Video Overview
གླུ་ཚིག་ཨ་མདོ་ས་ཆའི་རོང་ཁུལ་དུ་ཡོངས་ཁྱབ་ཏུ་སོང་ཡོད་ལ་རྩེད་རིག་གི་དབྱངས་རྟ་འདི་གཅན་ཚ་ས་ཆ་མ་གཏོགས་གཞན་དུ་མང་པོ་མི་ལེན་པ་འདྲ།
- ཨ་རྩེད།
- རྩེ་བཞིན་རྩེ་བཞིན་དགུང་ལ་འགྲོ།
- དགུང་འབྲུག་ཆུང་རྩེ་ན་འུ་གཉིས་རྩེད།
- ཨ་ན་མ་ན་ཤ་རེ་ཟ།
- ཨ་ན་མ་ན་ཆང་རེ་འཐུང་།
- ཆང་འདི་ལྟར་འཐུང་ན།
- ཉམས་དགའ་ལ་སྤྲོ་བསང་།
- ཨ་རྩེད།
- རྩེ་བཞིན་རྩེ་བཞིན་རྫ་ལ་འགྲོ།
- རྫ་འབྲོང་མོ་རྩེ་ན་འུ་གཉིས་རྩེད།
- ཨ་ན་མ་ན་ཆང་རེ་འཐུང་།
- ཨ་ན་མ་ན་ཆང་རེ་འཐུང་།
- ཆང་འདི་ལྟར་འཐུང་ན།
- ཉམས་དགའ་ལ་སྤྲོ་བསང་།
- ཨ་རྩེད།
- རྩེ་བཞིན་རྩེ་བཞིན་ཁྲོམ་ལ་འགྲོ།
- ཁྲོམ་ན་ཟླ་རྩེ་ན་འུ་གཉིས་རྩེད།
- ཨ་ན་མ་ན་ཤ་རེ་ཟ།
- ཨ་ན་མ་ན་ཆང་རེ་འཐུང།
- ཆང་འདི་ལྟར་འཐུང་ན།
- རང་སྤུན་འགྲིག་གཉིས་ཀ་འཁོར་ར་རྩེད།