་ཚོས་འདི་གོས་ལོག་དང་ཤ་སྟག་ནང་པ་སངས་རྒྱས་ནམ་བཟའ་འདི་ལ་མི་གཞན་དག་ནང་བཞིན་མི་ཁྲོམ་དང་འདི་པ་ནས་ཉོས་ཆོག་ཆོག་ཞེ་དྲགས་མེད་བ་ཟེར། འདི་སྣ་ཁ་རེ་རེར་འོག་མར་ནས་བཙལ། ནང་ནས་འགྲོ་སོང་འདི་བཏང་བྱས་རི་བོ་མཐོ་པོ་ཞིག་ལ་ཡར་བསྐྱལ་བཞག་བ་ཟེར།
  • ལྟ་འདི་མར་གནང་ནས་འདི་ཡར་ལས་ཁྱེད་རྣམ་གང་གནང་ཡག་ཡིན་ཟེར་བ་མི། ལྟ་གྲྭ་པ་ཟེར་མཁན་དེ་ཆོས་ཡག་མ་གཏོགས་ལྟ་ཆོས་མ་བྱས་པ་བྱས་འཁྱམས་བསྡད་ན་གྲྭ་པ་ཟེར་གྱི་མ་རེད་ཟེར། ལྟ་མི་གྲྭ་པ་ཟེར་མཁན་དེ་ཆོས་བྱས་མཉམ་པོ་བྱང་ཆུབ་སེམས་བྱས་བྱས་ལྟ་མི་གཞན་དག་ལ་གཞན་ཕན་གྱི་ལས་ཀ་བྱས་ཡག་དང་དེ་ཚོ་ཧ་གོ་བ། ལྟ་མི་རྗེ་བཙུན་མི་ལ་དང་དེ་ཚོའི་མི་འཇིག་རྟེན་སྤངས་གནང་བྱས་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་གོ་འཕང་པ་མ་གཏོགས་ཁྱེད་རང་ཚོ་ནང་བཞིན་བྱས་བྱས་མ་ཡིན་ནོ་ཟེར།
  • ཁྱེད་རྣམ་ཚོ་འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་ཕར་བཞག་ནས། དེ་ལས་ཁྱེད་རྣམས་ཚོས་ངས་འདུག་སེ་བལྟས་ན་མི་ངོས་འཛིན་བཟོ་ལྟ་དེ་གཅིག་བདེ་བ་ཅན་གྱི་ཞིང་ཁམས་སླེབས་ཡག་ར་ཅིག་དང་། ཁྱེད་རང་ཚོ་བདེ་བ་ཅན་གྱི་ཞིང་ཁམས་ལ་སླེབས་ཡག་ཡོད་མ་ར་ཅིག་མ་གཏོགས། མང་ཚོགས་མང་ཆེ་བ་དེ་གང་ཡང་མེད་ཟེར།
  • དེ་ནས་མི་སྐྱོ་པོ་དེ་ཚོ་ཆ་བཞག་ན་སྐྱོ་པོ་དེ་ཚོ་ཁྱིམ་ཚང་སྐྱོང་བྱེད་ཡག་སོགས་པ་ཆོས་བྱེད་མཁན་ཞིག་ངོས་ནས་བྱས་ན་མི་བསམ་བློ་གཏོང་དགོས་འདུག་བ་ཟེར། དེ་ནས་འདི་མི་ལྟོ་ཆས་དང་ཤ་སྟག་སྣང་བ་མ་ཕྱིན་ཙང་ཆོས་བྱེད་ཀ་མ་ཕྱིན་པ་བྱས། འོ་ན་མིན་ན་མི་ཆོས་གང་མིན་དེ་མིན་བྱས་འོག་འགྲོ་ཡག་ལ་སོགས་པ། འོ་འདུག་སེ་གནང་མཁན་ཞེ་དྲགས་ཡོད་བ་ཟེར་ཁྱེད་རྣམ་ཚོའི་ནང་ལ།
