Skip to main content Skip to search
02 Feb 2016
6 min 53 sec
Rating
0
No votes yet
Video Overview
Creators: 
Rinzin Dema, Sonam Choden

Wangchuk from Tsento narrates an account of the construction of Lhading Temple. A prophecy by Dro Gyem Pakpa established that his sister, Meto Peldrön, should erect the Lhading Temple. She came to Bhutan accompanied by Druptop Pawo Taksham Chen and looked for a suitable location to build the temple. While staying at Tsangkha Pung, they had auspicious dreams. Though they were not familiar with the route, a donkey carrying their luggage led the way to where the temple is located now. The area was marshy, which made it impossible to lay a foundation for the temple. They recited prayers all night, and the next day, the area had turned into beautiful pasture and the temple could be built.

 

Show More

  • དབང་ཕྱུག: Wangchuk.
    ང་བཅས་ར་ན་གི་དཔལ་ལྡན་འབྲུག་པའི་ཆོས་སྲིད་ཟུང་འབྲེལ་གྱི་རྒྱལ་ཁབ་ནང་འདི་ནང་ འབངས་མི་སེར་ཚུ་ག་ར་དགའ་སྐྱིད་ཕུན་སུམ་ཚོགས་ཏེ་བཞག་ཐབས་ཀྱི་དོན་ལུ་ གཞུང་གི་གོང་འཕེལ་དང་སྲིད་བྱུས་འདི་ཚུ་ ཚུལ་མཐུན་ཏོག་ཏོ་སྦེ་འགྱོ་ནི་དང་ མ་འོངས་པ་ན་ རྒྱལ་ཁབ་གཞན་བཟུམ་སྦེ་བྱ་སྟབས་མ་བདེ་བ་འདི་ཚུ་མ་(མི་)འཐོན་ནིའི་དོན་ལུ་ ང་བཅས་ར་འབྲུག་མི་ག་ར་གིས་ ཅི་དྲག་ཞན་ཆེ་གསུམ་(ཆུང་)མེད་པར་ཕྱག་ཕྱིད་ག་དེ་དྲག་དྲག་ཞུ་ནིའི་དོན་ལུ་ སྤ་རོ་ལྷ་ལྡིང་བཙན་ཏོག་རྒེད་འོག་ གཡུས་ལྷ་ལྡིང་དགོན་པ་ཟེར་བའི་དགོན་པ་འདི་གི་གནས་བཤད་མདོར་ཙམ་ཅིག་ཞུ་ན།
  • དབང་ཕྱུག: Wangchuk.
    དང་པ་ར་ བོད་འགྲོ་མགོན་ཆོས་རྗེ་འཕགས་པ་གིས་ལུང་བསྟན་གནངམ་བཞིན་དུ་ མཁའ་འགྲོ་མེ་ཏོག་དཔལ་སྒྲོན་ལུ་ ཁོ་ར་གི་སྲསམོ་ཨིནམ་ལས་ ཏེ་ཁོ་གིས་མེ་ཏོག་དཔལ་སྒྲོན་ལུ་ འབྲུག་མི་ ང་བཅས་ལྷོ་རབ་(རོང་)མུན་པའི་གླིང་དུ་ ཨེང་་་་་་་ལྷ་ལྡིང་དགོན་པའི་ལྷ་ཁང་གཅིག་བཞེངས་ནི་གི་ལུང་བསྟན་གནང་ཡི་ཟེར་ཞུ་ནི་སྦེ་ཨིན།
  • དབང་ཕྱུག: Wangchuk.
