Video Overview
རྩེད་རིག་འདི་སྟོན་མོ་ཡི་སྐབས་སུ་ལེན་པར་ཧ་ཅང་འཚམས།ཕ་ཨ་ཁུ་དང་ནང་ན་ཟླ་ཚང་མ་གཡས་གྲལ་གཡོན་གྲལ་བྱས་ནས་བསྡད་ཡོད་པ་དེའི་རྣམ་པ་དང་མཛེས་པ་བརྗོད་ཡོད།
- ཨ་རྩེད།
- སྲིང་ཆུང་ཚོ་རྩེ་ལ་ཤོག་ཡ།
- དགུང་སྔོན་པོ་གཡས་གྲལ་གཡོན་གྲལ་རེད།
- སྲིང་ཆུང་ཚོ་རྩེ་ལ་ཤོག་ཡ།
- འབྲུག་བསུ་བ་ཅན་པོ་གདོང་གྲལ་རེད།
- སྲིང་ཆུང་ཚོ་རྩེ་ལ་ཤོག་ཡ།
- ངའི་སྐེད་པ་ཨ་ལུང་འཁྱིལ་འཁྱིལ་བྱེད་ཡ།
- སྲིང་ཆུང་ཚོ་རྩེ་ལ་ཤོག་ཡ།
- ངའི་ལག་པ་གཤོག་པ་རྒྱང་རྒྱང་བྱེད་ཡ།
- སྲིང་ཆུང་ཚོ་རྩེ་ལ་ཤོག་ཡ།
- ཨ་རྩེད།
- སྲིང་ཆུང་ཚོ་རྩེ་ལ་ཤོག་ཡ།
- ནང་ཨ་ཁུ་གཡས་གྲལ་གཡོན་གྲལ་རེད།
- སྲིང་ཆུང་ཚོ་རྩེ་ལ་ཤོག་ཡ།
- ནང་ན་ཟླ་མང་པོ་གདོང་གྲལ་རེད།
- སྲིང་ཆུང་ཚོ་རྩེ་ལ་ཤོག་ཡ།
- ངའི་སྐེད་པ་ཨ་ལུང་འཁྱིལ་འཁྱིལ་བྱེད་ཡ།
- སྲིང་ཆུང་ཚོ་རྩེ་ལ་ཤོག
- སྲིང་ཆུང་ཚོ་རྩེ་ལ་ཤོག