  • ཁྱེད་རྣམ་ཚོས་མང་ཚོགས་འདོད་བློ་བསྐོང་གནང་མ་ཐུབ་པར་མང་ཚོགས་ཀྱིས་བསམ་འཆར་ཞེ་དྲགས་བཏོན་གྱི་འདུག་གོ་ཟེར། དགོན་པའི་དཔེ་ལུགས་ཡག་པོ་མིན་འདུག་ཟེར་དེ་ནས་རྒྱུ་ཡོད་པ་འདི་གས་འཚང་ཀ་རྒྱག་ནས་འཐད་བྱས། འདི་ནས་ལྟོ་གོས་མེད་པ་འདི་གས་མིག་ལྟ་མ་གནང་ཟེར་གོ་ཟེར།
  • ལྟ་འོ་འདུག་སེ་གནང་བྱས་མ་ང་ལ་ཆ་བཞག་ནའི་ང་ལག་ཤེས་པ་ཞིག་བ་འདའི་ང་ཡང་ཁྱེད་རང་ལའི་ལྷག་པའི་ལས་ཀ་བྱས་བསྡད་ཡོད་ད་ཟེར།
  • དེ་མི་འདི་ཁྱེད་རང་ནང་བཞིན་བྱས་ནང་པ་སངས་རྒྱས་ཀྱི་ནམ་བཟའ་གྱོན། མ་ཎི་བགྲང་། འདྲ་ཆོགས་པོ་བྱས་འདུག་སེ་མེད་འདའི། སེམས་འདིང་ནས་ཁོ་མི་ལྷག་བསམ་རྣམ་དག་མི་མང་ཞབས་འདེགས་ཞུས་བསྡད་ཡོད། གང་བྱས་མི་མང་ཞབས་འདེགས་བྱས་ནའི་ཆ་བ། བྱང་ཆུབ་སེམས་བྱས་ནའི་ཆ་བ།
  • ཁོ་མི་མར་ཁེ་སིའི་དངོས་ཐོག་བདེན་འཚོལ་ཐོག་ནས་ཆ་བཞག་ན་མཐར་ཐུག་དེ་གང་བྱས་གུང་ཁྲན་རིང་ལུགས་ལ་སླེབས་ཀྱི་ཡོད་བ་ཟེར་གྱི་ཡོད་བ་ཟེར། འོ་ནང་རིག་པའི་ཐོག་ནས་ཆ་བཞག་ནའི་མཐར་ཐུག་དེ་བདེ་བ་ཅན་གྱི་ཞིང་ཁམས་ལ་སླེབས་ཀྱི་ཡོད་བ་ཟེར། ཟེར་གྱི་ཡོད་པ་ཟེར།
  • ད་ལྟ་བདེ་བ་ཅན་གྱི་ཞིང་ཁམས་དང་གུང་ཁྲན་རིང་ལུགས་མིང་[མི་གསལ་]ཁོའི་དམིགས་ཡུལ་དེ་ཆེན་པོ་ཞེ་དྲགས་ཡོད་བ་ཟེར། ལྟ་འོ་འདུག་སེ་བྱས་དེ་ནས་བདེ་བ་ཅན་གྱི་ཞིང་ཁམས་བྱས་ནའི་འདྲ། ཁོ་མི་དེ་བདེ་བ་ཅན་གྱི་ཞིང་ཁམས་ཡིན་ནའི་འདྲ་ལ། གུང་ཁྲན་རིང་ལུགས་ཡིན་ནའི་འདྲ་དམིགས་ཡུལ་ཆ་ཆ་རྐྱང་བ་ཟེར། གང་བྱས་བདེ་བ་མ་གཏོགས་སྡུག་བསྔལ་མེད་ཟེར་གྱི་ཡོད་བ་ཟེར།
