Video Overview
གླུ་དབྱངས་འདིའི་ནང་དུ་བོད་ཀྱི་སྲོལ་རྒྱུན་གྱི་མི་ཞིག་གི་རིག་གནས་སེམས་ཁམས་མཚོན་པའི་ནང་དོན་འགའ་བཤད་འདུག།
- བྱང་སྐྱབས།གླུ་ཡག་པོ་ལེན་ན་ཡག་པོ་ལེན།།
- གླུ་ཡག་པོ་གོས་ཆེན་རི་མོ་ལེན།།
- གཅིག་ཡག་རུང་རྒྱལ་ཁམས་མི་ཡག་གི།
- ཡག་ཤག་ཤག་གླང་ཟླའི་རྩི་ཏོག་རེད།།
- གླུ་དཀར་པོ་ལེན་ན་དཀར་པོ་ལེན།།
- གླུ་དཀར་པོ་རྐོང་ཆུང་མཆོད་མེ་ལེན།།
- གཅིག་དཀར་རུང་རྒྱལ་ཁམས་མི་དཀར་གི།
- དཀར་ཤག་ཤག་བཅོ་ལྔའི་དུང་ཟླ་ལེན།།
- གླུ་དྲོན་པོ་ལེན་ན་དྲོན་པོ་ལེན།།
- གླུ་དྲོན་པོ་ཨ་འཇམ་ཚ་རུ་ལེན།།
- གཅིག་དྲོ་རུང་རྒྱལ་ཁམས་མི་དྲོ་གི།
- དྲོ་ཤག་ཤག་འཛམ་གླིང་ཉི་མ་རེད།།