Video Overview
In this video, Jigme talks about the annual propitiatory ritual called “lhasoel” according to the way it is usually performed in the eastern region of Bhutan. This ritual basically consists of an offering to local gods. The procedure takes place with the presence of the sponsor of the ritual and the lama who conducts the ritual. At the end of the ritual, the sponsor thanks the lama through giving him an offering. Jigme explains what the sponsor should say, and how the lama should reply back to him/her.
ལྷ་གསོལ་སྐབས་ཀྱི་བཤད་པ་འདི་ གཞན་ཁ་ལས་ཕར་ ག་དེ་སྦེ་ར་ཡོདཔ་ཨིན་རུང་ མོང་སྒར་ གླིང་མཁར་ལས་ འཇིགས་མེད་ཀྱིས་བཤད་མི་འདི་ ཤར་ཕྱོགས་ལུང་པའི་ལུགས་སྲོལ་བཟུམ་ཅིག་གི་དབང་དུ་བཏང་སྟེ་བཤདཔ་ཨིན་མས། དེ་ཡང་ ལྷ་གསོལ་གྱི་སྐབས་ལུ་ ལྷ་གསོལ་མི་སྦྱིན་བདག་དང་ ཕ་ཇོ་ཟེར་ གོང་ལུ་བཞུགས་མི་གི་རྩ་བའི་བླམ་གི་བར་ནའི་བྱ་རིམ་ཅིག་ཨིན་པས། དེ་ཡང་ ལྷ་གསོལ་ཚར་བའི་ཤུལ་ལུ་ སྦྱིན་བདག་གི་ཁ་ཐུག་ལས་ཡོན་ཕུལ་བའི་སྐབས་ལུ་ སྦྱིན་བདག་གི་ཁ་ཐུག་ལས་ ག་དེ་སྦེ་ཞུ་ནི་ཨིན་ན་དང་ ཕ་ཇོ་གི་ཁ་ཐུག་ལས་ ལོག་སྦྱིན་བདག་ལུ་ལྟ་སྟེ་ག་དེ་སྦེ་གསུང་ནི་ཨིན་ནའི་སྐོར་གྱི་བྱ་རིམ་མམ་ བཤད་པ་བཤད་ཐངས་ཀྱི་སྐོར་ལས་བཤདཔ་ཨིན་པས།
- Lingkhar
- འཇིགས་མེད་/Jigmeང་བཅས་ར་ ལོ་ལྟོར་ལྷ་གསོལ་སྐབས་ ཕ་རྒྱུའམ་སློབ་དཔོན་ཚུ་ལུ་ཡོན་ཟེར་འཕུལ་ནི་ཡོདཔ་ཨིན། དེ་ཡང་ ཆོས་འདི་མཇུག་བསྡུ་ཞིནམ་ལས་ཡོན་ཕུལཝ་ད་ དང་པོ་འབདན་
- འཇིགས་མེད་/Jigmeཡ་ ད་རེས་ རང་གི་རྩ་བ་བླ་མ་འབད་རུང་འདྲ་ སློབ་དཔོན་འབད་རུང་ ཡང་ཅིན་ཆབ་ཆུ་ལེགས་ཤོམ་ཅི་དྲང་མ་ཚུགས།
- འཇིགས་མེད་/Jigmeལ་ལུང་བརྒལ་གྱེན་འཛེག་ ཉལ་ནི་རང་བ་མེད་ བཞུགས་ནི་དུས་ཚོད་མེད་པ་ ཉིན་མ་སྡོད་ནི་དུས་ཚོད་མེད་ ཕྱི་རུ་ཞག་ཉལ་ནི་མེད་པར་ ཡང་ཅིན་ ཆབ་ཆུ་ལེགས་ཤོམ་དྲང་མ་ཚུ་ ཡང་ཅིན་ བཞེས་སྒོ་ལེགས་ཤོམ་དྲང་མ་ཚུགས་ འུ་སྡུག་ཐང་ཆད་ཚར་ཡི་
- འཇིགས་མེད་/Jigmeད་ ན་མེད་ས་མེད་རྒྱས་ཤིང་རྒྱས་པ་སྦེ་མེད་ ཨིན་རུང་ རྟེན་བྲེལ་ཚུལ་ཙམ་གཅིག་ཨིན་ཟེར་ཕར་ཕུལ་འོང་། དེ་ལས་ ལོག་ཕ་རྒྱུའམ་སློབ་དཔོན་གྱི་གནང་འོང་ གནངམ་ད་
- འཇིགས་མེད་/Jigmeརང་གི་ར་ ཁ་བཟང་འབད་བ་ཅིན་ ནང་གི་ཨམ་ན་བྱོན་ ཕ་རྒྱུའམ་སློབ་དཔོན་གྱི་གནང་མས་ཟེར་སླབ་ དེ་ལས་ ཕ་རྒྱུའམ་སློབ་དཔོན་གྱི་ ནད་དང་མུ་གེ་ཐམས་ཅད་ མར་འབདན་ ཆུ་མོ་ལུ་ཙི་གི་རྒྱ་རྡོ་རྗེ་གདན་བྱེམ་མའི་འོག་གནོན་ཡི།
- འཇིགས་མེད་/Jigmeཡར་འབདན་ ཁ་བ་རླུང་ལུ་བསྐྱལ་ བོད་ལྷ་ས་བསམ་ཡས་ཁ་བའི་འོག་ལུ་གནོན་ཡི་ ལོ་གསུམ་གྱི་རིང་ ལུས་ལུ་ན་ཚ་དང་སེམས་ལུ་སྡུག་བསྔལ་མི་འོང་ཟེར་སླབ་འོང་།