  • ལྟ་གུང་ཁྲན་རིང་ལུགས་ལ་སླེབས་པ་བྱས་ནས། གུང་ཁྲན་རིང་ལུགས་ལ་སླེབས་སོང་ན་བདེ་བ་མ་གཏོགས་སྡུག་བསྔལ་མེད་ཟེར་གྱི་ཡོད་བ་ཆ་ཆ་རྐྱང་བ་ཟེར། ལྟ་མི་ཁོ་ཆོས་དང་སྲིད་ཀྱི་ཐོག་ནས་ལྟ་བ་མ་འདྲ་ཆགས་བྱས་ལྟ་ཁོ་ཕ་གིའི་ཤེལ་སྒོའི་སྟོང་ཀླད་ཀོར་ཞིག་བརྒྱབ་སོང་ན་ནང་རིག་པའི་ཐོག་ནས་བལྟས་ན་ཀླད་ཀོར་ཕ་གི་རྐྱང་མཐོང་གིས་བྱས་ན་གྲུ་བཞི་མཐོང་གི་ཟེར་བ།
  • མར་ཁེ་སེ་དངོས་ཐོག་བདེན་འཚོལ་ཀྱི་ཐོག་ནས་གང་མཐོང་གི་བལྟས་ན་ཟུར་གསུམ་མཐོང་གིས་ཟེར་བ། ལྟ་བེ་བྱས་ན་ཀླད་ཀོར་སྒོར་སྒོར་སྒོར་རྐྱང་བ་ཟེར། གང་བྱས་ཁོ་ལྟ་བ་མ་མཐུན་པ་བྱས་ད་ལྟ་བར་དུ་འཐབ་རྩོད་དེའི་ནང་ཡོད་བ་ཟེར། ཁ་བྲལ་རིང་ལུགས་ངོ་རྒོལ་བྱས་པ་དང་དེ་ཚོ་ཟེར་ཡག་དང་དེ་གས་གང་བྱས་ལྟ་བ་མཐུན་གྱི་མེད་པ་ཟེར།
  • ཁ་བྲལ་རིང་ལུགས་ངོས་ལས་ཀ་བྱས་ནས་ངོ་རྒོལ་བྱེད་དགོས་ཡག་བ་ཟེར། གང་བྱས་དམངས་གཙོའི་མ་བཏང་གོང་ལ་བོད་མི་ཚོ་ལྟ་སེམས་ཅན་ལྟ་བུ་འཚོ་བ་སྐྱེལ་གྱི་ཡོད་རེད། དེ་དུས་སུ་ཞིག་གིས་ཀྱང་མི་བལྟས་བྱེད་མཁན་ཡོད་མ་རེད་པ་ཟེར།
  • ལྟ་ད་རེས་སང་གུང་ཁྲན་ཏང་གིས་བོད་ལ་བཅིངས་གྲོལ་བཏང་བྱས་གནམ་ས་བླ་འོག་ལྟ་བུའི་འགྱུར་ལྡོག་བཏང་བྱས་མང་ཚོགས་གང་ག་ལྟ་མི་འཚོ་བ་དང་མ་སོང་ནའི་གང་མིན་ཚད་ཆགས་བྱས་ལྟ་དེ་རིང་སང་མི་གང་ག་སྤགས་དང་ང་ཚོ་ཞིང་པའི་སྤགས་བཟས་ཇ་འཐུང་། བ་ཕྱུགས་རྫི་བྱས་བྱས་བྱས་བསྡད་པ། ཡ་གིར་འབྲས་བསིལ་དང་ཤ་སྟག་བཟའ་ཡག་ཡིན་ཟེར་བྱས་ལས་བྱེད་པ་ནང་བཞིན་མང་གང་ག་རྐྱང་སླང་ཕྱིན་འོ་འདུག་སེ་བྱས།
  • རྐྱང་སླང་འགྲོ་ཡག་དེ་གང་ཡིན་ཟེར་ན་འཚོ་བ་ཡར་རྒྱས་ཕྱིན་ཚང་བྱས་བ། གཞན་འཚོ་བ་ཡར་རྒྱས་མེད་ན་ཁོ་གང་སྐམ་པོ་ཡིན་ནའི་འདྲ། ཧྲོབ་ཧྲོབ་ཡིན་ནའི་འདྲ་ད་ག་ཞུས་བ་ཟེར། འོ་འདུག་སེ་བྱས་བྱས་དུས་ཚོད་དེ་ཤར་དུས་ཡང་ "བོད་རང་བཙན་" དང་གཅིག་མ་ཀོག་ཟེར་ཡག་འདི་སུ་ཞིག་སྣང་བ་འགྲོ་གི་མེད་བ་ཟེར།