    བླམ་གིས་ལུང་བསྟན་གནངམ་ད་ མཁའ་འགྲོ་མེ་ཏོག་དཔལ་སྒྲོན་གྱིས་ ཕྱག་ཕྱིད་ཞུ་གེ་ཟེར་ གྲུབ་ཐོབ་དཔའ་བོ་སྟག་ཤམས་ཅན་དང་ མཁའ་འགྲོ་མེ་ཏོག་དཔལ་སྒྲོན་གྱིས་ ཏེ་ཕྱག་ཕྱིད་ཞུ་གེ་ཟེར་ ཁོང་གཉིས་ཀུ་གིས་གསོལ་བ་ཡང་ལས་ཡང་དུ་ བླ་མ་གིས་གསོལཝ་བཏབ་བཞིན་དུ་ཁོང་གིས་ཕྱག་ཕྱིད་ཞུ་འདི་ ཏེ་ཡ་ལས་མར་ན་ལུ་ ང་བཅས་འབྲུག་ལུ་ ཏེ་ན་གདན་ས་འདི་ ན་བཞེངས་པ་བྱོན།
  • དབང་ཕྱུག: Wangchuk.
    འབྲུག་ག་ཁ་ཐུག་ཕོག་འོང་ག་གི་ཁོང་གིས་ཡང་ས་གནས་ ཁོང་རང་གིས་དེ་ཅིག་ཁར་ཨིན་ཟེར་མ་པ་ལས་རང་མིན་འདུག་ལགས།
  • དབང་ཕྱུག: Wangchuk.
    ཏེ་ནེ་སྦེ་ཡར་མར་བྱོནམ་ད་ལུ་ མར་ཚང་ཁར་བུང་ཟེར་མི་འདི་ ད་རེས་ང་བཅས་རའི་མིའི་སྐད་རྒྱུད་ལས་ཚང་ཁར་གསང་ཟེར་སླབ་མས་བ་ ཧེ་མ་འབད་བ་ཅིན་ཚང་ཁར་བུང་ཟེར་སླབ་ཨིན་ལགས།
  • དབང་ཕྱུག: Wangchuk.
    ཏེ་འ་ན་ལྷོདཔ་ད་ དགུང་ཞག་འ་མ་བཞུགས་སྦེ་ཏེ་ དྲོ་པ་གནམ་སྣང་སྦེ་མ་ལས་ཡར་ནང་ལུ་གཟིགསཔ་ད་ལུ་ ཏེ་རིའི་སྐད་པ་ལུ་ལྷ་དང་ལྷ་མོ་འདི་ཚུ་ག་ར་ཏེ་འ་ནེ་སྦེ་ མཇལ་ས་འཐོང་ མེ་ཏོག་གི་ཆར་བབས་སྦེ་ དེ་ལས་ཆིབས་བོང་ཀུ་འདི་གུ་ཁལ་བཀལ་འབད་བའི་བསྒང་ལས་ ཆིབས་འདི་གིས་འབད་ཏེ་ མ་ལས་ཡར་ན་གི་ལམ་འདི་ཆིབས་འདི་གིས་སྟོན་སྟོནམ་ཨིན་ ཟེར་བཤདཔ་མས་ དང་ཕུགས་གི་ལམ་འདི་ལགས།
  • དབང་ཕྱུག: Wangchuk.
    ཏེ་ནི་ལས་མ་ལས་ན་ལྷོདཔ་ད་ལུ་ཏེ་ན་ལུ་ ལྷ་ཁང་བཞེངས་ནི་གི་ས་སྒོ་ག་ཏེ་ཡང་མེད་ ས་ག་དེམ་ཅིག་བཅད་རུང་ལྷ་ཁང་བཞེངས་ནི་གི་ས་སྒོ་ལང་མ་ཚུགས་པར་ ཏེ་འདི་ལས་ཏེ་བླ་མ་གིས་ཐུགས་སྨོན་གནང་འདི་གིས་ ད་ཁྱེད་རང་གདན་ས་ག་བཞེངས་ས་ལུ་ཏེ་ཨ་ནི་འབྲུ་འདི་གིས་ ཁོ་གི་ ང་བཅས་འབད་བ་ཅིན་ ས་ཆོག་གི་རབ་གནས་བཟུམ་ཅིག་སྦེ་འ་ནི་འབྲུ་འདི་གཏོར་འ་ནི་བཏུབ་ཟེར་ ཏེ་བླ་མ་གིས་ཡར་ལས་མར་ཐུགས་སྨོན་གནང་མི་གི་ནངས་པར་ གངམ་འདི་ན་མཚོ་ནང་ལུ་ཕུལ་སྦེ་ ཏེ་དྲོ་པ་གནམ་སྣངམ་ད་ཏེ་ ཡར་ལས་མར་ན་བྱོནཔའི་བསྒང་ལས་ཏེ་ ཆུ་འདི་པུ་ར(ག་ར་)མ་ལུ་སིམ་ ལྷ་ཁང་བཞེངས་ནི་ས་སྒོ་རྐྱངམ་ཅིག་ སྤང་ཅིག་ཐོན་ཐོནམ་ཨིན་ཟེར་མས་ལགས།
  • དབང་ཕྱུག: Wangchuk.
