Skip to main content Skip to search
08 Feb 2016
2 min 40 sec
Rating
0
No votes yet
Video Overview
Creators: 
Duptho, Chimi Wangmo

༉ རྩང་མོ་ལྷ་ས་རི་བོའི་རྩེ་ལས་ཟེར་ དགའ་གླིང་ལས་ ཆོས་སྐྱིད་ཀྱིས་འཐེན་ཏེ་འདུག དེ་སྦེ་ རྩང་མོ་འཐེན་སྲོལ་དེ་ཡང་ ཧེ་མ་འབད་བ་ཅིན་ བུཚ་དང་བུམོ་གི་བར་ན་ རྩང་མོ་འཐེན་ཡི་ར་ གནམ་བསྐོས་བལྟ་བའི་སྲོལ་ཡོདཔ་ཨིན་མས། དེ་མ་ཚད་འགྲན་བསྡུར་འབད་བའི་སྐབས་ལུ་ཡང་ སྡེ་ཚན་གཉིས་སྦེ་བཟོ་ཞིན་ན་ ཕར་ཚུར་དྲིས་ལན་འཇལ་ཏེ་ འཐེན་སྲོལ་ཡོདཔ་ཨིན། ཨིན་རུང་ ད་རེས་ནངས་པར་ དུས་ཀྱི་འཕོ་འགྱུར་དང་གོང་འཕེལ་གྱི་འགྱུར་བ་ལུ་བརྟེན་ཏེ་ དེ་བཟུམ་གྱི་སྲོལ་ཚུ་ ཉམས་དང་ཉམས་བཞིན་དུ་ཡོད། ཁྲོམ་ཁ་ལས་ཕར་ རྩང་མོ་འཐེན་སྲོལ་ཉམས་ཏེ་ར་འབད་རུང་ མཐའ་ཟུར་གྱི་ས་གནས་ཁ་ལས་ཕར་ རེ་རེ་གཉིས་གཉིས་ཀྱིས་འཐེན་དོ་ཡོདཔ་བཞིན་ དགའ་གླིང་ལས་ཆོས་སྐྱིད་ཀྱིས་ རྩང་མོའི་གདངས་ལྷམ་པ་གཉིས་སྦེ་ འཐེན་ཏེ་འདུག།

Show More