  • དེ་མི་ཁ་བྲལ་རིང་ལུགས་བཟོ་ལྟ་དཔེ་ཆ་བཞག་ན་དེང་སང་ང་ཚོའི་ལུང་ཆུང་ནང་ད་རེས་སང་ཐོན་མེད་བ་འདའི་གལ་སྲིད་འདོན་པ་ཆ་བཞག་ནའི་ལྟ་ང་མི་གཅིག་ངོས་ནས་བཤད་ན་ངས་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱི་རེད་བ་ལྟ། བྱེད་བ་ལྟ་དུས་རྒྱུན་དུ་ནས་ང་ཡང་དངོས་གནས་དྲང་གནས་ལྟ་ཁོ་འདི་ད་ལྟ་མི་སོ་སོ་རང་ཉིད་ལ་ཆ་བཞག་ན་ད་ལྟ་མི་གང་ལ་གང་འཚམས་འདུག་སེ་ཤར་ཡག་ད་ག་གུང་ཁྲན་ཏང་རང་གི་བཀའ་དྲིན་ཡང་།
  • གུང་ཁྲན་ཏང་བཀའ་དྲིན་བ། ལྟ་མི་དཔེ་ཆ་བཞག་ན་ལག་ཤེས་མི་ཆ་བཞག་ན་སོ་སོ་ལས་ཤེས་ཡོད་ནའི་རྒྱུ་ཆ་དང་དེ་ཚོ་མི་གུང་ཁྲན་ཏང་བཀའ་དྲིན་གྱིས་རྒྱུ་ཆ་དང་དེ་མི་ལྕགས་ཤོག་དགོས་ས་ལྕགས་ཤོག ལྕགས་དགོས་ས་ལྕགས་ཤོག ལྕགས་གང་དགོས་ས་གང་མི་ང་རའི་དངུལ་ཡོད་ན་མི་ཉོས་ཆོག་ཆོག་བ་ན་མི།
  • སྔོན་མ་མི་འདི་མེད་པ་ན། སྤྱི་ཚོགས་རྙིང་པའི་སྐབས་ལ་ཁོ་གང་ཡིན་ཟེར་ན་ལག་རྩལ། ལག་ཤེས་བཟོ་རིགས་འདི་གས་སྡུག་ཅག་བ་ཟེར་བྱས་འོ་ཁོ་ཁ་འདྲེས་པ་དང་། ་་མེད་བ་ཟེར་བྱས། གསར་གཏོད་བྱེད་མཁན་མི་ཞིག་བྱུང་སོང་ན་འདི་ལ་རྒྱ་མིའི་ངོ་འདུག་ཟེར་ཡག བདུད་ཀྱི་ངོ་འདུག་ཟེར་ཡག་ཟེར་བ།
  • དེ་འོ་ཆོས་འདི་གས་ཀྱིས་སྲིད་ཀྱི་ཚབ་བྱས་བྱས་འོ་ལྟ་མི་འདི་གས་མནན། གང་བྱས་རྐང་སྐུབ་ལག་སྐུམ། སྡམ་བཞག་མེད་པ་འདའི་སྡམ་པ་དང་ཁྱད་གང་ཡག་མེད་པ་མི། ལྟ་དཔེ་ཆ་བཞག་ན་ངས་འོ་དེ་དུས་ཙམ་ལ་དགོན་པ་བྱས་པ། དགོན་པ་གནང་ཡག་མི་འདུག་མ་གཏོགས་སྔས་མ་ཡིན་ན་མང་ཚོགས་ཀྱི་ཁང་རྒྱག་འདོད་ཡོད་པ་ཆ་བཞག་བྱས་བྲག་ཕ་གིར་འོག་ལ་གཅིག་འདི་རྡོ་ཡག་པོ་ཞིག་ཡོད་པ་ཡིན་ན། དགོན་པའི་བྲག་འདིའི་ལོགས་ལ་ཁྲ་བཟོ་ལྟ་ཞིག་རྒྱག་ན་དེའི་ལོགས་ལ་ཨོཾ་མ་ཎི་ཟེར་ཡག་ཞིག་ཡི་གེ་ཞིག་བརྒྱབ་ན་འདི་ལྟ་ཡོད་པ་ཟེར་གནང་བ་དང་།