    ཏེ་འདི་ལས་ཏེ་ གདན་ས་འདི་ ན་རང་བཞེངས་ ལྷ་ཁང་འདི་ཡང་ག་ར་བསྒྲུབས་སྦེ་ ཏེ་ནི་ལས་ཡར་བོད་ལས་རྟེན་འདི་ཚུ་ཡང་པུ་ར་བཞེངས་འབད་དེ་ ཡར་ལས་མར་རྟེན་ཞུཝ་ད་ ད་ནེ་མའི་གི་རྟེན་ནེམ་ ང་བཅས་ཀྱིས་ཡར་ལས་མར་ན་ལུ་ཏེ་ག་དེ་སྦེ་ གདན་འདྲེན་ཞུ་ཚུགསན་ན་ ཟེར་ཁོང་རང་འ་ནེ་སྦེ་འུར་བྱེལ་འཐབ་ད་ལུ་ ཏེ་ལྷ་དང་ལྷ་མོ་འདི་ཚུ་རྫུ་འཕྲུལ་གྱིས་འབད་སྐད་ཅིག་ཡུད་ཙམ་ཅིག་ལུ་ཏེ་ པུ་ར་(ག་ར་)ན་ལུ་ལྷས་ལྡིང་ལྷ་ཁང་ནང་ལུ་ཞུ་དཔ་ཨིན་ཟེར་མས་ལགས།
  • དབང་ཕྱུག: Wangchuk.
    ཏེ་ད་ལྟོ་ང་བཅས་ར་ན་གི་རྟེན་འདི་ཚུ་བྱིན་རླབས་ཆེ་མི་འདི་པུ་ར་(ག་ར་)བོད་ལས་འཕུར་ཨ་ནེ་སྦེ་ རྫུ་འཕྲུལ་གྱིས་འབད་འཕུར་བྱོན་བྱོནམ་ཨིན་ ཟེར་ཨིན་མས་ལགས།
  • དབང་ཕྱུག: Wangchuk.
    ཏེ་བོད་བཀྲ་ཤི་ལུང་པ་ལས་ཏེ་ ན་གི་ནང་རྟེན་འདི་ག་ལས་ཡང་རྩ་ཆེ་བས་ བོད་བཀྲ་ཤི་ལུང་པ་གི་ ཕར་གྱི་མཁན་པོ་འདི་ཚུ་གིས་ཡང་ བཀའ་འགྱུར་བྲིས་མ་པོ་ཏི་བརྒྱ་དང་དྲུག་ཅུ་རེ་ལྔ་འདི་པུ་ར་(ག་ར་)ལག་པ་གིས་བྲིས་བྲིསཝ་ཨིན་མས་བ་ལགས།
  • དབང་ཕྱུག: Wangchuk.
