01 Sep 2018
5 min 7 sec
Video Overview
Creators:
Monika Subba, Kencho Wangmo
གསར་སྤང་ བདེ་སྐྱིད་གླིང་ལས་ཨིན་མི་ཚེ་རིང་གིས་ གཞུང་སྒྲའི་གླུ་གཞས་ ལྷ་ས་བསམ་ཡས་ཟེར་མི་འདི་འཐེན་ཡོདཔ་ད་ གླུ་གཞས་འདི་ཡང་ འབྲུག་རྒྱལ་ཁབ་ནང་འཁོད་དར་ཁྱབ་ཆེ་ཏོག་ཏོ་སྦེ་མ་འགྱོ་མི་དང་ཕུ་གི་གཞུང་སྒྲའི་གླུ་གཞས་རྙིང་ཤོས་ཅིག་ར་ཨིན་པས། གླུ་གཞས་འདི་ནང་ ཡོངས་གྲགས་ཅན་གྱི་བོད་ལྷ་ས་བསམ་ཡས་དང་མཁར་ཆུ་ དེ་ལས་སྤུ་ན་བདེ་ཆེན་ཚུ་གི་སྐོར་ལས་འཐོན་དོ་ཡོདཔ་ད་ དེ་ཚུ་ནང་བཞུགས་ཏེ་ཡོད་པའི་བླམ་རྩ་ཅན་ཚུ་མཇལ་བར་ལྷོད་པའི་སྐོར་ལས་བཤད་པ་རྐྱབ་སྟེ་འཐེནམ་ཨིན་པས།
Tshering from Jigmeling community sings a Zhungdra song called "Lhasa Sami". It is mostly sung by the Mandey people (Trongsap). The lyrics describe the abbot of Lhasa Monastery, Bumthang Kharchhu and Punakha Dzong.
- Punakha
- Bumthang
- Samyé Gön
- ཚེ་རིང་ཡ་ལྷ་ས་བསམ་ཡས་འཐེན་གེ་ནོ་ང་།
- ཚེ་རིང་ལྷས་ས་བསམ་ཡས་སྣམ་བུ་ལས་ཡོང་སོང། ཤཱཀྱ་མ་ཎི་མཇལ་བ་ལས་ལྷག
- ཚེ་རིང་ཕྲང་བྱུང་མིག་གིས་ལྟོད་མོ་ཡང་མཐོང་སོང། ལྷས་ས་བསམ་ནས་སྒྲིབ་པ་ཡང་དག
- ཚེ་རིང་ལྷོ་བྲག་མཁར་ཆུ་སྣམ་བུ་ལས་ཡང་སོང་། ནམ་མཁའི་སྙིང་པོ་མཇལ་བ་ལས་ལྷག
- ཚེ་རིང་ཕྲང་བྱུང་མིག་གིས་སྟོད་མོ་ཡང་མཐོང་སོང། ལྷོ་བྲག་མཁར་ཆུ་སྒྲིབ་པ་ཡང་དག
- ཚེ་རིང་སྤུང་ཐང་བདེ་ཆེན་སྣམ་བུ་ལས་ཡོང་སོང། ངག་དབང་རྣམ་རྒྱལ་མཇལ་བ་ལས་ལྷག
- ཚེ་རིང་ཕྲང་བྱུང་མིག་གིས་ལྷོད་མོ་ཡང་མཐོང་སོང་། སྤུང་ཐང་བདེ་ཆེན་སྒྲིབ་པ་ཡང་དག །
- ཚེ་རིང་ལགས་སོ།