  • ལྟ་བྲག་དེ་གང་བྱས་རྡོ་འདི་གཤག་མི་དགོས་པ་ཟེར། གང་བྱས་ཤིང་སྡོམ་པོ་ར་ཅིག་དེར་རྟགས་དམར་པོ་ཞིག་དང་སེར་པོ་ཞིག་འཐེན་གནང་དེ་རུ་རྒྱལ་པོ་ཡོད་ན། བཙན་ཡོད་པ་ཅིག་གནང་། མི་དེ་ག་གལ་བྱེད་དགོས་པ་ཟེར། བྱས་ཙང་དེ་ཚོ་རྐང་སྐུམ་ལག་སྐུམ་མ་འདི་རུ་མི་མིག་མཐོང་བྱས་བྱས་མེད་པ་འདའི་བཟོས་པ་དང་ཁྱད་གང་ཡང་མེད་པ།
  • ཕ་རུ་ལ་ལྷ་ཡོད་པ་ཟེར་བ། འདི་པ་འདྲེ་ཡོད་པ་ཟེར་བ། དེ་པ་བཙན་ཡོད་པ་ཟེར་བ། ཕུ་རུ་རྒྱལ་པོ་ཡོད་པ་ཟེར་བ། གང་བྱས་དེ་ཚོ་དངོས་གནས། དངོས་གནས་དྲང་གནས་བྱས་ན་ད་རེས་སང་མི་དངོས་ཐོག་བདེན་འཚོལ་བྱེད་དགོས་པ། ལྟ་མི་དེ་མི་མིག་མཐོང་ཡག་མེད་པའི་ཁོ་མི་ལྟ་མི་རྨོངས་དད་བཟོ་ལྟ་བ་ན་མི།
  • ལྟ་ཆོས་རང་ལྟ་ང་ཟེར་ན་བྱས་ཆོག་པ་ཟེར། ཆོས་རང་དེ་བྱས་ཆོག་པ་ཆོས་རང་དེའི་ནང་ལ་སྲིད་དང་མཐུན་པ་ཞེ་དྲགས་ཡོད་བ་ཟེར། ཆབ་སྲིད་དང་མཐུན་པའི་ཡོད་ཙང་ཨཱ་ནི་མི་སྲིད་གཞུང་གིས་ཆོས་གཙང་མ་བྱས་ན་མ་གཏོགས་གནས་མ་དགོས་ཟེར། ཆོས་བྱས་ནའི་ངོས་མོས་བ། མ་བྱས་ནའི་རང་མོས་བ་ཟེར། ཡིན་ནའི་རྨོངས་དད་མ་བྱེད་ཟེར། འོ་རྨོངས་དད་ཟེར་ཡག་དེ་ང་ད་གི་ཟེར་ཡག་དང་ཆ་བ། བག་སྒྲོམ་བཟོས་ཆོག་གི་མེད་བ་ཟེར། དེ་ནས་བག་སྒྲོམ་མ་བཟོས་ན་མི་ཁང་པ་རྒྱག་ཡག་གི་་་ས་ཕག་བརྒྱབ། ཁང་པ་རྒྱག་དགོས་པ་མ་གཏོགས་མེད་པ་ན་མི།
  • དེ་ནས་བག་སྒྲོམ་བཟོ་མ་རུང་པ་བྱས་ན་ཁང་པ་རྒྱག་ཐུབ་ཀྱི་མེད་ན་མི། ལྟ་ཡོས་བརྔོ་ཡག་ཅིག་མི་རྩམ་པ་ཡོས་བརྔོས་བྱས་ཟ་དགོས་པ་འདའི། ཡང་ནང་འཚག་བཟོ་མ་རུང་པ་ཟེར་བ་དེ།