    ཏེ་འ་ནི་པོ་ཏི་བརྒྱ་དང་དྲུག་ཅུ་རེ་ལྔཔ་འདི་ཡང་ པུ་ར་(ག་ར་)བོད་བཀྲ་ཤི་ལུང་པ་ལས་ན་ལུ་ཞུ་ཕུལ་ ཏེ་ནི་ལས་བརྒྱད་སྟོང་པ་གསེར་ཁྲི་(བྲིས་)གཅིག་ཨ་ནི་བོད་ལས་ བོད་ས་སྐྱ་ལས་ ཨ་ནི་མཁན་པོ་བསོན་ནམས་སྟོབས་རྒྱལ་ཟེར་མི་འདི་གི་ཨའི་ཁོ་རང་གི་ཡུམ་མས་ ཡུམ་བཤགས་སོང་འདི་གིས་ཏེ་ཡུམ་གྱི་སྟེང་ཁ་ལུ་ཁོ་གིས་དགེ་བ་ག་ནི་ཡང་འབད་མ་ཚུགས་པ་ཏེ་ ཁོ་ལག་འབྲི་ལུ་གནམ་མེད་ས་མེད་མཁས་དྲག་ཡོད་དོཝ་མས་ལགས།
  • དབང་ཕྱུག: Wangchuk.
    ཏེ་འདི་ལས་ཏེ་ཨ་ནི་ན་གི་བརྒྱད་སྟོངམ་ ད་རེས་ང་བཅས་ར་ཞུ་འདི་མགུ་ཏོ་ཁར་བཀལ་མི་བརྒྱད་སྟོངམ་འདི་ ཁོ་ར་རྐྱངམ་ཅིག་གིས་འབད་བྲིས་སྦེ་ ཏེ་བོད་ལས་ན་ལུ་ཞུ་འདི་གིས་ན་ལྷ་ཁང་ནང་ལུ་ ད་བོད་བཀྲ་ཤི་ལུང་པ་གི་ཏེ་ནང་རྟེན་ག་ར་ན་ལུ་ཨ་ནི་འབུམ་(བཀའ་འགྱུར་)པོ་ཏི་བརྒྱ་དང་དྲུག་ཅུ་རེ་གསུམ་/ལྔ་དེ་མི་ཅིག་ཡོད་མིའི་གྲལ་ཁ་ལུ་ཁོ་གིས་ འདི་ཡང་ན་ལུ་ཕུལ་སྦེ་ ཁོ་རང་ཁ་གྲིས་རྐྱབ་ཅིག་རྐྱབ་ཅིག་འབད་ ཡར་ལས་མར་ན་ལུ་ ཁོ་ར་གི་ཆོས་འདི་ཡང་ན་ལུ་འབག་འོངམ་ད་ལུ་ ན་ལྷོད་ལྷོད་ངལ་མ་འཚོ་བ་རང་ ཁོ་གིས་ཨ་ནེ་སྦེ་ ན་ལུ་བསྐྱལ་དཔ་ཨིན་ཟེར་མས།
  • དབང་ཕྱུག: Wangchuk.
    ད་ལྟོ་ང་བཅས་ར་ཡར་ཞུ་འབདཝ་ད་ཏེ་ ཨ་ནི་ལྗིད་ཨ་ནི་ཡང་མེདཔ་བཟུམ་སྦེ་ ལ་ལོ་གིས་མགུ་ཏོ་ཁར་བཀལ་ཞིནམ་ལས་ ལས་ཀྱི་སྡིག་པ་ག་ནི་ཡང་མེད་པ་ཨིན་ཟེར་ ན་གི་བརྒྱད་སྟོངམ་འདི།
  • དབང་ཕྱུག: Wangchuk.
    ཏེ་འདི་ལས་ན་གི་གདན་ས་འདི་པུ་ར་(ག་ར་)བཞེངས་ ཏེ་ད་ལྟོ་ང་བཅས་ར་ན་ལུ་ཕ་བརྒྱུད་བུ་བརྒྱུད་སྦེ་ ང་བཅས་ར་སྒེར་གྱིས་འབད་བདག་འཛིན་འབད་དགོ་མི་འདི་ ང་བཅས་ཕམ་ཧེ་མ་གི་འདི་ བླམ་ཀུན་བཟང་གསེས་མི་འདི་ ན་གི་གདན་ས་བཞེངམ་ད་ལུ་ ཏེ་ག་དེ་དྲག་དྲག་ཁོ་གིས་ཞབས་ཏོག་ཞུ་ཞུཝ་མས་ལགས།
  • དབང་ཕྱུག: Wangchuk.
    ཏེ་དེ་ལས་ལྷ་ཁང་དཀོན་གཉེར་འདི་ཡང་ཁྱོད་ཀྱིས་སྦེ་འབད་ ཕ་བརྒྱུད་བུ་བརྒྱུད་སྦེ་ ཏེ་ན་གི་ནང་རྟེན་འདི་ཚུ་ཡང་ཁྱོད་ཀྱིས་བདག་འཛིན་འཐབ་ དཀོན་གཉེར་འདི་ཡང་ཁྱོད་ཀྱིས་འབད་ཟེར་ ད་ལྟོ་ང་བཅས་རང་ཕ་བརྒྱུད་བུ་བརྒྱུད་སྦེ་རང་བདག་འཛིན་འབད་དགོ་མི་འདི་ དང་ཕུགས་བསྒང་ལས་ཨ་ནེ་སྦེ་ བླམ་འདི་ཚུ་ན་གི་ལྷ་ཁང་བཞེངམ་ད་ལུ་ ཏེ་ཕྱག་ཕྱིད་ཞུ་ནི་འདི་གིས་ ཏེ་ལོག་ལྷ་ཁང་རྩིས་སྤྲོད་འ་ནེ་སྦེ་འབད་འབདཝ་མས་གསེས་ཞུ་ནི་ལགས།
  • དབང་ཕྱུག: Wangchuk.
    ཏེ་བར་སྐབས་ཅིག་ལས་ ན་གི་གནས་བདག་དང་ཨ་ནི་རྟེན་ཚུ་པུ་ར་(ག་ར་)ཨ་ནེ་སྦེ་འབད་ཞིན་ན་ ན་གི་ ད་བོད་ད་ལྟོ་ང་བཅས་འབད་བ་ཅིན་ ཡར་བོད་ཨིན་མས་ལགས།
  • དབང་ཕྱུག: Wangchuk.
    བོད་དང་ང་བཅས་ན་གི་དམག་འཁྲུག་ཐོན་འདི་གིས་ལགས། ཏེ་ནི་ལས་ན་གི་རྟེན་གདན་ས་འདི་པུ་ར་(ག་ར་)ཨ་ནེ་སྦེ་སྣུབ་གཏང་ནི་སྦེ་ བོད་ལས་ཨ་ནེ་སྦེ་དམག་འཐོན་འདི་སྦེ་སྣུབ་གཏང་ནི་སྦེ་འབདཝ་ད་ གནས་བདག་ཇོ་བོ་བྲག་མཁསཔ་འདི་གིས་ཏེ་ ན་གི་རྟེན་འདི་པུ་ར་(ག་ར་)ཡར་ཇོ་བོ་བྲག་མཁས་ལུ་ཞུ་ཆི་ཡི་གསེས་ཨིན་མས་ལགས།
  • དབང་ཕྱུག: Wangchuk.
    ན་ལྷ་ཁང་ཚར་གཅིག་སྟོངམ་ཡར་སོང་ནུག་ལགས།
  • དབང་ཕྱུག: Wangchuk.
    ཏེ་ཡར་ཇོ་བོ་བྲག་མཁས་གང་ལུ་ཞུ་སྦེ་ཏེ་ ནི་ལས་ཡར་ལུ་ ད་ལྟོ་ང་བཅས་ར་ཡར་མཇལ་བ་ལྷོད་མ་ཚུགས་པ་ཨིན། གཞན་ཨ་ནི་གྲུབ་ཆུ་དང་ ཏེ་ཡར་གྱི་ཇོ་བོ་དང་རྟེན་འདི་ཚུ་པུ་ར་(ག་ར་)བཞག་ས་གི་ཨ་ནི་བཞུགས་ཁྲི་དང་ཨ་ནི་པུ་ར་(ག་ར་)ཡོད་ལགས།
  • དབང་ཕྱུག: Wangchuk.
    ཏེ་འ་ནི་པུ་ར་(ག་ར་)ད་ལྟོ་ང་བཅས་ར་མཇལ་བ་འགྱོ་བ་ཅིན་མཇལ་ཚུགསཔ་ལགས།
  • དབང་ཕྱུག: Wangchuk.
    གྲུབ་ཆུ་དང་ག་ར་ཡོད་ལགས།
  • དབང་ཕྱུག: Wangchuk.
    ཏེ་ནི་ལས་ཡར་མི་ག་ཡང་ལྷོད་མ་ཚུགས་པར་ ཡར་ལས་མར་ཁརཝ་རྡོ་ཕུག་བཟུམ་ཅིག་ཨང་སྒོར་གང་འདི་མར་སྤ་རོ་རྒྱ་གར་ཐངས་ལུ་བཀོ་དཔ་མས།
  • དབང་ཕྱུག: Wangchuk.
    ཏེ་རྒྱ་གར་ཐངས་ལུ་པུ་ར་(ག་ར་)ཨ་ནེ་སྦེ་ས་ཡུམ་སྦེ་འབད་ད་ རྩིསཔ་གིས་མོ་བཏབ་རྩིས་བཏབ་འ་ནེ་སྦེ་འབདཝ་ད་ ཏེ་ནི་ལས་ཡར་ལུ་གནསཔ་ཁྲོས་ཆི་ནུག་ ཟེར་སླབ་སླབ་མས་ལགས།
  • དབང་ཕྱུག: Wangchuk.
    ཏེ་ཁོང་མ་ལས་སྦེ་ཡར་ལུ་གནསཔ་གསོལ་བ་བྱོནམ་ད་ ན་གི་རྟེན་པུ་ར་(ག་ར་)ཡར་ལུ་ ཨ་ནི་ཇོ་བོ་བྲག་མཁས་གང་ལུ་སྦེ་ལགས་ ཏེ་རྒྱ་གར་ཐང་པའི་མི་འདི་ཚུ་གིས་ ཁོང་ར་ཡར་ལས་མར་རྟེན་པུ་ར་(ག་ར་)ན་ཞུ་བསྐྱལ་ ད་རུང་ལྷ་ཁང་རབ་གནས་ཚར་ཅིག་འབད།
  • དབང་ཕྱུག: Wangchuk.
    ཏེ་ནི་ལས་ཏེ་ ཡར་བོད་ལས་ས་སྐྱ་འགྲོ་བའི་མགོནམ་ཆོས་རྒྱལ་འཕགས་པ་གིས་ ཁོ་རང་ཡང་ན་ལུ་བྱོན་ རབ་གནས་མཛད་ ཏེ་འདི་ལས་ད་རུང་བར་སྐབས་ཅིག་ལས་ཏེ་ ཨ་ནི་རྟེན་རྒྱལ་བ་རིགས་ལྔ་གི་སྐུ་གཅིགཔོ་འདི་ ཡར་བོད་ལུ་ལོག་འཕུར་བྱོན་སོང་ནུག་ལགས།
  • དབང་ཕྱུག: Wangchuk.
    ཏེ་འ་ནི་བོད་ལུ་འཕུར་བྱོན་སྦེ་ ད་ན་གི་རྟེན་པུ་ར་(ག་ར་)འཕུར་བྱོན་ ལྷ་ཁང་ན་ས་སྨུག་སྤུབས་ མིག་གིས་ཡང་མ་མཐོངམ་གི་ཨ་ནེ་སྦེ་ དུས་ཚོད་ལུ་གྱུརཝ་སྦེ་ ཏེ་དཀོར་གཉེར་བླམ་ཀུན་བཟང་འདི་ཆོས་རྗེ་འབྲུག་པ་ཀུན་ལེགས་ཨ་མ་ལུ་མཆོད་་་་་མཆོད་རྟེན་རྐངམ་གཉིསམ་གསེས་ཅིག་ཡོད་པ་ལགས་ཨ་མ་ལུ་གྱེན་གྱི་རྩ་བ་ལུ་ ཏེ་ཨ་མར་མཆོད་རྟེན་བཞེངས་བཞུགསཔ་ད་ ཏེ་མར་བླམ་ལུ་གསོལཝ་བཏབ་ བླ་མ་གིས་མར་ལས་ཡར་ན་བྱོན་པུ་ར་(ག་ར་)རབ་གནས་མཛད་ ད་རུང་ཕྱག་དམ་དང་ག་ཡ་(ར་)མཇལ་ས་ཡོད་མི་འདི་འ་ནི་ཨིན་ལགས།
  • དབང་ཕྱུག: Wangchuk.
    ཕྱག་དམ་ནང་ བླ་མ་གིས་རབ་གནས་མཛད་སྦེ་ བསྐལ་པ་མ་སྟོངས་གི་(ཀྱི་)བར་དུ་བསྟན་པ་ཡུན་རིངམོ་སྦེ་གནས་དགོ་གསེས།
  • དབང་ཕྱུག: Wangchuk.
    ཏེ་ད་རུང་ཨ་ནེ་སྦེ་ཏེ་ ད་རུང་རབ་གནས་ཚར་གཅིག་མཛད་ ཏེ་ནི་ལས་ བླམ་ཇོ་བོ་མི་བསྐྱོད་རྡོ་རྗེ་ཁོ་ར་གི་གསུང་ནང་ལུ་ མཇལ་བ་ལྷོད་ཚུགསཔ་ཙམ་གྱིས་ ངན་སོང་ལུ་མ་བཏང་ས་མ་ཡ་ན་ར་ཀན་གསེས་ ཁོ་རང་གིས་མནའ་བཞེས་སྦེ།
  • དབང་ཕྱུག: Wangchuk.
    ཏེ་རྒྱལ་བ་རིགས་ལྔ་འདི་ཡང་ གསུང་བྱོན་དགོ་མི་འདི་ ད་ལྟོ་ན་གི་ངོ་མ་འདི་འཕུར་བྱོན་སོངཔ་ཨིན་ལགས།
  • དབང་ཕྱུག: Wangchuk.
    ཏེ་ནི་ཧེ་མ་གི་འཕུར་བྱོན་སོང་རུང་ ཤུལ་མ་གི་འདི་ཁོ་རང་སྨན་སྐུ་གིས་འབད་བཞེངས་འབདཝ་ད་ ཧེ་མ་ཡོད་མི་བཞིཔ་འདི་དང་ ཨ་ནི་གསརཔ་འཕུར་བྱོན་མི་འདི་གི་སྐུ་ཚབ་བཞེངས་མི་འདི་སྐུ་ཚད་མཉམ་མ་ཚུགས་པ་ལགས།
  • དབང་ཕྱུག: Wangchuk.
    ཚར་གསུམ་དེ་ཅིག་ ཚར་གཉིས་འདི་ཤུབ་ད་ནུ་ལགས། ཏེ་ད་རུང་གསུམ་དེ་ཅིག་ཤུབ་ནི་སྦེ་ཁོང་རང་བསྟུན་གྲོས་འབདཝ་ད་ལུ་ཏེ་ད་ ནེ་ཚུན་ཚོད་འདི་ཤུབ་མོང་(མི་)དགོ་པས་ ད་ན་གི་རྟེན་འདི་ཁོ་ར་ཚབ་མ་ཁོ་ར་གིས་བཏུབ་ དཀྲོགས་མོང་(མི་)དགོ་པས་ཟེར་ ཁོ་རང་གིས་གསུང་བྱོན་བྱོནམ་ཨིན་ཟེར་མས་ལགས།
  • དབང་ཕྱུག: Wangchuk.
    ཏེ་ད་ལྟོ་ང་བཅས་ར་སྨན་སྐུ་ཨ་ཙི་སྐུ་གཟུགས་ཆུང་ཀུ་སྦེ་ཡོད་མི་འདི་ཁོ་ར་གིས་གསུང་མ་བྱོནམ་ཚུན་ཚོད་ ཁོང་གིས་ཨ་ནེ་སྦེ་ཤུབ་ཅི་ར་བཞེངས་ནི་འདི་གིས་ཏེ་ གསུང་བྱོན་ནི་འདི་གིས་ཏེ་ ད་ལྟོ་འ་ནེ་སྦེ་མ་འདྲཝ་སྦེ་ར་བཞག་བཞགཔ་ཨིན་ཟེར་ འ་ནི་སྦེ་ཨིན་མས་ལགས།
  • དབང་ཕྱུག: Wangchuk.
    ཏེ་ན་གི་ཨ་ནི་གདན་ས་འདི་བཞེངས་ ལོག་མཚོ་འདི་པུ་ར་(ག་ར་)མར་ཨ་ནེ་སྦེ་སིམ་སྦེ་ཚརཝ་ད་ ཏེ་ཇོ་བོ་གི་གཡོན་ཆབ་ཕུལ་ནི་གི་གྲུབ་ཆུ་འདི་ ཨ་ན་མཚོ་གི་འོག་ལས་ ཨ་ན་ལྷ་ཁང་འོག་ལས་རང་ཡོད་ལགས།
  • དབང་ཕྱུག: Wangchuk.
    ཏེ་ན་གི་ལྷ་ཁང་འདི་གདན་ས་བཞེངས་པའི་བསྒང་ལས་རང་ ན་གི་གནས་བདག་ཇོ་བོ་བྲག་མཁས་དང་མཚོ་སྨནམ་ ཏེ་ནི་ལས་ཨ་ནི་ཚུ་གིས་འབད་ཤིང་དང་རྡོ་པུ་ར་(ག་ར་)ཁོང་གིས་ཞབས་ཏོག་ཞུ་འདི་(སྟེ་)གིས་སྦེ་ཏེ་ སྐད་ཅིག་ཡུད་ཙམ་ཅིག་ལུ་རང་ལྷ་ཁང་འདི་བསྒྲུབས་བསྒྲུབས་ཨིན་ཟེར་མས་ལགས།
  • དབང་ཕྱུག: Wangchuk.
    ད་ད་ལྟོ་ང་བཅས་ར་ཨ་ན་གི་གྲུབ་ཆུ་འདི་གྲབ་གྲིབ་པུ་ར་(ག་ར་)ཕན་ཟེར་མི་ཨ་ནི་ལྷ་ཁང་འདི་གི་ ན་གི་མཚོ་འདི་གི་ཆུ་གི་མཇུག་བ་ལགས། ཏེ་ཨ་ན་ལུ་ཇོ་བོ་གི་ཡོན་ཆབ་ཕུལ་ནི་གི་ རིའི་སྐེད་པ་གཞན་ག་ཏེ་ཡང་ཆུ་མེད་ལགས། ཏེ་འ་ན་གི་འདི་ཆུ་འ་ནི་རྐྱངམ་ཅིག་ཏེ་ན་གི་ཨ་ནི་མཚོ་སྨནམ་འདི་གིས་ཏེ་ བདག་འཛིན་འབད་སྦེ་ གྲུབ་ཆུ་འདི་ཨ་ནི་ཨིན་ལགས། ཡོན་ཆབ་ཧེ་མ་ཡོན་ཆབ་ཆུ་འདི་ཨ་མར་ལས་རང་དབོག་ཕུལཝ་མས་ལགས།
  • དབང་ཕྱུག: Wangchuk.
    ཏེ་ད་ལྟོ་ང་བཅས་ར་གི་ཧེ་མ་གི་མི་བརྒྱུད་ ང་བཅས་ཧེ་མ་ཕམ་འདི་ཚུ་གི་བཟའ་ཆུ་ཡང་འ་ན་ལས་འཐུང་ ཏེ་ན་ཇོ་བོ་གི་ཡོན་ཆབ་འདི་ཡང་ཨ་ན་ལས་ཕུལ་སྦེ་ ཏེ་འ་ནེ་སྦེ་འབདཝ་ཨིན་མས་ལགས།
  • དབང་ཕྱུག: Wangchuk.
    གནས་བཤད་མདོར་ཙམ་ཅིག་ཟེར་སླབ་རུང་ གནམ་མེད་ས་མེད་ལེགས་ཤོམ་ཅིག་ཞུ་མི་ཤེས་ ཧེ་ཧེ་ཧེ་་་་།